སྐུའི་འཁྲུངས་སྐར་སྐབས་མ་ཎི་ཏོག་ཙམ་བགྲང་ཐུབ་ན་ཕྱག་རྟགས་ཡག་ཤོས་དེ་ཡིན་པ་བཀའ་གནང་བ།
ཐེ་ཝན་གྱི་དད་ལྡན་མང་ཚོགས་ཁག་ཅིག་ནས་དེ་རིང་ཕྱི་ཟླ་ ༧་ཚེས་ ༥ ཉིན་ཁུལ་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༥ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་དུས་ཆེན་ཉིན་གཅིག་སྔ་སྣུར་དུ་སྲུང་བརྩི་ཞུས་པའི་སྐབས། ཐེ་ཝན་གྱི་མང་ཚོགས་རྣམས་ལ་མ་འོངས་པ་ན་ཆབ་སྲིད་ཀྱི་གནས་སྟངས་ལ་འགྱུར་བ་སོང་ཚེ་༧གང་ཉིད་མཆོག་ཁུལ་དེར་ཆིབས་སྒྱུར་བསྐྱང་རྒྱུའི་ཐུགས་རེ་བཅངས་བཞིན་ཡོད་པ་དང་། ཚང་མ་བློ་བདེ་པོ་བྱོས་ཞེས་ཐུགས་བརྩེ་བ་ཆེན་པོས་བཀའ་སློབ་གནང་ཡོད།