ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

གྷ་ཛའི་དམག་འཐབ་ནང་འཆི་སྐྱོན་བྱུང་བའི་གྲངས་འབོར་ཁྲི་བཞི་བརྒལ།


པ་ལི་སི་ཐན་པ་ཚོས་མཚན་གཅིག་གི་རིང་ལ་ཨི་ཟི་རེལ་གྱི་མེ་སྒྱོགས་དམག་གིས་གྷ་ཛའི་ལྷོ་ཕྱོགས་སུ་མེ་སྒྱོགས་འཕངས་ནས་མི་མང་པོ་བསད་པའི་ཉེ་འབྲེལ་གྱི་ཕུང་པོ་ངོས་བཟུང་ནས་མྱ་ངན་བྱེད་བཞིན་ཡོད།
པ་ལི་སི་ཐན་པ་ཚོས་མཚན་གཅིག་གི་རིང་ལ་ཨི་ཟི་རེལ་གྱི་མེ་སྒྱོགས་དམག་གིས་གྷ་ཛའི་ལྷོ་ཕྱོགས་སུ་མེ་སྒྱོགས་འཕངས་ནས་མི་མང་པོ་བསད་པའི་ཉེ་འབྲེལ་གྱི་ཕུང་པོ་ངོས་བཟུང་ནས་མྱ་ངན་བྱེད་བཞིན་ཡོད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨིས་རལ་གྱིས་ཧ་མས་ལ་དམག་འཐབ་བྱས་ནས་ད་ཆ་ཟླ་བ་བཅུ་ལྷག་ཙམ་སོང་བའི་དུས་འདིར་དམག་འཁྲུག་དེའི་འོག་འདས་གྲོངས་གྱུར་བའི་གྲངས་འབོར་ཁྲི་བཞི་བརྒལ་འདུག་ཅེས་གསལ་སྟོན་བྱས་འདུག ཧ་མས་འཕྲོད་བསྟེན་ལས་ཁུངས་ཀྱིས་འདོན་སྤེལ་བྱས་པའི་སྡོམ་ཐོའི་ནང་འདས་གྲོངས་སུ་གྱུར་མཁན་ཁོངས་དམག་མི་དང་ཞི་བའི་མི་མང་གང་ཡིན་གསལ་ཁ་སྟོན་བྱེད་སྲོལ་མེད་ནའང་། ས་གནས་ཀྱི་གསར་འགོད་པས་གནས་ཚུལ་སྤེལ་བ་དང་འདས་གྲོངས་གྱུར་མཁན་གྱི་ཤུལ་ལུས་ནང་མི་བུ་ཕྲུག་གིས་རང་གི་ནང་མིར་བྱུང་བའི་དངོས་བྱུང་གནས་ཚུལ་གྱིས་གྲངས་ཐོ་དེ་དག་ཐེར་བྱས་འདུག གཞན་ཡང་ཞིབ་འཇུག་པས་མི་བཟོས་སྲུང་སྐར་ཐོག་ནས་དཔར་ལེན་པ་ཁག་ལ་གཞིགས་ན་གྷ་ཛ་ས་ཁུལ་ནང་འདས་གྲོངས་གྱུར་བ་མང་པོའི་ཕུང་པོ་སྦས་འཇོག་བྱེད་ཡུལ་མེད་པའམ་། ཡང་ན། ཕུང་པོར་ངོ་རྟགས་སྤྲོད་རྒྱུའི་དུས་ཚོད་མ་ཐོབ་པ། གློ་བུར་བཙན་རྒོལ་དཔུང་འཇུག་སོགས་དྲག་ཟིང་དང་འབྲེལ་བའི་དོན་རྐྱེན་ལ་བརྟེན་ནས་ད་ཆ་གྷ་ཛའི་དུར་ས་རྣམས་ལ་ཕུང་པོ་རྙིང་པའི་སྒང་ལ་ཕུང་པོ་གསར་པ་བརྩེགས་ཏེ་ལོ་ངོ་བདུན་ཅུ་ཕྱིན་པའི་དུར་ཁྲོད་ནང་གི་ཕུང་པོའི་བརྒྱ་ཆ་༤༠ལྷག་ནི་ཕུང་པོ་གསར་པ་ཡིན་པའི་གནས་སྟངས་ཆགས་འདུག

གྷ་ཛའི་མི་མང་ཁྲོད་འདས་གྲོངས་གྱུར་མཁན་ཧ་ཅང་མང་པོ་བྱུང་བཞིན་པར་བརྟེན་རྗེས་ཤུལ་ནང་མི་ཚོས་འདས་གྲོངས་སུ་གྱུར་པའི་ནང་མི་སྤུན་མཆེད་དང་གཉེན་ཉེ་འདུ་ཚོར་ཕུང་མཆོད་ཀྱང་བློ་ཁ་འཁེང་བ་བྱེད་ཐུབ་ཀྱི་མེད་པ་མ་ཟད། ཕུང་པོ་སྦེད་འཇོག་བྱེད་ཡུལ་མེད་པ་དང་བྱེད་བའི་དུས་ཚོད་མ་ཐོབ་པ་སོགས་ལ་བརྟེན་ནས་གྷ་ཛ་ཁྱོན་ཡོངས་ནང་ཕུང་པོ་སྟོང་ཚོ་མང་པོ་སྡོད་ཁྱིམ་གྱི་སྒོ་རྭ་དང་ཁང་པའི་ཉེ་ཁྲིས་ས་ཁུལ། རླང་འཁོར་འཇོག་ཡུལ། སྲང་ལམ་སོགས་གང་སར་སྦས་འཇོག་བྱས་པ་མཐོང་རྒྱུ་ཡོད་པ་མ་ཟད། ཕུང་པོ་ལྡེབ་སྦེད་བྱས་པའང་མང་པོ་མཐོང་རྒྱུ་ཡོད། བྱང་ཕྱོགས་གྷ་ཛ་ནས་ཡིན་པ་པར་ལེན་སྒྱུ་རྩལ་པ་དང་རྩོམ་པ་པོ་ཧཱ་ནིན་སཱ་ལམ་གྱིས་བརྗོད་དོན་ལ། ཁོང་པའི་ནང་མི་དང་གཉེན་ཚན་བཅས་མི་གྲངས་༢༧༠ལ་འབར་རྗས་གས་གཏོར་དང་མེ་སྒྱོག་གི་རྒོལ་རྡུང་འོག་སྲོག་སྐྱོན་བྱུང་བའི་ནང་ནས་ཕུང་པོ་༡༥ནས་༢༠་བར་དུར་ས་ནས་བཏོན་ཡོད་ཅེས་དང་། དེའི་རྒྱུ་མཚན་ནི་ཨིས་རལ་གྱི་དམག་མིས་དུར་ས་ནང་སྦས་འཇོག་བྱས་པའི་ཕུང་པོ་གཏོར་གཤིག་གཏོང་ཉེན་གྱི་ཞེད་སྣང་འོག་ནང་མི་ཚོས་ས་གནས་གཞན་དུ་སྤོས་ཞུགས་བྱས་པའི་ཆ་ནས་ཡིན་ཞེས་འགྲེལ་བརྗོད་བྱས་འདུག

གྷ་ཛའི་ནང་མི་མང་ཧ་ཅང་འཕོན་ཆེ་འདས་གྲོངས་གྱུར་ཏེ་ཕུང་པོ་ས་སྦས་འཇོག་བྱེད་ཐབས་བྱས་པའི་ཁྲོད་ཕུང་པོ་སྦེད་ས་བཟོ་ཆེད་དུ་ས་འབྲུ་མཁན་མི་སྣ་ཚོ་བྲེལ་ཚུབ་ངང་བྱེད་བཞིན་མ་ཟད། ཕུང་པོ་ཁག་ཅིག་ནི་སྦས་འཇོག་བྱས་རྗེས་ ཨིས་རལ་གྱི་དམག་མིས་ཡར་བཏོན་ནས་ཨིས་རལ་ལ་འོར་འདྲེན་བྱས་ཏེ་ཕུང་པོ་དེ་ཚོའི་ནང་ཧ་མས་ཡིས་བཙན་ཁྲིད་བྱས་པའི་ཨིས་རལ་གྱི་མི་ཡོད་མེད་ངོ་རྟགས་ཆོད་ཐབས་བྱེད་ཀྱི་ཡོད་པ་སོགས་གྷ་ཛ་ས་ཁུལ་ཁྱོན་ཡོངས་ནི་དུར་ཁྲོད་ཆེན་པོ་ལྟ་བུར་གྱུར་འདུག་ཅེས་པེ་ལིས་ཐན་སྐོར་གྱི་ཞིབ་འཇུག་ལྟེ་གནས་ཁང་གི་རྩོམ་པ་པོ་ཡོཨོསེ་རི་ ཨལ་གྷོལ་གྱིས་བཤད་འདུག་པ་དེ་གང་ཙམ་འདྲ་མཚུངས་ཡིན་པའི་གནས་ཚུལ་ཐོན་འདུག

ཨེ་པི་གསར་ཁང་ནས་བཏུས།

གསར་འགོད་པ། པདྨ་བདེ་ཆེན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG