ཨ་མི་རི་ཀའི་ཊྲམ་སྲིད་གཞུང་གིས་དཔོན་རིགས་ཚོས་གསུངས་གསལ་ལ། ཨ་རིའི་ནང་ཁྲིམས་འགལ་གྱི་ཐོག་ནས་གནས་སྡོད་བྱེད་མཁན་རྒྱ་གར་བ་མང་པོ་ཞིག་ཡོད་པ་ལྟར་རྒྱ་གར་བ་༡༠༤འི་མཚོ་ཁག་དེ་ཁ་ས་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་དམག་མིའི་གནམ་གྲུ་ཞིག་གི་ནང་རྒྱ་གར་ནང་འབྱོར་འདུག
ཨ་རིའི་ནང་ཁྲིམས་འགལ་གྱི་ཐོག་འབྱོར་བསྡད་པའི་རྒྱ་གར་བ་རྣམས་ཡུལ་དེའི་མངའ་སྡེ་འདྲ་མིན་ནས་ཡོང་བསྡད་མཁན་ཡིན་པ་རེད། ཨ་རིའི་ནང་ཁྲིམས་འགལ་གྱི་ཐོག་ནས་གནས་སྡོད་བྱེད་མཁན་རྒྱ་གར་བ་མཚོ་ཁག་ཅིག་ཨ་རིས་རྒྱ་གར་ལ་ཕྱིར་སློག་བྱས་པ་དེ་ནི་ཡུལ་དེའི་སྲིད་བློན་ན་རེནྡྲ་མོ་ལྡི་མཆོག་བདུན་ཕྲག་རྗེས་མ་འདི་ག་རྒྱལ་ས་ཝཱ་ཤིང་ཊན་ནང་ཕེབས་འབྱོར་གནང་གི་ཡོད་པའི་གོང་དེར་བྱས་པ་ཞིག་ཡིན་པ་རེད། ཨ་རིའི་སྲིད་འཛིན་ཌོ་ནཱལྚ་ཊྲམ་དང་རྒྱ་གར་གྱི་སྲིད་བློན་མོ་ལྡི་རྣམ་གཉིས་བདུན་ཕྲག་སྔོན་མ་ཞལ་སྤར་གྱི་ཐོག་ནས་བཀའ་མོལ་གནང་བའི་སྐབས་ཨ་རིའི་ནང་ཁྲིམས་འགལ་གྱི་ཐོག་ནས་གནས་སྡོད་བྱེད་མཁན་རྒྱ་གར་བ་ཚོ་དང་། དེ་བཞིན་རྒྱ་གར་གྱིས་ཨ་མི་རི་ཀའི་འཁྲུག་འཛིང་གནང་གྲུ་ཐེ་བས་སྲུང་སྐྱོབ་ཀྱི་འཁྲུལ་ཆས་ཉོ་དགོས་པ་དང་། དྲང་བདེན་གྱི་ཚོང་འབྲེལ་བྱ་རྒྱུ་གལ་ཆེ་ཡིན་པའི་སྐོར་ལ་བཀའ་མོལ་གནང་ཡོད་པ་དང་། དབུ་འཁྲིད་རྣམ་གཉིས་ཀྱི་བཀའ་མོལ་དེའི་སྐབས་རྒྱ་གར་གྱིས་ཨ་རིའི་ནང་ཁྲིམས་འགལ་གྱི་ཐོག་ནས་གནས་སྡོད་བྱེད་མཁན་རྒྱ་གར་བ་ཚོས་ཕྱིར་ལེན་བྱ་རྒྱུར་མོས་མཐུན་གནང་ཡོད་པ་རེད།
རྒྱ་གར་གྱིས་བཤད་གསལ་ལ་ ཁྲིམས་འགལ་གྱི་ཕྱི་མིའི་གནད་དོན་དེ་ནི་ནག་ཉེས་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡིན་པས་རྒྱ་གར་གྱིས་ཨ་རིའི་ནང་ཁྲིམས་འགལ་གྱི་ཐོག་ནས་གནས་སྡོད་བྱེད་མཁན་རྒྱ་གར་གྱི་མི་སེར་ཚོ་ཕྱིར་སློག་བྱ་རྒྱུར་རྒྱ་གར་གྱིས་ངོ་རྒོལ་བྱེད་ཀྱི་མེད་པ་རེད། ཡུལ་དེའི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་Randhir Jaiswalགྱིས་ཟླ་བ་སྔོན་མ་གསར་འགོད་པ་ཚོར་བཀའ་མོལ་གནང་བའི་སྐབས་ ང་ཚོ་རྒྱ་གར་གྱིས་ཨ་མི་རི་ཀ་ཙམ་མ་ཟད། ཕྱིའི་རྒྱལ་ཁབ་གང་འདྲ་ཞིག་གི་ནང་དུས་ཚོད་དང་བརྒལ་ནས་བསྡད་པའམ། ཡིག་ཆ་མེད་པར་བསྡད་མཁན་ཚོ་ང་ཚོས་ཕྱིར་ལེན་རྒྱུར་གྲ་སྒྲིགས་ཨང་གསར་ཡོད་ཅེས་གསུངས་འདུག
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུང་གིས་བཤད་གསལ་ལ། ཨ་རིས་ཡུལ་འདིའི་ནང་ཁྲིམས་འགལ་གྱི་ཐོག་ནས་གནས་སྡོད་བྱེད་མཁན་རྣམས་བཙན་བཤེད་ཀྱིས་ཕྱིར་འབུད་བྱས་པ་དེས་མི་གཞན་པ་ཚོས་ཨ་རིའི་ནང་ཁྲིམས་འགལ་གྱི་ཐོག་ཡོང་རྒྱུ་དང་། ཆོག་ཆན་མེད་པར་ཁྲིམས་འགལ་གྱི་ཐོག་ནས་གནས་སྡོད་བྱ་རྒྱུ་འགྲིགས་ཀྱི་མེད་པའི་སློབ་གསོ་ཐེབས་ཀྱི་ཡོད་པ་རེད།
རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སྐུ་གཞོན་པ་སྐུ་གཞོན་པ་སྐུ་ཞབས་Kirti Vardhan Singhགྱིས་ཡུལ་དེའི་རྒྱལ་ཡོངས་གྲོས་ཚོགས་ལ་གསུངས་གསལ་ལ་ཨ་རིའི་གཞུང་གིས་ཞི་ནིང་ཕྱི་ལོ་2023དང་སྔ་ལོ་ཕྱི་ལོ་༢༠༢༤འི་ཕྱི་ཟླ་༡༠པའི་དབར་ཨ་རིའི་ནང་ཁྲིམས་འགལ་གྱི་ཐོག་ནས་གནས་སྡོད་བྱེད་མཁན་རྒྱ་གར་བ་༥༡༩རྒྱ་གར་ལ་བཙན་བཤེད་ཀྱིས་ཕྱིར་སློག་བྱས་འདུག་ཅེས་གསུངས་འདུག
ཊྲམ་སྲིད་གཞུང་གིས་ཨ་རིའི་ནང་ཁྲིམས་འགལ་གྱི་ཐོག་ནས་གནས་སྡོད་བྱེད་མཁན་རྣམས་དམག་མིའི་གནམ་གྲུའི་ནང་བླུགས་ཏེ་བཙན་བཤེད་ཀྱིས་ཕྱིར་འབུད་བྱེད་པ་ཐེངས་དང་པོ་ཡིན་པ་རེད། གང་ཡིན་ཞེ་ན། བྷཡེ་ཌེན་སྲིད་གཞུང་གིས་ཁྲིམས་འགལ་གྱི་ཕྱི་མི་རྣམས་ཞི་བའི་གནམ་གྲུའི་བརྒྱུད་ནས་ཕྱིར་སློག་བྱས་ཡོད་པ་རེད།
ཨ་མི་རི་ཀའི་གཞུང་གིས་ད་རེས་རྒྱ་གར་གྱི་ཕྱི་མི་རྣམས་ལག་པར་ལྕགས་ཐག་བརྒྱབས་ཏེ་དམག་མིའི་གནམ་གྲུའི་ནང་འོར་འདྲེན་བྱས་པའི་བརྒྱུད་དམའ་འབེབས་བྱས་ཡོད་པར་རྒྱ་གར་གྱིས་Congressཚོགས་པར་བློ་འགྱོད་བྱུང་ལུགས་གསུངས་འདུག
གླེང་སྟེགས།