ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

བོད་ཀྱི་ཡུལ་ཤུལ་ཁུལ་དུ་དགོན་པ་ཁག་བསྐྱར་དུ་སྒོ་བརྒྱབ་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། བོད་ཀྱི་ཡུལ་ཤུལ་ས་ཁུལ། ཁྲི་འདུ་རྫོང་གི་ཁོངས་སུ་གཏོགས་པའི་ས་གནས་ཁག་གི་དགོན་པ་རྣམས་བསྐྱར་དུ་སྒོ་བརྒྱབ་སྟེ་འགྲོ་འོང་བཀག་སྡོམ་དང་ཏོག་དབྱིབས་རིམས་ནད་བསྐྱར་ལོག་རྒྱག་སྲིད་པར་སྔོན་འགོག་གི་དོགས་ཟོན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཟླ་བ་འདིའི་ཕྱི་ཚེས་༢༣་ཉིན་བོད་ནས་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ཟླ་༦་པའི་ཚེས་༢༠་ནས་བཟུང་སྟེ་ཡུལ་ཤུལ་ཁུལ་གྱི་མངའ་ཁོངས་སུ་ཡོད་པའི་དགོན་སྡེ་ཆེ་ཁག་སྟེ། ལབ་དགོན་པ་དང་ཟིལ་དཀར་དགོན་པ། སྒྲུབ་བརྒྱུད་དགོན་པ་བཅས་ལ་བསྐྱར་དུ་འགྲོ་འོང་བཀག་སྡོམ་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་མཚམས་འཇོག་བྱེད་དུ་བཅུག་ཡོད་ཅིང་། ཐ་ན་དགེ་སློབ་ལྷན་འཛོམས་ཀྱི་དཔེ་ཁྲིད་ཀྱང་མཚམས་འཇོག་བྱས་ཡོད་པར་མ་ཟད། དགོན་པའི་དགེ་འདུན་པ་རྣམས་རང་རང་གི་གྲྭ་ཤག་ཏུ་གནས་སྡོད་བྱ་དགོས་པ་དང་ས་གནས་གཞན་ལ་ཕེབས་མི་ཆོག་པའི་བཀག་རྒྱ་བཟོས་འདུག

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བཤད་པ་ལྟར་ན། ཡུལ་ཤུལ་ཁུལ་དུ་བོད་ཀྱི་དགོན་སྡེ་ཁག་སྒོ་རྒྱག་ཏུ་འཇུག་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་ཏོག་དབྱིབས་ནད་དུག་བསྐྱར་ལོག་བརྒྱབ་སྟེ་ལྟ་ཛ་དྲག་འོག་ཡོད་ཅིང་། དེ་ནས་རིམ་བཞིན་མཚོ་སྔོན་དང་ཐག་ཉེར་ཡོད་པའི་ལན་ཀྲུག་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་བསྐྱར་ལོག་བརྒྱབ་ཡོད་པ་བཅས་ཀྱིས་ཡིན་འདུག རྒྱགཞུང་གི་ལས་བྱེད་པ་ཚོས་མང་ཚོགས་རྣམས་མཉམ་དུ་འདུ་འཛོམས་བྱེད་མི་ཆོག་པ་དང་ཏོག་དབྱིབས་ནད་དུག་བསྐྱར་ལོག་རྒྱག་སྲིད་པར་ཚང་མས་དོགས་ཟོན་བྱ་དགོས་ཞེས་སྒྲོགས་ཀྱི་ཡོད་ཀྱང་རྒྱ་ནག་ལ་ནད་དུག་གི་དཀའ་ངལ་འཕྲད་བཞིན་པའི་གནས་ཚུལ་ངོ་མ་གསལ་བཤད་བྱེད་ཀྱི་མི་འདུག དགོན་པའི་ལས་སྣེ་ཚོས་རྒྱ་ནག་གི་རྒྱལ་ས་པེ་ཅིང་གཙོས་ས་ཁུལ་ཁག་ཅིག་ལ་ནད་དུག་བསྐྱར་ལོག་རྒྱག་གི་ཡོད་པའི་གསལ་བཤད་བྱེད་ཀྱི་འདུག་ཅེས་བཤད།།

བོད་ཀྱི་ཡུལ་ཤུལ་ཁུལ་གྱི་དགོན་སྡེ་ཁང་གིས་རྒྱ་ནག་ནས་རྒྱ་མི་ཡུལ་སྐོར་སྤྲོ་འཆམ་པ་དང་མཆོད་མཇལ་དུ་ཡོང་མཁན་རྣམས་ཀྱང་དགོན་པའི་ནང་ལ་འགྲོ་འོང་བྱེད་མི་ཆོག་པའི་བཀག་སྡོམ་བྱེད་ཀྱི་ཡོད་འདུག གནས་སྐབས་རིང་ས་གནས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཐོན་ཡོད་མེད་གསལ་པོ་ཞིག་མེད་པ་དང་རྒྱ་ནག་ལ་ལོ་འདིར་དུས་ཡུན་ཟླ་བ་གཉིས་ལྷག་གི་རིང་དུ་ཏོག་དབྱིབས་ནད་དུག་གིས་འགྲོ་འོང་བཀག་སྡོམ་བྱས་ཀྱང་རྗེས་སུ་ནད་དུག་བཀག་སྡོམ་ཐུབ་སྟེ་ལྷོད་ཡངས་བཏང་ཞིང་། ད་ལྟ་རྒྱ་ནག་གི་ས་གནས་ཁག་ཏུ་སླར་ཡང་ཏོག་དབྱིབས་ནད་དུག་བསྐྱར་ལོག་རྒྱག་གི་ཡོད་པ་བཅས་ཀྱི་སྐོར། བལ་ཡུལ་ནས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཀུན་བཟང་བསྟངན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ཞིག་གསན་རོགས་གནང་།།

XS
SM
MD
LG