ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

རྫ་དབོན་པོ་དགོན་གྱི་དགེ་འདུན་པ་གསུམ་མ་གཏོགས་གཞན་རྣམས་གློད་གྲོལ།


༄༅།། ཉེ་ཆར་བོད་ནང་གི་རྫ་ཆུ་ཁ། རྫ་སྨད་རྫ་དབོན་པོ་དགོན་པའི་དགེ་འདུན་པ་མང་པོ་ཞིག་སྔ་ཕྱིར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པའི་ཁོངས་ནས་མི་གསུམ་མ་གཏོགས་གཞན་རྣམས་གློད་གྲོལ བཏང་བའི་གནས་ཚུལ་ཐོན་འདུག ད་ལྟ་གསར་དུ་བོད་ནས་མིང་བརྗོད་འདོད་མེད་པ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པར་གཞིགས་ན། ལོ་འདིའི་ཕྱི་ཟླ་༨ པ་དང་༩་པའི་ནང་དུ་རྒྱ་ནག་གཞུང་གིས་རྫ་དབོན་པོ་དགོན་པའི་དགེ་འདུན་པ་དང་སྡེ་མི་བཅས་སེར་སྐྱ་མང་པོ་ཞིག་འཛིན་བཟུང་བྱས་བའི་གྲས་ཀྱི་་མི་ཕལ་ཆེ་བ་ཕྱི་ཟླ་༩་པའི་ཚེས་༢༣་ནས་༢༧་བར་དུ་གློད་གྲོལ་བཏང་ཡོད་ཀྱང་དགེ་འདུན་པ་གསུམ་གློད་གྲོལ་བཏང་མི་འདུག བོད་པ་དེ་ཚོ་བཀག་ཉར་བྱས་པའི་རིང་དེར་ཟ་མ་ཡག་པོ་མི་སྤྲོད་པ་དང་རྡུང་རྡེག ཁ་པར་སྔོག་གཤེར་གྱིས་དྲྭ་གྲོགས་རེ་རེ་བཞིན་སུ་ཡིན་དང་འབྲེལ་བ་ཅི་ལྟར་བྱུང་བ་སོགས་འདྲི་རྩད། ལྷག་པར་དུ་དགེ་འདུན་པ་རྣམས་བཀག་ཉར་རིང་དུ་ཉིན་ལྟར་དམག་སྦྱོང་ལ་ཞུགས་དགོས་ཀྱི་འདུག དམག་མིའི་འགྲོ་སྟངས་བསླབས་ཏེ་དམག་མིའི་འགྲོ་སྟངས་མ་ཤེས་ན་རྡུང་རྡེག་ཚད་མེད་གཏོང་བ། དེ་བཞིན་རྒྱལ་ནག་གི་རྒྱལ་གླུ་ལེན་དུ་བཅུག་པ་དང་རྩ་ཚིག་ཁག་སྐྱོར་སྦྱོང་སོགས་ཀྱི་དཀའ་སྡུག་མང་པོ་ཞིག་མྱངས་དགོས་བྱུང་འདུག་ཅེས་བཤད།།

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བཤད་པ་ལྟར་ན། ད་དུང་བཀག་ཉར་འོག་ཏུ་ཚུད་ཡོད་པའི་དགེ་འདུན་པ་གསུམ་ནི་ཕྱི་ཟླ་༩་པའི་ཚེས་༣་ཉིན་དགེ་འདུན་པ་༦་དང་བུ་མེད་གཉིས་བཅས་མི་༨་འཛིན་བཟུང་བྱས་པ་དེ་དག་གི་གྲས་རེད། གྲྭ་པ་གཅིག་རང་ཤག་ཏུ་ཟླ་བ་འདིའི་ཕྱི་ཚེས་༢༦་ཉིན་དམག་མི་ཡོང་སྟེ་སྔོག་བཤེར་བྱས་ནས་འཛིན་བཟུང་བྱས་ཤིང་། ཁོང་ཚོར་རྒྱལ་ཁབ་ལ་དགའ་ཞེན་དང་ཁ་བྲལ་ལ་ངོ་རྒོལ། རྒྱལ་ཁབ་ཀྱི་ཁྲིམས་ལྟར་འགྲོ་ཤེས་འདུག་ཤེས་བྱེད་དགོས། གཙོ་བོ་བོད་ཕྱི་ཕྱོགས་སུ་འབྲེལ་བ་འཛུགས་མི་ཉན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་སྒྲིག་གཤོམ་བྱེད་མི་ཆོག་པ་སོགས་ཀྱི་སློབ་གསོ་མང་པོ་གཏོང་གི་འདུག དགོན་པའི་ལྷ་སྡེ་མང་ཚོགས་ལའང་རྒྱལ་ཁབ་ལ་དགའ་ཞེན་དང་རྒྱ་ནག་དམར་ཤོག་ཚོགས་པར་དགའ་ཞེན་བྱེད་དགོས། ཏང་གི་བཀའ་དྲིན་དྲན་དགོས་དང་ཏཱ་ལས་རུ་ཚོགས་ལ་འབྲེལ་བ་བྱེད་མི་ཉན། ད་ནས་བཟུང་སྟེ་སྐད་འཕྲིན་ནང་དུ་ཁོར་ཡུག་སྲུང་སྐྱོབ་དང་སྐད་ཡིག་དར་སྤེལ། གཟུངས་སྔགས་གསོག་སྒྲུབ་ཀྱི་ཚོགས་པ་འཛུགས་མི་ཆོག་པར་སྐད་འཕྲིན་ཚོགས་པ་རྣམས་སྒོ་རྒྱག་དགོས་ཞེས་སློབ་གསོའི་ཚོགས་འདུ་མང་པོ་ཚོགས་ནས་ཁྱབ་བསྒྲགས་ཤུགས་ཆེན་བྱེད་ཀྱི་འདུག བྱིས་པ་ཚོ་རང་ལོ་༡༨་ལ་མ་སོན་བར་དུ་དགོན་པར་སྐྱེལ་རྒྱུ་མིན་ཞེས་ཁས་ལེན་ཡི་གེར་མཛུལ་ཐེལ་རྒྱག་ཏུ་འཇུག་གི་འདུག དགོན་པའི་ལྷ་སྡེ་མང་ཚོགས་ཀྱིས་བཀག་ཉར་འོག་ཏུ་ཚུད་པ་རྣམས་ཁྲིམས་འགལ་གྱི་ནག་ཉེས་ཡོད་མཁན་མིན། ཁོང་ཚོ་མྱུར་དུ་གློད་གྲོལ་གཏོང་རྒྱུའི་རེ་ལྟོས་འཆང་གི་འདུག་ཅེས་བཤད་ཡོད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG