ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

༧གོང་ས་མཆོག་དང་ཨ་རིའི་གཞུང་འབྲེལ་དཔོན་རིགས་མཇལ་འཕྲད་ལ་རྒྱ་གཞུང་གིས་མི་འདོད་པ།


དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས།

ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་དང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨ་ཛི་ར་ཛི་ཡ་མཆོག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ཟླ་ ༧ ཚེས་ ༨ ནས་ ༡༡ བར་རྒྱ་གར་དང་བྷང་ལ་དྷེ་ཤི་གཉིས་སུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པ་་དང་སྟབས་བསྟུནགྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཇལ་མོལ་གནང་ཡོད་པ་དེར་ལྡི་ལིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ཝང་ཞོའོ་ཅན་གྱིས་འཕྲུལ་སྒྲར་དྲ་ལམ་བརྒྱུད་བོད་ཀྱི་གནད་དོན་དེ་རྒྱ་ནག་ནང་གི་གནད་དོན་ཡིན་པ་ལས། དེ་ལ་ཕྱི་ཕྱོགས་ནས་ཐེ་ཇུས་བྱེད་པའི་ཐོབ་ཐང་མེད་ཅེས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་སྟོན་ཡོད་པ་དེའི་ཐད་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། གལ་ཏེ་རྒྱ་ནག་གཞུང་གིས་བོད་ནང་གི་གནད་དོན་དེ་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ན། བོད་རྒྱ་ཆེའི་མི་མང་གི་མངོན་འདོད་དང་དཀའ་ངལ་སེལ་བར་རྒྱ་ནག་གཞུང་གིས་བོད་རྒྱ་གྲོས་མོལ་ལ་དང་ལེན་བྱེད་དགོས་པའི་སྐོར་བཞུགས་སྒར་ནས་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

XS
SM
MD
LG