ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

རྔ་ཡུལ་སྣང་ཞིག་དགོན་པའི་གྲྭ་རིན་ཆེན་ཚུལ་ཁྲིམས་འཛིན་བཟུང་།


༄༅།། ༢༠༡༩་ལོའི་ཕྱི་ཟླ་༨་པའི་ཚེས་༡་ཉིན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་གྲྭ་རིན་ཆེན་ཚུལ་ཁྲིམས་ལ་ལོ་༤་དང་ཕྱེད་ཀའི་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག་ཅེས་བོད་ནང་གི་ཁུངས་ལྡན་གྱི་གནས་ཚུལ་ཤེས་མཁན་མིང་བརྗོད་འདོད་མེད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱུང་ཞིང་། གསར་འགྱུར་མཁོ་སྤྲོད་པས་ཕྱི་ལོ་༢༠༡༩་ལོའི་ཟླ་༨་པའི་ཚེས་༡་ཉིན་རྒྱ་གཞུང་གི་ཉེན་རྟོག་པས་རྔ་བ་རྫོང་གི་ཀོར་མདོ་ཞེས་བའི་ས་གནས་སུ་གྲྭ་རིན་ཆེན་ཚུལ་ཁྲིམས་འཛིན་བཟུང་བྱས་པ་རེད། འཛིན་བཟུང་བྱས་པའི་སྐབས་སུ་གྲྭ་པ་གཞན་པ་ཁ་ཤས་ཀྱང་མཉམ་དུ་འཛིན་བྱས་སོང་། ཡིན་ནའང་གྲྭ་པ་དེ་ཚོར་ཉི་མ་རེ་ཟུང་ལ་འདྲི་གཅོད་བྱས་པའི་རྗེས་སུ་གློད་གྲོལ་བཏང་བ་དང་གྲྭ་རིན་ཆེན་ཚུལ་ཁྲིམས་མུ་འཐད་དུ་བཀག་ཉར་འོག་བཞག་འདུག དེ་ནས་ལོ་འདིའི་ཕྱི་ཟླ་༣་པའི་ཚེས་༢༦་ཉིན་རྒྱ་ནག་གཞུང་གིས་གྲྭ་རིན་ཆེན་ཚུལ་ཁྲིམས་ལ་ལོ་བཞི་དང་ཕྱེད་ཀའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་སོང་། ཁོང་གིས་ཁྱིམ་མི་རྣམས་ལ་བརྡ་ལན་ཞིག་འབྱོར་ཡོད་པ་དེར་རིན་ཆེན་ཚུལ་ཁྲིམས་ལ་ཁྲིམས་ཐག་བཅད་པ་ཡིན། ཁྱེད་ཚོ་བཟའ་མི་རྣམས་ཐུག་འཕྲད་བྱེད་དུ་ཡོང་ཆོག ཐོག་མར་རྔ་བ་རྫོང་ཉེན་རྟོག་ཁང་ལ་འབྲེལ་བ་བྱོས་ཞེས་བཀོད། འོན་ཀྱང་རིན་ཆེན་ཚུལ་ཁྲིམས་ལ་བཙོན་འཇུག་གི་ཁྲིམས་ཐག་གཅོད་དགོས་པའི་གནད་དོན་ཅི་ཡིན་བཀོད་མེད་པ་རེད།།

རྒྱ་གཞུང་གིས་ཕྱི་ཟླ་༣་པའི་ཚེས་༢༦་ཉིན་རིན་ཆེན་ཚུལ་ཁྲིམས་ཀྱི་བཟའ་མི་ཚོར་བརྡ་ཞིག་བཏང་སྟེ་དོ་བདག་ཁྲེན་ཏུའུ་གྲོང་ཁྱེར་གྱི་ས་གནས་ཞིག་གི་བཙོན་ཁང་དུ་བཅུག་ཡོད་ཅེས་བཤད་ཀྱང་ས་གནས་གང་ཡིན་གསལ་པོ་ཞིག་ཤེས་ཀྱི་མི་འདུག་ཅེས་བརྗོད་སོང་། རྒྱ་ནག་གཞུང་གིས་གྲྭ་རིན་ཆེན་ཚུལ་ཁྲིམས་ལ་ནག་ཉེས་ཅི་ཞིག་བཙུགས་ཡོད་མེད་ཀྱང་གསལ་བཤད་མ་བྱས་པར་ལོ་གཅིག་དང་ཟླ་བ་༦་ལྷག་འགོར་འདུག་པར་མ་ཟད། ད་ལྟ་ཁོང་གང་དུ་ཡོད་མེད་དང་གནས་སྟངས་ཅི་ཡིན། བཙོན་ཁང་གང་དུ་བཅུག་ཡོད་མེད་རྣམས་གནས་སྐབས་རིང་གསལ་ཁ་མེད་པར་གྱུར་འདུག

བོད་ནང་གི་གནས་ཚུལ་འབྱུང་ཁུངས་གཞན་ཞིག་གིས་གྲྭ་རིན་ཆེན་ཚུལ་ཁྲིམས་ནི་ཁཱ་ཤུལ་སྡེ་བའི་གཉེར་བ་ཚང་ཞེས་ཞིང་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ད་ལྟ་རང་ལོ་༢༩་ལ་སོན་ཡོད་པ་དང་ལོ་༦་ནས་རྔ་ཡུལ་གྱི་བོན་དགོན་ཆེ་ཤོས་སྣང་ཞིག་དགོན་པར་ཆོས་ཞུགས་བྱས་ཏེ་སྔགས་ཀྱི་འཛིན་གྲྭ་ཐོན། ཁོང་གི་ཕ་མིང་ལ་བཀྲ་ཤིས་དོན་གྲུབ་དང་ལོ་༦༨་ཡིན་ཞིང་། མ་མིང་ལ་མཚོ་མོ་ཟེར་བ་དང་ལོ ༥༧་ཡིན་འདུག ཁོང་ལ་ཀུན་བཟང་སྒྲོལ་མ་ཚུད་པའི་ཕ་མ་གཅིག་གི་སྤུན་མཆེད་༥་ཡོད་ཅིང་། ༢༠༡༨་ལོར་རྒྱ་གཞུང་གིས་གྲྭ་རིན་ཆེན་ཚུལ་ཁྲིམས་ལ་ཁ་པར་བརྒྱུད་ནས་བོད་ཕྱི་ཕྱོགས་སུ་བོད་དོན་གླེང་སློང་བྱས་པའི་ནག་ཉེས་བཙུགས། ཁོང་གི་ནུ་བོ་ནོར་བུ་ཚེ་རིང་ཡང་ཐེངས་གཉིས་ལ་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG