དམིགས་བསལ་དྲ་ཚིགས་དབུ་འབྱེད་དང་སྲིད་སྐྱོང་གི་འབོད་སྐུལ།
ཕྱི་ཟླ་ལྔ་པའི་ཚེས་ ༢༡ ཉིན་དབུས་བོད་མའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་མི་རྣམས་ནས་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་གནས་ཚུལ་རྣམས་ཁ་གསལ་ངང་ཤེས་རྟོགས་ཡོང་སླད་རིམས་ནད་འདི་དང་འབྲེལ་བའི་དྲ་ཚིགས་ཤིག་དབུ་འབྱེད་གནང་སོང་། ནང་སྲིད་ལས་ཁུངས་ཀྱི་ངོས་ནས་འགྲོ་འོང་བཀག་སྡོམ་འོག་དཀའ་ངལ་འཕྲད་པའི་བོད་མིའི་ཁྱིམ་ཚང་༢༠༠༠ ཙམ་ཞིག་ལ་ཧིན་སྒོར་ ༥༠༠༠ རེ་གནང་འཆར་ཡོད་པ་རེད་འདུག