ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

སུད་ཛར་ལན་ཌིར་གསུམ་བཅུའི་དུས་དྲན་ཐེངས་༦༢་པ་སྲུང་བརྩི།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཡུ་རོབ་ཏུ་གསུམ་བཅུའི་དུས་དྲན་ཐེངས་༦༢ པ་སྲུང་བརྩི།

༄༅།། ༢༠༢༡་ཕྱི་ཟླ་༣་པའི་ཚེས་༡༠་ཉིན་ཡུ་རོབ་རྒྱལ་ཁབ་སུད་སི་དང་ལིག་ཏེན་སི་ཊན་བོད་རིགས་མི་མང་གི་སྒྲིག་འཛུགས་དང་ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས། སུད་བོད་མཐུན་གྲོགས་ཚོགས་པ་དང་སུད་སིའི་བོད་ཀྱི་བུད་མེད་ཚོགས་བཅས་ཀྱིས་པའི་བཀོད་སྒྲིག་ལྟར་སུད་སིའི་མངའ་སྡེ་ཇཱི་ཎི་ཝྭ་དང་བྷན། ཛུ་རིག་བཅས་གྲོང་ཁྱེར་ཆེ་ཁག་གསུམ་གྱི་ནང་དུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༢་པ་སྲུང་བརྩི་ཞུས་་ཡོད་པ་རེད། ད་ལོ་ཏོག་དབྱིབས་ནད་དུག་གི་རྐྱེན་པས་སུད་སིའི་གཞུང་གི་སྒྲིག་ཁྲིམས་དང་འཕྲོད་བསྟེན་ལས་ཁུངས་ཀྱི་ལམ་སྟོན་གཞིར་བཟུང་གིས་ས་གནས་ཁག་གི་འཐུས་མི་དང་མི་ཉུང་ཤས་ཤིག་མ་གཏོགས་མཉམ་འཛོམས་ཐུབ་མེད་མོད། འོན་ཀྱང་སུད་སི་དང་ལིག་ཏེན་སི་ཊན་བོད་རིགས་མི་མང་གི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཐུན་མོང་གིས་ཇཱི་ཎི་ཝྭའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༤༦་འཚོགས་བཞིན་པའི་སྐབས་དང་བསྟུན་ནས་ལས་འགུལ་སྤེལ་སོང་།།

ཐེངས་འདིའི་དམིགས་བསལ་སྐུ་མགྲོན་གཙོ་བོ་ནི་ཇཱི་ཎི་ཝྭ་མངའ་སྡེ་གྲོས་ཚོགས་ཀྱི་འཐུས་མི་ཨེ་མན་ནུལ་ཌེ་ཡོ་ན་ཕེབས་ནས་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་དང་བོད་དོན་འཐབ་རྩོད་ཀྱི་གནས་བབ་སོགས་ལ་གཏམ་བཤད་གནང་ཡོད་པར་མ་ཟད། སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་གྱིས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱང་དང་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ལ་ཞུ་གཏུག་གི་ཕྱག་བྲིས་ཤིག་ཀྱང་ཕུལ་སོང་།། དེ་བཞིན་མངའ་སྡེ་བྷན་ནས་ཀྱང་ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱིས་ལས་འགུལ་ཞིག་སྤེལ་ཡོད་ཅེས་ཚོགས་གཙོ་གཞི་སྲས་ཚང་བཀྲ་ཤིས་ཀྱིས་ངོ་སྤྲོད་གནང་བྱུང་། ཛུ་རིག་ཏུ་སུད་སིའི་བོད་ཀྱི་བུད་མེད་ཚོགས་པས་ཛུ་རིག་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་དོན་གཅོད་ཁང་གི་མདུན་དུ་མཁན་རིན་པོ་ཆེ་གཙོས་མཛད་གཙོ་རྣམ་པས་གསུང་བཤད་གནང་སྟེ་ངོ་རྒོལ་སྐད་འབོད་བྱས་འདུག ཛུ་རིག་གྲོང་ཁྱེར་གྱི་བདེ་སྲུང་སྤྱི་ཁྱབ་འགན་འཛིན་མ་རིའོ་ཧྥེར་གྱིས་བོད་དོན་རྒྱབ་སྐྱོར་གྱི་གསུང་འཕྲིན་གནང་ཡོད་པ་རེད།།

གཞན་སུད་སི་གནས་སྡོད་བོད་དོན་འཐབ་རྩོད་པ་བློ་བཟང་དང་གྲོགས་པོ་ཁག་ཅིག་གིས་སྒེར་ངོས་ནས་བོད་དོན་གྱི་མཚན་རྟགས་བསྡུ་རུབ་དང་ཡིག་ཆ་གྲངས་༢༥༠༠་ལྷག་སྤྲགས་ཁང་བརྒྱུད་ནས་རྒྱལ་ཚོགས་ལ་སྙན་ཞུ་ཕུལ་བའི་ལས་འགུལ་ཞིག་སྤེལ་ཡོད་ཅིང་། བོད་པ་ཁག་ཅིག་གིས་དུས་དྲན་སྲུང་བརྩི་ཆེད་རྐང་འཁོར་སྐོར་སྐྱོད་གྱི་ལས་འགུལ་ཞིག་སྤེལ་ཡོད་འདུག་པའི་སྐོར། སུད་སི་ནས་འདི་གའི་གསར་འགོད་པ་ནག་མགོ་ཚང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG