བྷ་ལིན་ཁེན་སོག་ཡུལ་དུ་ཕེབས་ཏེ་སྲིད་བློན་དང་མཇལ་མོལ།
སྤྱི་ཟླ་༨ པའི་ཚེས་༡ རེས་གཟའ་ཕུར་བུའི་ཉིན་ལ། ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷུ་ལིན་ཁེན་ལཊ་སོག་ཡུལ་དུ་ཕེབས་འབྱོར་གྱིས་ཡུལ་དེའི་སྲིད་འཛིན་ཡུ་ཁ་ན་གྷི་ལིན་ཁུ་རེལ་སཱ་ཁི་མཆོག་དང་། སྲིད་བློན་ཨོ་ཡོན་ཨར་ཏི་ནི་བློ་བཟང་རྣམ་རྒྱལ་མཆོག་རྣམ་གཉིས་དང་མཇལ་འཛོམས་གནང་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།