ཐེངས་འདིའི་ཁ་བའི་མི་སྣ་ལེ་ཚན་ནང་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་རྒྱུད་སྨད་སྔགས་རམས་པ་སྨན་པ་ཨ་ཏི་ལགས་དང་ལྷན་དུ། ཉེ་ལམ་བོད་ནང་སྐུ་གཤེགས་པའི་ཤར་རྒྱལ་མོ་ཚ་བ་རོང་གི་མཁས་དབང་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་དམ་པའི་སྐུ་ཚེའི་ལོ་རྒྱུས་སྐོར་བགྲོ་གླེང་ཞུ་རྒྱུ་ཡིན།
༄༅། །བོད་རྒྱལ་ལོ་༢༡༥༢ རབ་གནས་ཤིང་སྦྲུལ་ལོའི་བོད་ཟླ་དང་པོའི་ཚེས་པ་༥ དང་། སྤྱི་ལོ་༢༠༢༥ ལོའི་སྤྱི་ཟླ་༣ པའི་ཚེས་༤ ཡི་ཉིན། ཨ་མེ་རི་ཁའི་རྒྱལ་ས་ཝ་ཤིན་ཊོན་གྱི་ཨ་རིའི་ཕྱི་སྲིད་ལྷན་ཁང་ནང་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་གནང་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་གནས་ཚུལ་ངོ་སྤྲོད་ཞུས་གནང་བ་འདིར་གསལ།
༄༅། །ཨེ་ལོན་མཱ་སི་ཁི་ཡིས་འཇར་མན་གྱི་གཡས་ཕྱོགས་སྲིད་དོན་ཚོགས་པར་རྒྱབ་སྐྱོར་བྱས་པར་བརྟེན། སླེབས་ལ་ཉེ་བའི་འཇར་མན་གྱི་འོས་བསྡུའི་ནང་ཤུགས་རྐྱེན་དང་ནུས་པ་ཆེན་པོ་ཐོན་བཞིན་ཡོད་པའི་གནས་ཚུལ་ཞིག་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཐེངས་འདིའི་དཔེ་ཀློག་ལེ་ཚན་གྱི་ནང་ལ་བོད་ནང་གི་སྙན་ངག་པ་ཁག་ཅིག་གི་སྙན་ངག་དབྱིན་ཡིག་ཏུ་སྒྱུར་པ་ཉི་མའི་ལན་བུ་བསྲེག་པ་ཞེས་པའི་བརྗོད་བྱ་དང་། ཁྱད་ཆོས་སོགས་ཀྱི་ཐད་ལ་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་དེབ་འདི་དབྱིན་ཡིག་ཏུ་སྒྱུར་མཁན་བུ་ཆུང་བསོད་ནམས་ལགས་དང་ལྷན་དུ་བགྲོ་གླེང་ཞུས་ཡོད།
ཀུན་གླེང་ལས་རིམ་ནང་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་ལྷན་དུ་སྲིད་འཛིན་བྷ་ཌན་གྱིས་ཕོ་བྲང་དཀར་པོ་དང་གྱེས་ཁར་དེ་ག་ནས་རྒྱལ་ཡོངས་གཏམ་བཤད་མཐའ་མ་གནང་བའི་སྐོར་དང་མཚོན་དོན་སོགས་ཀྱི་ཐད་ལ་བགྲོ་གླེང་ཞུ་རྒྱུ་ཡིན།
ཐེངས་འདིའི་ཀུན་གླེང་དུ་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་བོད་ཀྱི་སྒྱུ་རྩལ་པ་རྣམ་གླིང་བློ་བརྟན་ལགས་དང་ལྷན་དུ་བོད་པའི་སྒྱུ་རྩལ་བ་ཞིག་སོག་ཡུལ་དུ་ཕེབས་སྐབས་ཀྱི་མཐོང་ཐོས་དང་། བོད་སོག་བར་གྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་འབྲེལ་ལམ་ཞེས་པའི་བརྗོད་གཞིའི་སྟེང་བགྲོ་གླེང་ཞུ་རྒྱུ་ཡིན།
སྤྱིར་གཞུང་འཛིན་ཚོགས་པ་ལ་འོས་བསྡུའི་ཁྲོད་དུ་ཁེ་ཕན་མང་པོ་ཡོད་ཀྱང་། ཡུལ་ཐང་འཕར་བའི་ལོ་འདིར་འོས་འཕེན་པ་ཚོས་དབང་འཛིན་པ་ཚོར་འདོད་བློ་ཁེངས་ཀྱི་མེད་པའི་རྐྱེན་གྱིས་རྒྱལ་ཁབ་སོ་སོའི་འོས་བསྡུའི་མཇུག་འབྲས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་འདིར་གསལ།
ཨ་རིའི་བདམས་ཐོན་སྲིད་འཛིན་ཊམ་གྱིས་དམག་སྤྱི་ཟུར་པ་ཁི་ཐི་ཁེ་ལོ་གྷི་ལགས་ཡུག་ཀེ་རན་དང་ཨུ་རུ་སུའི་གནད་དོན་སྐོར་གྱི་དམིགས་བསལ་སྐུ་ཚབ་ལ་མཚན་འདོན་གནང་ཡོད་པ་དང་། ཁོང་གི་ཕྱག་ལས་གནང་བའི་བརྒྱུད་རིམ་དང་སྲིད་དོན་པ་ཚོས་ཁོང་ལ་ལྟ་ཚུལ་ག་འདྲ་ཞིག་འཛིན་གྱི་ཡོད་མེད་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
༢༠༢༤ ལོའི་སྤྱི་ཟླ་༡༢ པའི་ཚེས་༥ ཡི་ཉིན། ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ལྷན་ཚོགས་ཀྱིས་ལོ་རྒྱུས་ཀྱི་དྲན་པ་ཉར་ཆེད་དང་རྒྱ་ནག་དམར་ཤོག་ཚོགས་པས་རིག་གནས་རྩ་མེད་གཏོང་བར་གདོང་ལེན་བྱེད་ཕྱོགས་ཀྱི་བརྗོད་གཞིའི་ཐོག་ཉན་ཞིབ་ཚོགས་འདུ་ཞིག་འཚོཊ་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
བྷ་ཌན་གྱི་དཀྱིལ་ཤར་ཁུལ་གྱི་དམིགས་བསལ་སྐུ་ཚབ་ཨི་མོ་སི་ཧ་ཆེ་སི་ཊིན་ལཊ་ཀྱིས་རེས་གཟའ་ལྷག་པའི་ཉིན་ཁོང་དང་ཧེ་ཛི་བྷོ་ལ་བར་གྱི་གྲོས་མོལ་ལ་རེ་བ་ཆེན་པོ་ཡོད་པ་དང་། ཨི་སི་རལ་བྱང་ཕྱོཊ་མཐའ་མཚམས་ཀྱི་འཁྲུག་རྩོད་མཚམས་འཇོག་ཐུབ་རྒྱུའི་རེ་ལྟོས་གནང་གི་ཡོད་པ་གསུངས་ཡོད་པའི་སྐོར་ཕུན་ཚོཊ་ལྷུན་གྲུབ་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
རྒྱ་ནག་ཏུ་མི་ཚོགས་ཐོག་ལ་གྲི་བརྒྱབ་པའམ་མོ་ཏྲས་གདོང་ཐུག་བརྒྱབ་པའི་དོན་རྐྱེན་ཡ་ང་བ་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་འབྱུང་བཞིན་པའི་སྐབས་འདིར། རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་ཇེ་དལ་དུ་ཕྱིན་ནས་མིའི་སེམས་ཁམས་ཀྱི་བདེ་ཐང་ལ་དཀའ་ངལ་སྣ་ཚོགས་འཕྲད་བཞིན་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཀུན་གླེང་དུ་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བུ་ཆུང་ཚེ་རིང་ལགས་དང་ལྷན་ཨ་རིའི་བདམས་ཐོན་སྲིད་འཛིན་ཊམ་གྱི་གཞུང་གསར་པའི་བློན་ཆེན་ཁོངས་སུ། རྒྱ་ནག་ཐོག་སྲིད་ཇུས་མཁྲེགས་པོ་འཛིན་མཁན་ཁག་ཅིག་བསྐོ་གཞག་བྱས་པ་དེས་བོད་དོན་ལ་དགེ་མཚན་ག་རེ་འབྱུང་རྒྱུ་ཡིན་པའི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།
རྒྱ་ནག་གི་ལྷོ་ཕྱོགས་གྲོང་ཁྱེར་ཀྲུའུ་ཧའེ་ནང་གཟའ་ཟླ་བའི་དགོང་དྲོར་མི་ཞིག་གིས་མི་ཚོགས་ཐོག་ལ་མོ་ཏྲ་བཏང་ནས་མི་༣༥ རྐྱེན་འདས་སུ་ཕྱིན་པའི་ཡ་ང་བའི་སྡེབ་གསོད་དོན་རྐྱེན་དེར་རྒྱ་གཞུང་གིས་མྱ་ངན་ཞུ་མི་ཆོག་པ་དང་གླེང་སློང་བྱེད་མི་ཆོག་པའི་དམ་དྲག་བྱེད་བཞིན་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།
ཀུན་གླེང་ལས་རིམ་དུ་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་འབུམ་རམས་པ་ཚེ་དབང་རིག་འཛིན་ལགས་དང་ལྷན་དུ་ཨ་རིའི་བདམས་ཐོན་སྲིད་འཛིན་ཌོ་ནལ ཊམ་གྱི་གཞུང་འཛིན་གསར་པས་མ་འོངས་པར་རྒྱ་ནག་དང་བོད་ཐོག་འཛིན་སྲིད་པའི་སྲིད་ཇུས་སོགས་ཀྱི་ཐད་ནས་བགྲོ་གླེང་ཞུས་ཡོད།
འདས་པའི་ལོ་ངོ་དགུ་ཙམ་རིང་ལ། ཨ་རིའི་སྲིད་འཛིན་ཟུར་པ་དང་མ་འོངས་པའི་སྲིད་འཛིན་གསར་པ་ཆགས་པའི་ཌོ་ནལ་ཊམ་གྱིས་ནང་ཁུལ་ཁ་བྲལ་དུ་འགྲོ་བཞིན་པའི་རྒྱལ་ཁབ་དེ་ལས། སྤྱི་མཐུན་སྲིད་དོན་ཚོགས་པ་བསྐྱར་གསོ་བྱས་ཏེ། ཆབ་སྲིད་ཀྱི་སྡིངས་ཆར་ཕྱིར་ལོག་བྱེད་བཞིན་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུས་ཡོད།
ཀུན་གླེང་ལས་རིམ་དུ་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་ལྷ་རམས་པ་གནས་བརྟན་སྤྲུལ་སྐུ་བསྟན་འཛིན་དགེ་ལེགས་རིན་པོ་ཆེ་མཆོག་གདན་འདྲེན་ཞུས་ནས་སེར་སྨད་གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་ཕྱག་བཞེས་དང་བསླབ་པ་སློབ་གཉེར་གྱི་གནས་སྟངས་སོགས་ཀྱི་ཐད་ལ་བགྲོ་གླེང་ཞུས་ཡོད།
དེ་རིང་གི་ལས་རིམ་ནང་ལ་བཙན་བྱོལ་ནང་གི་རྩོམ་པ་པོ་དང་སྒྱུ་རྩལ་རྩོམ་བྲིས་ཀྱི་གནས་སྟངས་སོགས་ཀྱི་ཐད་ལ་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་རྩོམ་པ་པོ་དང་ལོ་ཙཱ་བ་བུ་ཆུང་བསོད་ནམས་ལགས་དང་ལྷན་དུ་བགྲོ་གླེང་ཞུ་གནང་གི་རེད།
ཀུན་གླེང་ལས་རིམ་དུ་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་དང་ལྷན་ཉིན་གཉིས་རིང་གི་རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དྲུག་པའི་གྲུབ་དོན་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད།
མཱི་ཆི་གྷན་མངའ་སྡེའི་སྲིད་དོན་ཚོགས་པ་གཉིས་ཀའི་དཔོན་རིགས་ཚོས་འོས་ཤོག་རྐུ་ཁྱེར་གྱི་རྩོད་གླེང་དང་འབྲེལ་ནས་ཨ་རིའི་མི་སེར་ཚོ་ལ་འོས་ཤོག་འཕེན་པའི་བརྒྱུད་རིམ་བདེ་འཇགས་ཡིན་པ་ཁག་ཐེག་ཡོང་ཐབས་བྱེད་བཞིན་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
བྱང་ཀོ་རི་ཡའི་དམག་ཕྱོགས་ནས་བྱང་ཀོ་རི་ཡ་དང་ལྷོ་ཀོ་རི་ཡའི་བར་གྱི་གཞུང་ལམ་དང་ལྕགས་ལམ་གྱི་འགྲུལ་བཞུད་ཡོད་ཚད་སྤྱི་ཟླ་༡༠ པའི་ཚེས་༩ སྟེ་རེས་གཟའ་ལྷག་པའི་ཉིན་ནས་ཡོངས་སུ་མཚམས་བཞག་རྒྱུ་ཡིན་པ་ཕྱིར་བསྒྲགས་བྱས་འདུག་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
མང་སྣོན།