བོད་རང་བཙན་གསལ་བསྒྲགས་བསྐྱངས་ནས་ལོ་ངོ་ ༡༡༢ འཁོར་བའི་དུས་དྲན།
རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རང་བཙན་ཡིན་པ་གསལ་བསྒྲགས་བསྐྱངས་ནས་ལོ་༡༡༢ འཁོར་བའི་ཉིན་མོ་དང་བསྟུན། སྤྱི་ཟླ་ ༢ ཚེས་ ༡༣ ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་"བོད་ཡུན་གནས་ཐུབ་དགོས། གོ་ལའི་གླེང་མོལ་ནང་གི་བོད། ནག་སུབ་དང་འགོག་རྒོལ་"ཞེས་པའི་བཞུགས་མོལ་བགྲོ་གླེང་ཞིག་ཚོགས་གནང་སོང་།