ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

བཞུགས་སྒར་ཁུལ་གྱི་རྒྱ་གར་དབུལ་ཕོངས་ལ་རོགས་སྐྱོར་ཞུས་པ།


ཉེ་ཆར་ཧི་མ་ཅལ་མངའ་སྡེའི་ནང་དྲག་ཆར་བསྟུད་མར་བབས་པའི་རྐྱེན་གྱི་བཞུགས་སྒར་རྡ་སའི་ཉེ་འཁྲིས་སུ་ཆགས་པའི་Chetru ཆེ་ཏུརུ་ཆུ་འགྲམ་དུ་གཏོང་ལེན་ཚོགས་པའི་ལྟ་སྐྱོང་འོག་རྒྱ་གར་དབུལ་ཕོངས་གྲོང་སྡེར་འགྱིག་ཤོག་གི་སྡོད་གུར་ཆུ་ལོག་གིས་གནོད་འཚེ་ཤུགས་ཆེན་བྱུང་བར་གཏོང་ལེན་སྔོན་འགྲོའི་སློབ་གྲྭ་ཆུང་ཆུང་ཞིག་ཡོད་པ་དེ་ཡང་ཆུས་འཁྱེར་ཡོད་པ་དང་། སྐབས་དེར་གྲོང་མི་༣༠༠ ལྷག་ཛ་དྲག་མྱུར་སྐྱོབ་བྱས་ཡོད་པ་རེད། ད་ལྟའི་ཆར་གནོད་འཚེ་ཕོག་པའི་ཕྱུ་གུ་རྣམས་གཏོང་ལེན་སློབ་གྲྭའི་ནང་བཞག་ཡོད་པ་དང་། གཞན་རྣམས་རྒྱ་གར་གཞུང་གི་སློབ་གྲྭའི་ནང་གནས་སྐབས་རིང་གནས་སྤོས་གནང་ཡོད་པ་རེད། ད་ལྟའི་ཆར་ཛ་དྲག་གི་གནས་སྟངས་ཡོད་ཀྱང་གཙོ་བོ་ཏྰ་ལའི་བླ་མའི་དགེ་རྩ་དང་། རྒྱ་གར་གྱི་ས་གནས་གཞུང་དང་། ཚོགས་སྒེར་སོགས་ཀྱིས་མཐུན་འགྱུར་རོགས་རམ་གནང་མུས་དང་། ཁོང་རྣམས་ལ་གཏན་ཆགས་ཀྱི་སྡོད་སའི་ས་ཆ་འཚོལ་བཞིན་ཡོད་པ་སོགས་ཀྱི་སྐོར་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་གནང་པའི་གནས་ཚུལ་འདི་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG