ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

བོད་པའི་བྱིས་སྐྱོང་ཁང་ལ་རྒྱ་ནག་གི་སློབ་དེབ་བཀྲམ་པ།


Parents raise concern of Chinese Replacing Tibetan Language as Medium of Instruction in TAR
Parents raise concern of Chinese Replacing Tibetan Language as Medium of Instruction in TAR

༄༅།། རྒྱ་ནག་གཞུང་གིས་༢༠༡༩་ལོར་བོད་རང་སྐྱོང་ལྗོངས་ཀྱི་བྱིས་སྐྱོང་ཁང་དེ་དག་ལ་བཀྲམ་པའི་སློབ་དེབ་དེ་རྣམས་རྒྱ་ཡིག་གཅིག་པུ་མ་གཏོགས་མེད་པས་བྱིས་པའི་ཕ་མ་ཚོས་བོད་ཡིག་གི་སློབ་དེབ་མེད་པ་དེར་བློ་འཚབ་དང་བསམ་ཚུལ་བཤད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་ནག་ཆུ་གྲོང་ཁྱེར་གྱི་བོད་པ་མིང་དངོས་སུ་བརྗོད་འདོད་མེད་པ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། བོད་པའི་ཁྱིམ་བདག་ཚོས་བྱིས་སྐྱོང་ཁང་གི་སློབ་དེབ་དེ་ཚོར་འགྱུར་བ་གཏོང་དགོས་ཞེས་བསམ་འཆར་བཤད་ཀྱི་འདུག ༢༠༡༩་ལོར་རྒ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་སུ་གྲོང་ཁྱེར་༦་ཡོད་པ་དེ་དག་གི་བྱིས་སྐྱོང་ཁང་ལ་སློབ་དེབ་ཚང་མ་རྒྱ་ཡིག་ཁོ་ན་འགྲེམ་སྤེལ་བྱས་ཤིང་། ཐོག་མར་སློབ་དེབ་དེ་ཚོ་ཚོད་ལྟའི་ཆེད་དུ་ཡིན་ཞེས་བརྗོད་ཀྱང་ད་ལྟ་གཏན་འཇགས་ཀྱི་སློབ་དེབ་ལ་བསྒྱུར་སོང་། དེར་བརྟེན་བྱིས་པའི་ཁྱིམ་བདག་ཚོས་སློབ་གྲྭའི་དགེ་རྒན་དང་འཛིན་སྐྱོང་གི་ལས་སྣེ་ཚོར་བོད་ཡིག་སློབ་ཁྲིད་བྱེད་དགོས་བའི་རེ་བ་ཞུས་པར་སློབ་དགེ་འཛིན་སྐྱོང་ཁང་གི་ལས་སྣེ་ཚོས་སྲིད་གཞུང་གི་བཀའ་རྒྱ་ལྟར་བྱིས་པའི་རྨང་གཞིའི་ཤེས་ཡོན་རྒྱ་ཡིག་གིས་སློབ་ཁྲིད་བྱེད་དགོས་པ་དང་བོད་ཡིག་སློབ་ཁྲིད་བྱེད་མི་ཆོག་པའི་ཐག་གཅོད་བྱས་སོང་། དེའི་ཕྱིར་ན་བྱིས་སྐྱོང་ཁང་ལ་བྱ་ཐབས་མི་འདུག་ཅེས་ཕ་མ་ཚོའི་བསམ་འཆར་ལ་ལན་འདེབས་བྱས་འདུག

བྱིས་པའི་ཁྱིམ་བདག་ཚོས་རྒྱ་ནག་གཞུང་གིས་བཏོན་པའི་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་སུ་གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་བ་བསྡུ་རྒྱུ་གཙོ་བོར་བཟུང་ནས་སློབ་གྲྭ་དང་འཛིན་གྲྭའམ། ཡང་ན་སློབ་རིམ་སློབ་གསོའི་སྒྲིག་གཞིའི་ཁོངས་སུ་ཆ་རྐྱེན་འཛོམས་པའི་གྲངས་ཉུང་མི་རིགས་ཁག་ལ་རང་གི་སྐད་ཡིག་གི་སློབ་དེབ་སྤྱོད་དགོས་པར་མ་ཟད། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གིས་སློབ་ཁྲིད་བྱ་དགོས་ཞེས་འཁོད་ཡོད་པའི་ཁྲིམས་དང་རྒྱུ་མཚན་བཅས་པ་ས་གནས་འགོ་ཁྲིད་ཚོར་ཞུས། ས་གནས་འགོ་ཁྲིད་ཚོས་མང་ཚོགས་ལ་ལན་འདེབས་གཙོ་བོ་ནི་སྲིད་གཞུང་གི་བཀའ་རྒྱ་ཇི་བཞིན་ལག་བསྟར་བྱེད་ཀྱི་ཡོད། ང་ཚོས་མང་ཚོགས་ཀྱི་མངོན་འདོད་ལྟར་སློབ་དེབ་ལ་འགྱུར་བ་བཏང་ན་ལས་གནས་ཀྱང་བརྟན་སྲུང་བྱེད་ཁག་པོ་རེད་ཅེས་བཤད་ཀྱི་ཡོད་པ་དེ་ལ་བལྟས་ཚེ། རྒྱ་ནག་གཞུང་གིས་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ལག་ལེན་བསྟར་གྱི་མེད་པ་དང་མང་ཚོགས་ཀྱི་རེ་འདུན་སྐོང་གི་མེད་པ་ར་འཕྲོད།།

རྒྱ་གཞུང་གིས་གཏན་འབེབས་བྱས་བའི་བྱིས་སྐྱོང་ཁང་གི་སློབ་དེབ་ནང་དུ་སྐད་ཡིག་དང་སྒྱུ་རྩལ། ཚན་རིག་དང་སྤྱི་ཚོགས་བདེ་ཐང་བཅས་ཀྱི་རི་མོ་མང་པོ་ཞིག་བོད་ལུགས་ལྟར་བྲིས་ཀྱང་བོད་ཡིག་སྣ་གཅིག་མེད་པར་རྒྱ་ཡིག་རྐྱང་རྐྱང་བཀོད་ཡོད་ཅིང་། སྤྱིར་བོད་པ་མང་ཚོགས་ཀྱི་ཤེས་ཡོན་ཆུ་ཚད་ཧ་ཅང་དམའ་བ་དང་དེའི་སྟེང་དུ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཆབ་སྲིད་ཀྱི་འགྲོ་སྟངས་མ་ཤེས་ན་བོད་ཕྲུག་ཚོའི་མདུན་ལམ་དང་འཚོ་བའི་གནས་སྟངས་ལ་འགྱུར་ལྡོག་ཐེབས་ཀྱི་ཡོད་པ་རེད། དཔེར་ན་ཁམས་འབྲི་རུ་ཕྱོགས་སུ་དེང་སྐབས་སྦྲགས་སྐད་བཤད་མཁན་ཇེ་མང་དུ་འགྲོ་བ་དང་བྱིས་པ་སློབ་གྲྭ་ནས་ཐོན་ན་བོད་སྐད་ལས་རྒྱ་སྐད་ལ་གོམས་པ། བོད་སྐད་བཤད་སའི་ཁོར་ཡུག་མེད་པར་འགྱུར་བཞིན་པའི་དཀའ་ངལ་སེལ་ཐབས་སུ་བོད་ཡིག་གི་སློབ་དེབ་འགྲེམ་སྤེལ་བྱ་དགོས་པའི་རེ་འདུན་བཏོན་པ་ཡིན་ཞེས་བརྗོད་ཡོད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG