ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

ཨ་རིའི་འོས་བསྡུའི་ནང་བོད་པ་དང་རྒྱ་གར་བའི་རྒྱུད་པ་ཞིག་ལ་སན་སི་ཎེ་ཌི་གྲོང་ཁྱེར་སྤྱི་ཁྱབ་ཀྱི་འོས་ཐོབ་པ།


ཨ་རིའི་ཨོ་ཧ་ཡོ་མངའ་སྡེའི་སན་སི་ཎེ་ཌི་གྲོང་ཁྱེར་སྤྱི་ཁྱབ་ཀྱི་འོས་བསྡུའི་ནང་བོད་པ་ཨ་རི་བ་Aftab Pureval ལ་འོས་བསྡུའི་རྒྱལ་ཁ་ཐོབ་འདུག དགུང་ལོ་༣༩ ལ་ཕེབས་པའི་ཁོང་གི་མ་བོད་པ་དང་ཕ་རྒྱ་གར་བ་ཡིན་ཞིང་། ད་རེས་ཨ་རིའི་དམངས་གཙོ་ཚོགས་པའི་འོས་མིའི་ཐོག་ནས་སན་སི་ཎེ་ཌི་གྲོང་ཁྱེར་སྤྱི་ཁྱབ་ཀྱི་འོས་བསྡུའི་ནང་མཉམ་ཞུགས་གནང་པ་ཞིག་ཆགས་ཀྱི་ཡོད། ཨ་རིའི་ནང་འཚར་ལོངས་བྱུང་བའི་བོད་པ་ཞིག་ཨ་རིའི་གྲོང་ཁྱེར་ཆེ་གྲས་ཀྱི་སྤྱི་ཁྱབ་ལ་འོས་འདེམས་བྱུང་བ་འདི་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་ཐོག་མ་ཆགས་ཡོད། ཁོང་གནས་ཡུལ་གྲོང་ཁྱེར་འདིར་མི་འབོར་ས་ཡ་གཉིས་ཙམ་ཡོད་འདུག དེ་སྔ་༢༠༡༨ལོར་ཨ་རིའི་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ནང་མཉམ་ཞུགས་སྐབས་ཁོང་གིས་ང་ནི་བཙན་བྱོལ་པའི་བུ་ཕྲུག་ཅིག་ཡིན། ངའི་ཨ་མ་ནི་བོད་ལ་སྐྱེས་ཤིང་རྨོ་ལགས་དང་ཨ་མ་ལགས་ནི་རྒྱལ་ཁབ་བཞག་ནས་བཙན་བྱོལ་སྐྱོད་དགོས་བྱུང་ཡོད་ཅེས་དང་། ལོ་༡༣ལ་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་མྱོང་ཡོད་པ་དང་བོད་པ་ཨ་རི་བ་ཞིག་དང་རྒྱ་གར་ཨ་རི་བ་ཞིག་ཡིན་པའི་སྤོབས་པ་ཡོད་ཅེས་བརྗོད་མྱོང་འདུག དེའི་སྐབས་ཀྱི་འོས་བསྡུའི་ནང་ཕམ་ཉེས་བྱུང་ན་ཡང་། འདི་ལོའི་གྲོང་ཁྱེར་སྤྱི་ཁབ་ཀྱི་འོས་བསྡུའི་ནང་རྒྱལ་ཁ་ཐོབ་ཡོད།

Aftab Pureval, an American of Indian-Tibetan descent
Aftab Pureval, an American of Indian-Tibetan descent
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG