ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

༧གོང་ས་མཆོག་གི་ཞབས་པུས་དྭངས་སྐྱེད་ཀྱི་མྱུར་ཚད་བློ་ཁ་ཚིམ་པ་ཞིག་ཡོད་པ།


ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༢༤ ཉིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནིའུ་ཡོག་མངའ་སྡེའི་བྱང་ཕྱོགས་བཞུགས་གནས་སུ་བསྒྲོན་པ།
ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༢༤ ཉིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནིའུ་ཡོག་མངའ་སྡེའི་བྱང་ཕྱོགས་བཞུགས་གནས་སུ་བསྒྲོན་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་གཤགས་བཅོས་ཀྱི་རྨ་ཁ་སྐུ་ངལ་གང་ཡང་མེད་པར་དྭངས་སྐྱེད་བྱུང་དང་འབྱུང་བཞིན་ཐོག འབྲེལ་ཡོད་ཆེད་ལས་རྣམ་པ་དང་སྐུའི་བླ་སྨན་རྣམ་པ་ཡང་མགོན་པོ་གང་ཉིད་ཀྱི་ཞབས་པུས་དྭངས་སྐྱེད་ཀྱི་མྱུར་ཚད་བློ་ཁ་ཚིམ་པ་ཞིག་འོང་གི་འདུག་ཅེས་དེ་རིང་ཕྱི་ཟླ་ ༧ ཚེས་ ༢༤ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གསལ་བསྒྲགས་སྤེལ་གནང་ཡོད་འདུག


དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་ཚིགས་སྟེང་༧གོང་ས་མཆོག་གི་ཐོན་གསར་ཤོས་ཀྱི་སྐུ་པར་ལྷན་འགྲེལ་བཤད་གནང་པའི་ནང་དུ་ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༢༤ ཉིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནིའུ་ཡོག་མངའ་སྡེའི་བྱང་ཕྱོགས་བཞུགས་གནས་སུ་བསྒྲོན་པ་ཞེས་ཡོད་པ་དང་། ཡང་གསལ་བསྒྲགས་ནང་ཞིབ་ཕྲ་འཁོད་པར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞབས་པུས་གཤགས་བཅོས་མཛད་དེ་ད་ཆ་བདུན་ཕྲག་བཞི་འགྲོ་བཞིན་ཡོད་ཅིང་། ཞབས་པུས་གཤགས་བཅོས་ཀྱི་རྨ་ཁ་སྐུ་ངལ་གང་ཡང་མེད་པར་དྭངས་སྐྱེད་བྱུང་ཡོད། ཞབས་འགུལ་སྐྱོད་སླར་གསོའི་ཆེད་ལས་པ་རྣམས་ནས་ཀྱང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག ཉིན་རེ་ནས་ཉིན་རེ་ཇེ་ལེགས་སུ་ཕེབས་ཀྱི་འདུག་པས། ཁོང་ཚོའི་ངོས་ནས་ཞུས་ན། ཞབས་པུས་དྭངས་སྐྱེད་ཀྱི་མྱུར་ཚད་བློ་ཁ་ཚིམ་པ་ཞིག་འོང་གི་འདུག་ཅེས་བརྗོད་ཀྱི་འདུག སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཁམས་ནི། ངེད་༸སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་དང་༸སྐུ་བཅར་སྨན་པ་ཚེ་དབང་རྟ་མགྲིན་ལགས་གཉིས་ཀྱང་བློ་ཁ་ཚིམ་བཞིན་དུ་གནས་ཡོད་ཅེས་ཞུ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་འདུག

གླེང་སྟེགས།

XS
SM
MD
LG