ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

རྒྱ་ནག་གི་དམག་དང་ཞིས་ཅིན་ཕིང་གི་དབང་ཚད་ཆེ་རུ་བཏང་བ།


༄༅།། རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་རྒྱལ་སྲུང་བཅའ་ཁྲིམས་གསར་པ་དེ་ཕྱི་ཟླ་དང་པོའི་ཚེས་༡་ཉིན་དངོས་སུ་ལག་ལེན་བསྟར་འགོ་ཚུགས་ཡོད་ཅིང་། རྒྱ་ནག་གིས་བཟོ་བཅོས་བརྒྱབ་པའི་རྒྱལ་སྲུང་བཅའ་ཁྲིམས་གསར་པ་དེར་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་དང་རྒྱ་ནག་གི་ཁེ་ཕན་སྲུང་སྐྱོབ། དམག་འཁྲུག་གི་ཛ་དྲག་དུས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་བསྟུན་མི་དགོས་པར་དབུས་དམག་དོན་ལྷན་ཁང་གིས་རྒྱ་ནག་རྒྱལ་ཡོངས་སུ་དམག་སྐུལ་བྱེད་ཆོག་ཅེས་ཞིས་ཅིན་ཕིང་དང་རྒྱ་ནག་གི་དམག་གི་དབང་ཚད་ཆེ་རུ་བཏང་ཡོད་པའི་སྐོར། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG