ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

རྒྱ་ནག་གིས་ནད་དུག་གི་འབྱུང་ཁུངས་ལོག་འགྲེལ།


༄༅།། འདས་པའི་ཟླ་བ་གསུམ་ཡས་མས་ཤིག་གི་རིང་ལ་རྒྱ་ནག་གི་དྲྭ་ལམ་ཁག་ཏུ་ཏོག་དབྱིབས་ནད་དུག་ནི་སྐྱེ་དངོས་མཚོན་ཆ་ཞིག་རེད་ཅེས་ཁྱབ་སྤེལ་ཤུགས་ཆེན་བྱུང་ཡོད་ཅིང་། མ་མཐར་ཡང་མི་ས་ཡ་མང་པོར་ནད་དུག་དེ་མིས་རྐང་བཙུགས་ནས་བཟོས་པའི་སྐྱེ་དངོས་མཚོན་ཆ་ཞིག་ཡིན་པའི་བག་ཆགས་ཟབ་མོ་ཞིག་ཐེབས། ནད་དུག་གི་འབྱུང་ཁུངས་ལ་རྒྱ་ནག་དང་ཨ་རི། ཨུ་རུ་སུ་དང་ཨུ་རན་བཅས་རྒྱལ་ཁབ་བཞིའི་དཔོན་རིགས་ཁག་གི་ལྟ་སྟངས་དང་འགྲེལ་བཤད། དེ་བཞིན་གསར་ལམ་ཁག་ཏུ་གནས་ཚུལ་མང་པོ་ཞིག་སྤེལ་རུང་ནད་དུག་དེ་འཛམ་གླིང་ཡོངས་ལ་ཁྱབ་གདལ་འགྲོ་འགོ་ཚུགས་པའི་དུས་དེར་ནད་དུག་གི་འབྱུང་ཁུངས་ལ་གནས་ཚུལ་རྫུན་མའི་རིགས་སྤེལ་མཁན་གཙོ་བོ་ནི་རྒྱ་ནག་ཡིན་པ་ལས་ཨུ་རུ་སུ་མིན་པ་ཤེས་རྟོགས་བྱུང་འདུག་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG