ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༢/༢༤

རྒྱ་གཞུང་ནས་བོད་ཕྲུག་གི་ཕ་མ་ཚོར་རྒྱ་ཡིག་རྒྱ་སྐད་སྦྱོང་དགོས་པའི་སློབ་གསོ།


Tibetan to learn Chinese language (naqu.gov.cn)
Tibetan to learn Chinese language (naqu.gov.cn)

༄༅།། ཉེ་ལམ་རྒྱ་ནག་གཞུང་གིས་བོད་མདོ་སྨད་མགོ་ལོག་ཁུལ་དང་བོད་རང་སྐྱོང་ལྗོངས་ཀྱི་ནག་ཆུ་ས་ཁུལ། ཉི་མ་རྫོང་གཙོས་ས་ཁུལ་ཁག་ཅིག་ཏུ་ཚོགས་འདུ་རིམ་པ་ཞིག་སྐོང་ཚོགས་ཀྱིས་བོད་པའི་ཕ་མ་ཚོས་རང་གི་ཕྲུ་གུའི་ཆེད་དུ་རྒྱ་ཡིག་རྒྱ་སྐད་སློབ་སྦྱོང་བྱེད་དགོས་པའི་ཟབ་སྦྱོང་འཛིན་གྲྭ་ཚུགས་། ཕ་མ་ཚོ་དེ་ལ་མཉམ་ཞུགས་བྱེད་དགོས་པའི་སློབ་གསོའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་ཅིང་། དེའི་དམིགས་ཡུལ་ནི་ཕ་མ་སོ་སོས་རང་གི་བུ་ཕྲུག་ལ་ཁྱིམ་ཚང་ཁག་གི་ནང་ཁུལ་དུ་རྒྱ་ཡིག་རྒྱ་སྐད་སྦྱོང་སྤྱོད་སྤེལ་གསུམ་གྱི་ཁོར་ཡུག་བསྐྲུན་རྒྱུའི་ཆེད་དུ་རེད་ཅེས་བཞུགས་སྒར་རྡ་རམ་ས་ལའི་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་གྱིས་འགྲེལ་བརྗོད་བྱས་འདུག
ཁོང་གིས་མུ་མཐུད་དུ་གསར་འགོད་པར་བརྗོད་དོན་ལྟར་ན། རྒྱ་ནག་གཞུང་གིས་བོད་པ་ཚོ་རྒྱ་མི་རིགས་ལ་བསྒྱུར་རྒྱུའི་སྲིད་ཇུས་དང་ཐབས་ལམ་གསར་པ་ཞིག་ནི་སྔ་ལོའི་ཕྱི་ཟླ་༧་པར་གྲངས་ཉུང་མི་རིགས་ཁག་གི་ས་གནས་ཡོངས་ཀྱི་བུ་བཅོལ་ཁང་ནས་འགོ་འཛུགས་ཀྱིས་རྒྱ་ཡིག་རྒྱ་སྐད་སྤྱི་སྐད་དུ་སྤྱོད་དགོས་ཞེས་རྒྱ་ནག་གི་ཤེས་ཡོན་ལྷན་ཁང་གིས་ཡོངས་ཁྱབ་བཀོད་ཁྱབ་བཏང་ཞིང་། རྒྱ་གཞུང་གི་བཀོད་ཁྱབ་དེར་ཁྱིམ་བདག་རྣམས་ཚོགས་འདུར་བསྐོངས་ནས་ཟབ་སྦྱོང་འཚོགས་དགོས། རྒྱ་སྐད་འཛིན་གྲྭ་ཚུགས་ནས་སློབ་ཁྲིད་བྱེད་དགོས་ཟེར་གྱི་ཡོད་པ་ནི་བོད་པ་རྒྱ་འགྱུར་གྱི་ལས་འགུལ་རྣམ་པ་མ་འདྲ་བ་ཞིག་རེད། རྒྱ་གཞུང་གི་ཆབ་སྲིད་ལས་འགུལ་དེ་དག་གིས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་ཡུལ་གོམས་གཤིས་ལུགས་རྣམས་གཅེས་འཛིན་བྱེད་པའི་གོ་སྐབས་ཇེ་ཉུང་དུ་གཏོང་གི་འདུག བོད་པའི་ཁྱིམ་ཚང་ཁག་ཏུ་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་གཤོམ་རྒྱུ་ལྟ་ཞོག ཐ་ན་རྒྱ་ནག་གཞུང་གི་ལས་བྱེད་པ་ཡིན་པའི་བོད་པ་སུ་གཅིག་གིས་ཀྱང་ཆོས་ལུགས་ལ་དད་མོས་བྱེད་མི་ཆོག་པ་དང་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་མཉམ་ཞུགས་བྱེད་མི་ཆོག མཉ་ཞུགས་བྱེད་ན་ཁྲིམས་འགལ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG