ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ངོས་འཛིན་དང་གསེར་ཁྲི་མངའ་གསོལ་གྱི་བྱུང་རབས་ཤེལ་དཀར་ཕྲེང་བ་དབུ་འབྱེད།
༧གོང་ས་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་དང་འབྲེལ་བའི་ཐད་ལ་རྒྱ་ནག་གཞུང་གིས་ལོ་རྒྱུས་འཁྱོག་བཤད་ཀྱི་གློག་བརྙན་དང་རྩོམ་ཡིག་ཆེད་བཟོ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རྒྱུད་སྤེལ་བྱེད་བཞིན་ཡོད་པ་དེ་དག་དོན་དངོས་ཀྱི་ལོ་རྒྱུས་ཡིག་ཚགས་དང་མཐུན་གྱི་མེད་པ་སུན་འབྱིན་གྱི་དཔེ་དེབ་གསར་པ་ཞིག་འགྲེམས་སྤེལ་བྱས།