སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱ་ལོ་དོན་གྲུབ་མཆོག་གི་སྐུ་ཕུང་ཞུགས་འབུལ།
སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱ་ལོ་དོན་གྲུབ་མཆོག་ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༨ ཉིན་དགུང་གྲངས་ ༩༧ ཐོག་སྐུ་ཚེའི་འཕེན་པ་རྫོགས་པ་བཞིན། ཚེས་ ༡༡ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། འབྲས་ལྗོངས་མངའ་སྡེའི་ཆོས་རིག་བློན་ཆེན་བསོད་ནམས་བླ་མ་མཆོག སྐུའི་གཅུང་མོ་སོགས་ཆེད་བཅར་གྱིས་སྐུ་ཕུང་ཞུགས་འབུལ་གནང་ཡོད།