ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༢/༢༤

ཨུ་རུ་སུས་ཡུ་ཀེ་རན་ནང་མེ་ཤུགས་འཕུར་མདེལ་གྱི་གཏོར་རྒོལ་ཚབས་ཆེ་བྱས་པ།


ཨུ་རུ་སུས་ཡུ་ཀེ་རན་གྱི་རྒྱལ་སའི་ནང་ཡོད་པའི་ཕྲུག་གུའི་སྨན་ཁང་ཨོཀ་མཏ་ཌིཏ་གཙོས་གྲོང་ཁྱེར་འགའ་ཤས་ལ་མེ་ཤུགས་འཕུར་མདེལ་གྱི་གཏོར་རྒོལ་ཚབས་ཆེ་བྱས་ཏེ
ཨུ་རུ་སུས་ཡུ་ཀེ་རན་གྱི་རྒྱལ་སའི་ནང་ཡོད་པའི་ཕྲུག་གུའི་སྨན་ཁང་ཨོཀ་མཏ་ཌིཏ་གཙོས་གྲོང་ཁྱེར་འགའ་ཤས་ལ་མེ་ཤུགས་འཕུར་མདེལ་གྱི་གཏོར་རྒོལ་ཚབས་ཆེ་བྱས་ཏེ

༄༅། །རེས་གཟའ་ཟླ་བ་ཉིན་ཨུ་རུ་སུས་ཡུ་ཀེ་རན་གྱི་རྒྱལ་སའི་ནང་ཡོད་པའི་ཕྲུག་གུའི་སྨན་ཁང་ཨོཀ་མཏ་ཌིཏ་གཙོས་གྲོང་ཁྱེར་འགའ་ཤས་ལ་མེ་ཤུགས་འཕུར་མདེལ་གྱི་གཏོར་རྒོལ་ཚབས་ཆེ་བྱས་ཏེ་ཉུང་མཐར་མི་༢༠ ལ་སྲོག་སྐྱོན་དང་མང་པོར་རྨས་སྐྱོན་བྱུང་འདུག

སྲིད་འཛིན་ཛི་ལན་ས་ཀིས་གཏོར་སྐྱོན་བྱུང་བའི་སྨན་ཁང་འོག་ནས་གསོན་པོར་ལྷག་པ་རྣམས་ཉེན་སྐྱོབ་ཀྱི་ལས་ཀ་མུ་མཐུད་བྱེད་བཞིན་པ་དང་། ད་ལྟའི་འཆར་སྨན་ཁང་དེར་འཆི་རྨས་ཀྱི་གྲངས་འབོར་ཇི་ཡིན་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཅེས་གསུངས་འདུག ཁོང་གིས་མུ་མཐུད་གསུངས་དོན་ལ་ ཨུ་རུ་སུས་མེ་ཤུགས་འཕུར་མདེལ་གང་དུ་འཕེན་ཤེས་ཀྱི་མེད་ཅེས་བརྗོད་ཐུབ་ཐབས་མེད་ཅིང་། ནག་ཉེས་ཀྱི་འགན་འཁུར་ཡོངས་སུ་ལེན་དགོས་པ་ཡིན། ད་ཆ་འཛམ་གླིང་གིས་ཁ་ཁུག་སིམ་པོར་གནས་ཐུབ་ཐབས་མེད་ཅིང་། གནས་ཚུལ་གང་བྱུང་བ་དེ་མཐོང་ཐུབ་པ་གཅིག་རེད་ཅེས་གསུངས་འདུག

ས་གནས་མི་མང་གིས་འགྲེལ་བརྗོད་བྱས་དོན་ལ་ཨུ་རུ་སུས་རེས་གཟའ་ཟླ་ཉིན་ཡུ་ཀེ་རན་གྱི་གྲོང་ཁྱེར་མང་པོར་དུས་གཅིག་ལ་གཏོར་རྒོལ་བྱས་པའི་ནང་རྒྱལ་ས་ཀིཝ་ལ་གཏོར་རྒོལ་བྱས་ནས་མི་༡༠་སྲོག་སྐྱོན་དང་སྡོད་ཁྱིམ་མང་པོ་གཏོར་སྐྱོན་བྱས་འདུག དེ་མིན་གཏོར་རྒོལ་བྱས་པའི་གྲོང་ཁྱེར་གཞན་གྱི་ཁོངས་སུ་སྲིད་འཛིན་ཛི་ལན་ས་ཀིའི་བཞུགས་གནས་གྲོང་ཚོ་ཀིཝ་ རཱི་ལ་གཏོར་རྒོལ་བྱས་འདུག་པ་དེའི་ནང་ཉུང་མར་མི་༡༠་སྲོག་སྐྱོན་དང་གཞན་༣༡ལ་རྨས་སྐྱོན་བྱུང་ཡོད་སྐོར་ས་གནས་དེའི་དམག་མིའི་དཔོན་རིགས་ཚོས་འགྲེལ་བརྗོད་བྱས་འདུག

སྲིད་འཛིན་ཛེ་ལིན་ས་ཀིས་ད་ལམ་འཇིགས་སྐུལ་དྲག་སྤྱོད་པ་ཨུ་རུ་སུས་གྲོང་ཁྱེར་མང་པོར་མེ་ཤུགས་འཕུར་མདེལ་༤༠་ལྷག་འཕངས་ནས་་མི་མང་པོར་སྲོག་སྐྱོན་དང་རྨས་སྐྱོན་བྱུང་འདུག་པ་མ་ཟད། མི་མང་སྡོད་ཁྱིམ་མང་པོར་ཚབས་ཆེའི་གཏོར་སྐྱོན་བྱས་འདུག་ཅེས་འགྲེལ་བརྗོད་བྱས་འདུག

གནས་ཚུལ་ཐོན་པར་གཞིགས་ན་་ཨུ་རུ་སུས་རེས་གཟའ་ཟླ་བའི་མཚན་མོ་ནས་གཏོར་རྒོལ་དེ་འགོ་འཛུགས་བྱས་འདུག་པའི་ནང་གཏོར་ཚབས་ཀྱི་ནུས་པ་ཆེ་བའི་མེ་ཤུགས་འཕུར་མདེལ་ཨིས་ཀན་ཌར་ ཨེམ་དང་ཀེ་ཧེཆ་༡༠༡ རྟགས་ཅན་བེད་སྤྱོད་བྱས་འདུག་ཀྱང་། ཡུ་ཀེ་རན་གྱི་མཁའ་དམག་དཔུང་དཔུང་སྡེས་སྐབས་མཚམས་མཁའ་ཐོག་ནས་ནུས་མེད་བཟོ་ཐུབ་པ་བྱུང་འདུག འོན་ཀྱང་ད་རེས་ཀྱི་གཏོར་རྒོལ་དེ་དག་ཉེ་བའི་ཆར་ཨུ་རུ་སུས་ཡུ་ཀེ་རན་གྱི་ཤར་ཕྱོགས་མངའ་ཁུལ་ལ་བཙན་འཛུལ་བྱེད་ཤུགས་ཆེ་རུ་བཏང་ཡོད་པའི་གྲས་ཞིག་ཡིན་པ་མ་ཟད། ད་དུང་མ་འོངས་པའི་ཟླ་གསུམ་ཙམ་རིང་གཏོར་རྒོལ་གྱི་ནུས་པ་ཆེ་རུ་གཏོང་སྲིད་པའི་གནས་ཚུལ་ཐོན་འདུག

གསར་འགོད་པ། བསྟན་འཛིན་ལྷུན་གྲུབ།

རྩོམ་སྒྲིག་པ་རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG