ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

ཤིང་ནགས་ལྐོག་གཅོད་ཀྱི་ཉེས་མིང་འོག་བོད་མི་གསུམ་བཙོན་འཇུག


The Hengduan mountain range in the Garze Tibetan Autonomous Prefecture in souhwestern
The Hengduan mountain range in the Garze Tibetan Autonomous Prefecture in souhwestern

༄༅།། དེ་སྔོན་བོད་ནང་གི་ཤིང་ནགས་རྣམས་གཅོད་འབྲེག་བྱས་ཏེ་རྒྱ་ནག་ལ་སྐྱེལ་འདྲེན་བྱེད་མཁན་གཙོ་བོ་རྣམས་ནི་རྒྱ་ནག་གཞུང་གི་དཔོན་རིགས་ཁག་དང་ཚོང་པ་ཚོ་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་དུ་རྒྱ་ནག་གིས་བོད་ཀྱི་ཤིང་ནགས་ཀྱི་སྲིད་ཇུས་ལ་འགྱུར་བ་བཏང་སྟེ་བོད་ཀྱི་ནགས་ས་མང་པོ་ཞིག་ལ་ནགས་སྲུང་བ་ཟེར་བ་ཞིག་བཞག་ནས་ཟླ་གླ་སྤྲད་དེ་ལྟ་སྲུང་བྱེད་དུ་འཇུག་གི་ཡོད་པ་རེད། ས་གནས་བོད་པ་ཚོར་སོ་སོའིཁང་པ་འཛུགས་སྐྲུན་བྱེད་པར་ཀ་བ་དང་གདུང་མ། འབུད་ཤིང་སོགས་ཀྱང་མི་རག་པའི་དཀའ་ངལ་འཕྲད་བཞིན་པར་མ་ཟད། ལྷག་པར་དུ་ཉེ་ཆར་རྒྱ་ནག་དམར་ཤོག་གཞུང་གིས་ཤིང་ནགས་ལ་སྲུང་སྐྱོབ་དང་མེ་སྐྱོན་སྔོན་འགོག་བྱ་རྒྱུར་ཁ་གཡར་ནས་བོད་ཤར་ཕྱོགས་ཀྱི་ས་ཆ་མང་པོ་ཞིག་གི་བོད་པ་ཚོས་ཤིང་ནགས་གཅོད་མི་ཆོག་པ་དང་ཡུལ་ལྷ་གཞི་བདག་གསོལ་བ་མི་ཆོག་པ། སོ་སོའི་ཁང་ཁྱིམ་ཉེ་འཁྲིས་སུའང་བསང་གསོལ་བྱེད་མི་ཆོག་པ། ཐ་ན་ཁང་པའི་ཉེ་འཁྲིས་སུ་གད་སྙིགས་ཀྱང་བསྲེག་མི་ཆོག་པའི་སྒྲིག་ཁྲིམས་དམ་པོ་ཞིག་བཅའ་བཞིན་འདུག རྒྱ་ནག་གི་གཞུང་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་རྒྱ་ནག་གིས་ཆ་བགོ་བྱས་ཟིན་པའི་སི་ཁྲོན་ཞིང་ཆེན་ཁོངས་ཀྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། དཔལ་ཡུལ་རྫོང་དང་འབའ་ཐང་རྫོང་དུ་ཤིང་ནགས་ལྐོག་གཅོད་ཀྱི་ཉེས་མིང་འོག་བོད་པ་གསུམ་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་པ་རྣམས་ཚེ་རིང་དབང་མོས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG