ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༢/༢༤

རྒྱ་གར་ལྷོ་ཕྱོགས་སུ་༧གོང་མཆོག་གི་འཁྲུངས་སྐར་སྲུང་བརྩི།


༄༅།། ཕྱི་ཟླ་༧་པའི་ཚདས་༦་གི་ཉིན་མོ་འདི་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༥་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཡིན་ཞིང་། དུས་རྒྱུན་ལྟར་ན་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་པ་བཙན་བྱོལ་བའི་གཞིས་ཆགས་ཁག་ཏུ་མང་ཚོགས་རྣམས་འདུ་འཛོགས་ཀྱིས་གཞས་སྣ་འཁྲབ་སྟོན་དང་རྐང་རྩེད་པོ་ལོ་འགྲན་བསྡུར་སོགས་འཁྲུང་སྐར་གྱི་བྱེད་སྒོ་ཁག་གཟབ་རྒྱས་ངང་སྤེལ་སྲོལ་ཡོད་མོད། འོན་ཀྱང་ད་ལོ་རྒྱ་ནག་ནས་ཏོག་དབྱིབས་ནད་དུག་ཁྱབ་པའི་སྟབས་ཀྱིས་མང་ཚོགས་རྣམས་དུས་རྒྱུན་ལྟར་ཚོགས་ཐུབ་མེད་ཀྱང་སྒྲིག་འཛུགས་ཁག་དང་སྒེར་པ་སོ་སོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་གྲུབ་པ། བོད་དོན་བདེན་མཐའ་མྱུར་དུ་གསལ་བ་བཅས་ཀྱི་སླད་དུ་མ་ཎི་གྲངས་གསོག་དང་བསང་གསོལ། རླུང་རྟ་སྒྲོན་པ། ཞབས་རིམ་གསོག་སྒྲུབ་སོགས་གནང་བཞིན་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG