ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༩/༡༩

ཨི་སི་རལ་གྱིས་གཏོར་རྒོལ་འོག་གྷ་རྫའི་ཞི་བའི་མི་སྣ་བཞི་བཅུ་ཙམ་ལ་སྲོག་སྐྱོན་བྱུང་བ།


པེ་ལེས་ཐན་གྱི་དཔོན་རིགས་ཚོས་བཤད་དོན་ལ། རེས་གཟའ་མིག་དམར་གྱི་སྔ་དྲོ་ཨི་སི་རལ་གྱིས་གྷ་རྫའི་སྐྱབས་བཅོལ་བ་ཧ་ཅང་མང་པོ་གནས་སྡོད་བྱེད་སའི་ས་གནས་ལ་མཁའ་ཐོག་ནས་གཏོར་རྒོལ་བྱས་ཏེ་མི་སྣ་༤༠ ཙམ་ལ་སྲོག་སྐྱོན་དང་། གཞན་དྲུག་ཅུ་ཙམ་ལ་རྨས་སྐྱོན་བཟོས་ཡོད་པའི་གསལ་བསྒྲགས་བྱས་འདུག
པེ་ལེས་ཐན་གྱི་དཔོན་རིགས་ཚོས་བཤད་དོན་ལ། རེས་གཟའ་མིག་དམར་གྱི་སྔ་དྲོ་ཨི་སི་རལ་གྱིས་གྷ་རྫའི་སྐྱབས་བཅོལ་བ་ཧ་ཅང་མང་པོ་གནས་སྡོད་བྱེད་སའི་ས་གནས་ལ་མཁའ་ཐོག་ནས་གཏོར་རྒོལ་བྱས་ཏེ་མི་སྣ་༤༠ ཙམ་ལ་སྲོག་སྐྱོན་དང་། གཞན་དྲུག་ཅུ་ཙམ་ལ་རྨས་སྐྱོན་བཟོས་ཡོད་པའི་གསལ་བསྒྲགས་བྱས་འདུག

པེ་ལེས་ཐན་གྱི་དཔོན་རིགས་ཚོས་བཤད་དོན་ལ། རེས་གཟའ་མིག་དམར་གྱི་སྔ་དྲོ་ཨི་སི་རལ་གྱིས་གྷ་རྫའི་སྐྱབས་བཅོལ་བ་ཧ་ཅང་མང་པོ་གནས་སྡོད་བྱེད་སའི་ས་གནས་ལ་མཁའ་ཐོག་ནས་གཏོར་རྒོལ་བྱས་ཏེ་མི་སྣ་༤༠ ཙམ་ལ་སྲོག་སྐྱོན་དང། གཞན་དྲུག་ཅུ་ཙམ་ལ་རྨས་སྐྱོན་བཟོས་ཡོད་པའི་གསལ་བསྒྲགས་བྱས་འདུག་ཀྱང། ཨི་སི་རལ་གྱིས་བཤད་དོན་ལ། ཧ་མས་དྲག་སྤྱོད་པའི་བརྟེན་གཞི་གལ་ཆེན་ཞིག་ལ་དམིགས་བཀར་གྱིས་གཏོར་རྒོལ་བྱས་ལུགས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད།

གྷ་རྫའི་སྐྱབས་བཅོལ་བའི་སྡོད་སྒར་མུ་ཝ་ས་ཞེས་པ་དེར་ཨི་སི་རལ་གྱིས་གཏོར་རྒོལ་བྱས་པ་དེ་ནི། ད་བར་གཏོར་རྒོལ་བྱས་པའི་ནང་ནས་གཞི་རྒྱ་ཆེ་ཤོས་དང་གཏོར་འཚབ་ཆེ་ཤོས་ཞིག་ཀྱང་ཆགས་འདུག་པ་དང། ས་གནས་དེ་གྷ་རྫའི་ཞི་བའི་མི་སྣ་གནས་འཁོད་བྱེད་སའི་ལྟེ་གནས་ཡིན་པ་ཨི་སི་རལ་གྱིས་གསལ་བསྒྲགས་བྱས་པ་ལྟར། སྡོད་སྒར་འདིའི་ནང་གྷ་རྫའི་སྐྱབས་བཅོལ་བ་ཧ་ཅང་མང་པོ་གནས་སྡོད་བྱེད་ཀྱི་ཡོད།

གྷ་རྫའི་ཞི་བའི་བདེ་འཇགས་དཔུང་སྡེས་བཤད་དོན་ལ། ས་གནས་ཀྱི་རྫ་དྲག་ཉེན་སྐྱོབ་མི་སྣས་གཏོར་རྒོལ་འོག་ནས་མིའི་ཕུང་པོ་༤༠ ཙམ་ལག་སོན་བྱུང་བ་དང། འཆི་རྨས་བྱུང་བའི་མི་སྣ་གཞན་ཚོ་ཡང་འཚོལ་ཐབས་བྱེད་བཞིན་ཡོད་པ་དང་ཆབས་ཅིག ས་གནས་དེའི་ཁྱིམ་ཚང་འགའ་ཤས་ཀྱི་ནང་མི་ཆ་ཚང་བར་སྲོག་སྐྱོན་བྱུང་བའི་གནས་ཚུལ་དེ་འདྲ་ཡང་མང་པོ་བྱུང་ཡོད་པའི་འགྲེལ་བརྗོད་བྱས་འདུག

གྷ་རྫའི་ཁན་ཡུ་ནི་ས་ནང་གི་ན་སེར་སྨན་ཁང་གིས་བཤད་དོན་ལ། གཏོར་རྒོལ་བཏང་ས་ནས་མི་མང་པོའི་ཕུང་པོ་སྨན་ཁང་ལ་འབྱོར་འདུག་པ་དང། ཡང་མཉམ་འབྲེལ་གསར་ཁང་གི་གསར་འགོད་པས་སྨན་ཁང་འདིའི་ནང་མིའི་ཕུང་པོ་བཅུ་མཐོང་ཡོད་པ་དང། དེ་ཚོའི་ཁོངས་སུ་ཕྲུ་གུ་བྱིས་པ་གཉིས་དང་བུད་མེད་གསུམ་འདུག་ཅེས་འགྲེལ་བརྗོད་བྱས་འདུག

ས་མར་ མོའི་མེར་གྱིས་མཉམ་འབྲེལ་གསར་ཁང་ལ་བཤད་དོན་ལ། ང་ཚོ་ཚང་མ་ཉིད་ཉལ་ནས་སྡད་པའི་སྐབས་སུ་དྲག་འཆར་རླུང་འཚུབ་ལྟ་བུའི་གཏོར་རྒོལ་བྱས་སོང། ཁོ་མོའི་བུ་མོ་གཅིག་ལ་སྲོག་སྐྱོན་བྱུང་ཡོད་པ་དང། བུ་མོ་གཞན་དེ་ས་རོ་རྡོ་རོའི་འོག་ནས་གསོན་པོ་ཉེན་སྐྱོབ་བྱེད་ཐུབ་པ་བྱུང་ཞེས་བཤད་འདུག

ཡང་ཨི་སི་རལ་གྱི་དམག་མིས་བཤད་དོན་ལ། ཞི་བའི་མི་སྣའི་ཁྲོད་དུ་གབ་ཡིབ་བྱས་པའི་ཧ་མས་དྲག་སྤྱོད་པའི་བཀོད་འདོམས་ཁང་ཞིག་ལ་དམིགས་བཀར་གྱིས་གཏོར་རྒོལ་བྱས་ཡོད་ལུགས་དང། བཀོད་འདོམས་ཁང་འདིའི་ནང་ཧ་མས་ཡི་དྲག་འཐབ་པ་འགའ་རེ་ཡོད་པའི་ཁོངས་ནས་གསུམ་ནི་སྔ་ལོའི་ཟླ་བ་བཅུ་པའི་ཕྱི་ཚེས་བདུན་ཉིན་ཨི་སི་རལ་ལ་རྒོལ་རྡུང་བྱེད་མཁན་ཁོངས་སུ་ཡོད་པ་འགྲེལ་བརྗོད་བྱས་འདུག

ཨི་སི་རལ་གྱི་དམག་མིའི་མགྲིན་ཚབ་པ་ཌེ་ནྱལ་ ཧ་གྷ་རིས་ཨེཀ་ས་སྤྱི་ཚོགས་དྲ་ལམ་ཐོག་འབྲི་བཀོད་བྱས་དོན་ལ། ཨི་སི་རལ་གྱི་དམག་མིར་གནས་ཚུལ་བྱུང་བ་ཁག་ལ་གཞིགས་ན། པེ་ལེས་ཐན་གྱིས་འགྲེལ་བརྗོད་བྱེད་བཞིན་པའི་མི་སྣ་འཆི་སྐྱོན་བྱུང་བའི་གྲངས་འབོར་དེ་ཏག་ཏག་མིན་ལུགས་འགྲེལ་བརྗོད་བྱས་འདུག

ཡང་ཧ་མས་དྲག་སྤྱོད་པས་གསལ་བསྒྲགས་སྤེལ་བའི་ནང། ས་གནས་དེ་ཁུལ་ལ་ཧ་མས་ཡི་དྲག་འཐབ་པ་སུ་གཅིག་མེད་ལུགས་དང། ཨི་སི་རལ་གྱིས་འགྲེལ་བརྗོད་བྱེད་བཞིན་པ་དེ་རྫུན་ཡིན་སྐོར་འགྲེལ་བརྗོད་བྱས་འདུག འོན་ཀྱང་ཨི་སི་རལ་དང་ཧ་མས་གཉིས་ཀས་རང་ཉིད་སོ་སོས་འགྲེལ་བརྗོད་བྱེད་ཕྱོགས་དེ་ལ་བདེན་དག་གི་དཔང་རྟགས་གང་ཡང་གསལ་བཏོན་བྱས་མེད་པ་རེད།

ཨི་སི་རལ་གྱིས་བཤད་དོན་ལ། གྷ་རྫའི་ནང་དམག་འཐབ་བྱས་པའི་སྐབས་སུ་ཞི་བའི་མི་སྣར་གནོད་སྐྱོན་མ་བྱུང་བའི་ཐབས་ཤེས་གང་ཡོང་བྱེད་བཞིན་ཡོད་ལུགས་དང། འོན་ཀྱང་ཧ་མས་ཡི་དྲག་འཐབ་པ་ཚོ་ཞི་བའི་མི་སྣ་གནས་སྡོད་བྱེད་ས། དཔེར་ན། སློབ་གྲྭ་དང་ཕྱག་འཚལ་ཁང། དེ་བཞིན་སྨན་ཁང་སོགས་ལ་གབ་ཡིབ་བྱེད་ཀྱི་ཡོད་པའི་འགྲེལ་བརྗོད་བྱེད་ཀྱི་འདུག

དེའི་བར་ན། ཨ་རི་དང་ཨི་ཇེབྚ། ཀ་ཏར་བཅས་ཀྱིས་གྷ་རྫའི་ནང་མེ་འཕེན་མཚམས་འཇོག་ཡོང་ཐབས་ཀྱི་གྲོས་མཐུན་ཞིག་ཡོང་རྒྱུའི་ཐབས་ཤེས་བྱེད་བཞིན་པ་དང་འབྲེལ། ཧ་མས་ཡི་བཙན་འཁྲིད་བྱས་པའི་ཨི་སི་རལ་བ་ཚོ་གློད་གློལ་ཡོང་ཐབས་སོགས་ཀྱི་ཐད་ལ་ཐབས་ཤེས་མང་པོ་བྱེད་བཞིན་ཡོད་མོད། འོན་ཀྱང་ཐབས་ཤེས་དེ་རིགས་ལ་ད་ཕན་གྲུབ་འབྲས་གང་ཡང་བྱུང་མེད་པ་རེད།

ཨེ་པི་གསར་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་གསར་ཁང་ནས་བཏུས།

གསར་འགོད་པ། ཀུན་བཟང་རིག་འཛིན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG