ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

རྒྱ་གཞུང་གིས་མཚོ་སྔོན་དུ་དྲྭ་རྒྱའི་ཚོགས་གཙོ་གསུམ་འཛིན་བཟུང་།


༄༅།། རྒྱ་ནག་གཞུང་གིས་ནག་ཚོགས་གཙང་སེལ་དང་ཟང་ཟིང་བཅོས་སྒྲིག་ཟེར་བར་ཁ་གཡར་ཏེ་བོད་ནང་གི་སྐད་འཕྲིན་སོགས་ལ་དོ་དམ་ཤུགས་ཆེན་བྱས་ནས་གློ་བུར་དུ་མི་མང་འཛིན་བཟུང་བྱེད་བཞིན་ཡོད་ཅིང་། དཔེར་ན་མཚོ་སྔོན་ཕྱོགས་སུ་ཆ་འཕྲིན་དོ་དམ་བྱས་ཏེ་མི་མང་པོ་ཞིག་འཛིན་བཟུང་དང་བཀག་ཉར་བྱེད་ཀྱི་ཡོད་པའི་གནས་ཚུལ་འབྱུང་རྒྱུ་ཇེ་མང་དུ་འགྲོ་བཞིན་འདུག ཉེ་ལམ་རྒྱ་ནག་གཞུང་གིས་མཚོ་ལྷོ་ཁུལ་གྱི་ལྷ་མོ་དང་ཨ་མགོ་སོགས་དྲྭ་རྒྱའི་ཚོགས་གཙོ་གསུམ་འཛིན་བཟུང་བཀག་ཉར་དང་ལོ་ལྔའི་རིང་ལ་དྲྭ་བརྒྱ་བེད་སྤྱོད་བྱེད་མི་ཆོག་པའི་ཉེས་ཆད་བཅད་ཡོད་པའི་གནས་ཚུལ་ཐོན་འདུག

ད་དུང་དྲྭ་རྒྱ་བེད་སྤྱོད་གཏོང་མཁན་མི་༤༧་ཐོ་གཞུང་ནག་པོའི་ནང་དུ་བཀོད་ནས་རྟག་ཏུ་དོགས་ཟོན་དང་ལྟ་རྟོག་བྱེད་ཀྱི་འདུག ཡིན་ནའང་ཁོ་ཚོས་ནག་ཉེས་ཅི་ཡིན་གསལ་པོ་ཞིག་ཤེས་ཀྱི་མི་འདུག་ཅེས་འགྲེལ་བརྗོད་བྱས་འདུག གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན་༢༠༢༠་ལོའི་ཕྱི་ཟླ་༨་པར་མཚོ་སྔོན་རྐང་ཚ་རྫོང་དུ་དྲྭ་བའི་ཚོགས་གཙོ་གཉིས་ཀྱིས་དྲྭ་ལམ་དུ་ཆགས་སྲེད་ཀྱི་སྐད་ཆ་བཤད་པའི་ཉེས་འཛུགས་བྱས་ནས་འཛིན་བཟུང་དང་ཉིན་༡༡་ལ་བཀག་ཉར། ཁོ་ཚོར་དྲྭ་བ་བེད་སྤྱོད་བྱེད་མི་ཆོག་པའི་ཉེས་ཆད་བཅད་ཡོད་པ་རེད།།
མཚོ་སྔོན་གྱི་དྲྭ་དཔོན་རྟ་མགྲིན་སོགས་མི་བཞི་ལ་དྲྭ་ལམ་དུ་མ་རབས་ཐ་ཤལ་གྱི་བྱ་སྤྱོད་སྤེལ་ཡོད་པའི་ཉེས་པ་བཙུགས། འདི་དང་དུས་མཚུངས་སུ་ན་ནིང་ནས་རྒྱ་ནག་གཞུང་གིས་སྤྱི་ཚོགས་བདེ་འཇགས་ལ་ཁ་གཡར་ཏེ་ནག་ཚོགས་གཙང་སེལ་དང་ཟང་ཟིང་བཅོས་སྒྲིག་ཟེར་བའི་ལས་འགུལ་ཞིག་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་གང་སར་སྤེལ་བཞིན་ཡོད་ཅིང་། ལྷ་སའི་ཁུལ་དུའང་བོད་པ་མང་པོ་བོར་བརླག་འགྲོ་བཞིན་ཡོད་པ་དང་ཁག་ཅིག་དོགས་གཞིའི་འོག་ཏུ་བཀག་ཉར་བྱེད་ཀྱི་འདུག་ཅེས་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་བོད་པ་གཞན་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་འདུག

རྒྱ་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་མང་ཚོགས་ལ་ནག་ཚོགས་གཙང་སེལ་དང་ཟང་ཟིང་བཅོས་སྒྲིག་ཟེར་བའི་དྲིལ་བསྒྲགས་སློབ་གསོའི་ཡིག་ཆ་བཀྲམ་ནས་ཁྲིམས་འགལ་དོན་ཚན་༢༢་ཅན་ཞིག་བསྒྲགས་སོང་། ཡིག་ཆ་དེར་སུ་ཞིག་ཁྲིམས་འགལ་གྱི་ལས་འགུལ་ཁག་ལ་མཉམ་ཞུགས་མ་བྱས་ན་བྱ་དགའ་རྒྱ་སྒོར་ཁྲི་གསུམ་ཡས་མས་ཤིག་སྤྲོད་རྒྱུ་ཡིན་ཞེས་བསྒྲགས་ཡོད་པར་མ་ཟད། ཁྲིམས་འགལ་བྱེད་མཁན་རྩིས་སྤྲོད་དང་ཐེར་འདོན་བྱེད་མཁན་ཚོའི་བདེ་འཇགས་དང་གསང་བར་འགན་སྲུང་བྱ་རྒྱུ་ཡིན་ཞེས་ཁས་ལེན། དེ་བཞིན་ནག་ཚོགས་གཙང་སེལ་གྱི་ལས་འགུལ་ནི་དུས་ཡུན་ལོ་ངོ་གསུམ་ནང་དུ་མཇུག་བསྒྲིལ་ཐུབ་པ་བྱ་དགོས་པའི་དམིགས་ཚད་བཟུང་འདུག་ཅེས་བརྗོད་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG