ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

ཉི་ཧོང་གི་ལས་སྣེ་ཚོ་པེ་ཅིང་གི་རྩེད་འགྲན་མཛད་སྒོར་ཞུགས་རྒྱུའི་འབོད་སྐུལ།


༄༅།། རྒྱ་ནག་གཞུང་གིས་ཉི་ཧོང་གི་ཕྱི་འབྲེལ་མི་སྣ་ཚོ་པེ་ཅིང་ལ་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་ཀྱི་ཡོད་པ་དེའི་མཛད་སྒོ་སོགས་ལ་མཉམ་ཞུགས་བྱེད་པའི་རེ་བ་ཡོད་ཅེས་འབོད་སྐུལ་ཞུས་ཡོད་ཅིང་། ཨ་མི་རི་ཀ་གཙོས་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཁག་ཅིག་གིས་རང་རང་གི་ཕྱི་འབྲེལ་མི་སྣ་ཁག་པེ་ཅིང་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་མཛད་སྒོ་སོགས་ལ་མཉམ་ཞུགས་བྱ་རྒྱུ་བཀག་འགོག་བྱེད་དགོས་པའི་བསམ་ཞིབ་བྱེད་བཞིན་ཡོད་པས་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གིས་ཉི་ཧོང་ལ་འབོད་སྐུལ་ཞུས་འདུག་པའི་སྐོར། ཉི་ཧོང་གི་ཁིའོ་དྷོ་གསར་འགྱུར་ལས་ཁང་སོགས་ཀྱིས་སྤེལ་བའི་གནས་ཚུལ་ཞིག་ཀུན་བཟང་སྒྲོལ་མས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།


XS
SM
MD
LG