དབྱིན་ཡུལ་ནང་རྒྱ་ནག་གི་གཞུང་ཚབ་འཛུགས་བསྐྲུན་ལས་འཆར་ལ་ངོ་རྒོལ།
རྒྱ་ནག་གིས་དབྱིན་ཡུལ་ནང་གཞུང་ཚབ་ལས་ཁུངས་ཤིན་ཏུ་ཆེན་པོ་ཞིག་རྒྱག་རྒྱུའི་འཆར་གཞི་ཡོད་པར་རེས་གཟའ་སྤེན་པའི་ཉིན་དབྱིན་ཡུལ་ནང་གི་བོད་མི་དང་ཡུ་གུར་བ། ཧོང་ཀོང་བ། ཐེ་ཝན་བཅས་ཀྱི་མང་གཙོ་དོན་གཉེར་བ་སྟོང་ཚོ་མང་པོ་འདུ་འཛོམས་ཀྱིས་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་སྐོར་རྒྱལ་མཚན་ཚེ་རིང་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།