༄༅།། རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་ཧུ་ནན་དང་ཟི་ཁྲོན་ཞིང་ཆེན་ གཉིས་ནང་གི་རྫོང་ཁག་གསུམ་གྱི་ནང་ས་ཡོམ་འགུལ་ཐེངས་གཞན་ཞིག་བྱུང་ སྟེ། ཉུང་མཐར་མི་གྲངས་ལྔ་ལ་སྲོག་སྐྱོན་དང་གཞན་བཅུ་ཕྲག་གཉིས་ལྷག་ལ་ རྨས་སྐྱོན་བྱུང་བའི་གནས་ཚུལ་འདི་ནི། ས་ཁུལ་དེ་གའི་ནང་དུ་ས་ཡོམ་ འགུལ་ཤུགས་ལྔ་དང་གྲངས་ཆུང་གཅིག་བྱས་པ་ཞིག་བརྒྱབས་ཏེ་སྡོད་ཁང་སྟོང་ ཕྲག་མང་པོ་དང་རྒྱལ་ཁབ་ཀྱི་ལམ་ཆེན་ཁག་ཅིག་ལ་གཏོར་སྐྱོན་ཕོག་པའི་ གནས་ཚུལ་བྱུང་སྟེ་ཉིན་གྲངས་བཞིའི་མཇུག་ཏུ་སླར་ཡང་བྱུང་པ་ཞིག་ཡིན་པའི་སྐོར་རྒྱལ་སྤྱིའི་གསར་གནས་ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་བྱང་ཆུབ་ སྒྲོལ་མས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཞུས་པ་ཞིག་གསན་གྱི་རེད།