ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༡/༢༥

བྷངྒ་ལ་དེཤའི་རྒྱལ་སའི་ནང་ཟིང་ཆ་བྱུང་རྗེས་མི་ལྔ་བརྒྱ་ལྷག་འཛིན་བཟུང་བྱས།


བྷངྒ་ལ་དེཤའི་རྒྱལ་སའི་ནང་ཟིང་ཆ་བྱུང་རྗེས་མི་ལྔ་བརྒྱ་ལྷག་འཛིན་བཟུང་བྱས།
བྷངྒ་ལ་དེཤའི་རྒྱལ་སའི་ནང་ཟིང་ཆ་བྱུང་རྗེས་མི་ལྔ་བརྒྱ་ལྷག་འཛིན་བཟུང་བྱས།

བྷངྒ་ལ་དེཤ་ནང་གཞུང་གི་ལས་བྱེད་གླ་རྒྱུའི་གོ་སྐལ་དང་འབྲེལ་སློབ་ཕྲུག་ཚོའི་ངོ་རྒོལ་དེ་ཆབ་སྲིད་ཀྱི་གནད་དོན་ལ་གྱུར་ནས་སྲིད་བློན་ཤེཀ་ཧ་སི་ནའི་སྲིད་བློན་གནང་རྒྱུན་རིང་གི་ཆབ་སྲིད་ཀྱི་གནད་དོན་སྡུག་ཤོས་དེ་ཆགས་འདུག

ཡུལ་དེའི་རྒྱལ་ས་ཌཀ་ཀ་སོགས་གྲོང་ཁྱེར་ཁག་ནང་རང་ཁྱིམ་ནས་ཕྱིར་ཐོན་མི་ཆོག་པའི་ཁྲིམས་གཞི་གསལ་བསྒྲགས་བྱས་འདུག་པ་དང་། རེས་གཟའ་ཕུར་བུ་ནས་དམག་མིས་དམ་བསྒྲགས་བྱས་ནས་དྲ་རྒྱ་སོགས་བེད་སྤྱོད་མི་ཆོག་པ་བཟོས་ཏེ། ཕྱི་ནང་གཉིས་ཀྱི་གནས་ཚུལ་གོ་རྒྱུ་མེད་པར་བཟོས་འདུག

ཨེ་ཨེཕ་པི་གསར་ཁང་ལ་ཌཀ་ཀ་གྲོང་ཁྱེར་གྱི་ཉེན་རྟོག་པའི་མགྲིན་ཚབ་བ་ཕ་རུག་ཧོ་སེན་གྱིས་དྲག་ཟིང་དང་འབྲེལ་ནས་ཉུང་མཐར་མི་གྲངས་༥༣༢འཛིན་བཟུང་བྱས་ཡོད་པ་དང་། འཛིན་བཟུང་བྱས་པའི་ཁོངས་སུ་བྷངྒ་ལ་དེཤ་རྒྱལ་ཡོངས་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ཁ་ཤས་ཡོད་ཅེས་བཤད་འདུག

བྷངྒ་ལ་དེཤ་ནང་གཞུང་གི་ལས་བྱེད་ཆགས་པ་ཡིན་ན་འཚོ་བའི་དཀའ་ངལ་མེད་པར་གྱུར་བ་དང་། གཞུང་ཞབས་ཀྱི་ལས་ཀ་ཐོབ་རྒྱུར་ཚང་ཁ་ཡོད་པར་བརྟེན་གཞུང་གི་ལས་བྱེད་ཀྱི་ཐོབ་སྐལ་སྲིད་ཇུས་དེ་དྲང་པོ་མ་རེད་ཅེས་བརྗོད་ནས་སློབ་ཕྲུག་གི་གཙོས་མི་མང་ཚོས་ངོ་རྒོལ་བྱེད་བཞིན་པ་རེད། རེས་གཟའ་ཉི་མའི་ཉིན་ཁྲིམས་ཁང་ཆེན་མོས་ལས་གོ་སྲིད་ཇུས་དེ་ལག་བསྟར་མི་ཆོག་པའི་ཁྲིམས་ཐག་བཅད་ཡོད། འོན་ཀྱང་ཆེས་མཐོའི་ཁྲིམས་ཁང་གིས་གོ་སྐལ་སྲིད་ཇུས་ལག་བསྟར་མི་ཆོག་རྒྱུའི་ཐག་བཅད་པ་དེར་གཙུག་ལག་སློབ་གྲའི་སློབ་ཕྲུག་གི་འགོ་ཁྲིད་ཚོ་འདོད་བློ་མ་ཁེངས་པར་ངོ་རྒལ་རྒྱུན་མཐུད་བྱེད་བཞིན་པ་རེད། ཨེ་ཨིཕ་པི་གསར་ཁང་གིས་ཟིང་འཁྲུག་ནང་ཉེན་རྟོག་པ་ཐེ་བའི་མི་གྲངས་༡༦༣ལ་སྲོག་སྐྱོན་བྱུང་སྐོར་བཤད་འདུག་པའི་གནས་ཚུལ་གྱི་ཁུངས་ངོ་རྒོལ་བྱེད་སར་ཡོད་པའི་ཉིན་རྟོག་པ་དང་སྨན་ཁང་ཡིན་ཞེས་བཤད་འདུགག

ངོ་རྒོལ་བྱེད་མཁན་སློབ་ཕྲུག་གི་སྒྲིག་འཇུགས་ཆེ་ཤོས་ཀྱི་མགྲིན་ཚབ་པས་ཨེ་ཨེཕ་པི་གསར་ཁང་ལ་བརྗོད་དོན། ང་ཚོའི་ངོ་རྒོལ་དེ་གཞུང་ལ་དགོས་འདུན་བཏོན་པ་དེ་དག་ལ་ཁས་ལེན་མ་བྱས་བར་མཚམས་འཇོག་བྱེད་ཀྱི་མིན་ཞེས་བཤད་འདུག

ཨ་རིའི་ཨི་ལི་ནིས་གཙུག་ལག་སློབ་གྲའི་ཆབ་སྲིད་རིག་པ་་དང་བྷངྒ་ལ་དེཤ་སྐོར་མཁས་པ་སློབ་དཔོན་ཨ་ལི་རྱིཛ་གསུངས་དོན་ལ་ བྷངྒ་ལ་དེཤ་ལ་རང་བཙན་ཐོབ་པ་ནས་བཟུང་ད་ལམ་གྱི་གནས་ཚུལ་དེ་ནི་མི་མང་སྡེབ་བསད་བྱས་པའི་གནས་ཚུལ་སྡུག་ཤོས་དེ་ཡིན་པར་ངོས་འཛིན་གནང་གི་ཡོད་ཅེས་གསུངས་འདུག

ཨེ་ཨེཕ་པི་དང་རུའི་ཀྲར་ནས་གནས་ཚུལ་བཏུས།

གསར་འགོད་པ། རྒྱ་རི་རྡོ་རྗེ་ཐོགས་མེད།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG