ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༢/༡༧

གླུ་བ་མགོ་ལོག་དཔལ་ལྡན་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཆད།


ཉེ་བའི་ཟླ་ཤས་གོང་བོད་རིགས་གཞོན་སྐྱེས་གླུ་བ་དཔལ་ལྡན་ལགས་རྒྱ་ནག་གཞུང་གིས་གསལ་བཤད་ཅི་ཡང་མེད་པའི་སྒོ་ནས་འཛིན་བཟུང་གིས་མི་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད། དེའི་སྐོར་བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་ཉེ་ལམ་རྒྱ་ནག་གཞུང་གིས་མགོ་ལོག་པདྨ་རྫོང་དྷི་མདའ་(རྡི་མདའ་) ཡུལ་ཚོའི་ཡོ་སྟག་སྡེ་བ་ནས་ཡིན་པའི་བོད་ཀྱི་ན་གཞོན་གླུ་བ་མགོ་ལོག་དཔལ་ལྡན་ལགས་ཀྱིས་ལ་རྒྱའི་གླུ་ཞིག་བླངས་བར་ཁ་གཡར་ནས་འཛིན་བཟུང་བཙན་ཁྲིད་བྱས་ཏེ། ད་ལྟ་མགོ་ལོག་པདྨ་རྫོང་གི་བཙོན་ཁང་དུ་བཀག་ཉར་གྱིས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

རྒྱ་ནག་གཞུང་གིས་མགོ་ལོག་དཔལ་ལྡན་ལ་ཁྲིམས་དང་མཐུན་པའི་ཐོག་ནས་ཁྲིམས་བཤེར་བྱས་མེད། སྤྱིར་མགོ་ལོག་པདྨ་རྫོང་ལ་ཁྲིམས་ཁང་མེད་པས་ཁྲིམས་ཐག་སོགས་བཅད་དགོས་ན་མགོ་ལོག་ཁུལ་ཐོག་ནས་ཐག་གཅོད་བྱེད་ཀྱི་ཡོད་ཀྱང་། མགོ་ལོག་པདྨ་རྫོང་གི་ཉེན་རྟོག་པས་མགོ་ལོག་དཔལ་ལྡན་ལགས་ཀྱི་ནང་མིར་ཁོང་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད་པ་རེད་ཟེར་བ་ཙམ་མ་གཏོགས་ནང་མིར་གཞུང་འབྲེལ་གྱི་ཐོག་ནས་ཁྲིམས་ཐག་བཅད་པའི་ཡིག་ཆ་སོགས་གང་ཡང་འབྱོར་མེད་སྐོར་མཁོད་ཡོད་པ་རེད།

དེ་དང་ཆབས་ཅིག་གནས་ཚུལ་དང་འབྲེལ་བའི་སྐོར་མིང་དངོས་སུ་བརྗོད་འདོད་མེད་མཁན་ཞིག་གིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན་ལྟར་ན། བོད་རིགས་ན་གཞོན་གླུ་བ་མགོ་ལོག་དཔལ་ལྡན་ལགས་རྒྱ་ནག་གཞུང་གིས་ཉེ་བའི་ཟླ་ཤས་གོང་དེར་འཛིན་བཟུང་བྱས་འདུག སྤྱིར་ན་རྒྱ་ནག་གཞུང་གིས་གསལ་བཤད་ཅི་ཡང་མི་འདུག་མོད་གླུ་བ་དཔལ་ལྡན་ལགས་ཀྱིས་ལ་རྒྱའི་གླུ་ཞིག་བླངས་བ་ཁྲིམས་འགལ་ཡིན་ཚུལ་ལ་བསྙལ་ནས་རྒྱ་ནག་གིས་འཛིན་བཟུང་བྱས་བ་རེད་ཟེར་ནས་དེ་འདྲའི་གླེང་སློང་ཞིག་འགྲོ་བཞིན་འདུག ད་ལྟའི་དུས་སུ་མི་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་གོ་ཐོས་འདུག སྤྱིར་ན་རྒྱ་ནག་གཞུང་འབྲེལ་གྱི་སྒོ་ནས་བོད་རིགས་ན་གཞོན་གླུ་བ་དཔལ་ལྡན་ལགས་ཀྱི་ཁྲིམས་འགལ་ནག་ཉེས་ཅི་འདྲ་བསགས་ཡོད་མེད་དང་ཡང་ན་གཞུང་འབྲེལ་གྱི་སྒོ་ནས་ཁྲིམས་ཐག་བཅད་པ་ཡིན་ལུགས་ཀྱི་ཡིག་ཆ་སོགས་ནང་མི་ལ་ཅི་ཡང་འབྱོར་མི་འདུག པདྨ་རྫོང་གི་ཉེན་རྟོག་ཁང་ནས་ད་ལྟ་མི་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་པའི་བརྡ་ཞིག་འབྱོར་འདུག དེ་མ་གཏོགས་ཕྱི་གསལ་ནང་གསལ་གྱི་སྒོ་ནས་ཁྲིམས་ར་འཚོགས་ཏེ་ཁྲིམས་རྩོད་པ་སོགས་ཡོད་པའི་སར་ཚད་ལྡན་གྱི་སྒོ་ནས་ཁྲིམས་ཐག་བཅད་པ་དེ་འདྲ་གཏན་ནས་མ་རེད། གསང་བའི་ངང་ངམ་ཡང་ན་རྒྱ་ནག་ནང་མི་རིགས་ཚང་མ་འདྲ་མཉམ་གྱི་ཡོད་པའི་ཐོབ་ཐང་སོགས་གང་ཡང་མ་སྤྲད་པའི་སྒོ་ནས་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག་ཅེས་བརྗོད་སོང་།

དེ་ལྟར་ན་ཡོངས་གྲགས་སུ་མགོ་ལོག་གླུ་བ་དཔལ་ལྡན་ལགས་ནི་མགོ་ལོག་པདྨ་རྫོང་དྷི་མདའ་ཡུལ་ཚོའི་ཡོ་སྟག་སྡེ་བ་ནས་ཡིན་པ་དང་། དུས་རྒྱུན་སྒྲ་སྙན་རྡུང་ལེན་གྱི་སྒྱུ་རྩལ་ལ་དགའ་ཞིང་ཁོང་གིས་ཨ་མ་དྲན་གླུ་ཞེས་བའི་རྡུང་ལེན་བརྩམས་ཆོས་ཤིག་ཀྱང་སྤེལ་ཡོད་འདུག དམིགས་བསལ་སྔ་ལོར་སྨིན་ཐང་གསེར་མོ་མཚོས་གཙོ་སྒྲུབ་བྱས་པའི་རྡུང་ལེན་འགྲན་བསྡུར་ཁྲོད་ཨང་རིམ་དྲུག་པའི་བྱ་དགའ་བླངས་མྱོང་ཡོད་འདུག དྲ་ལམ་ནས་ལྟ་ཉན་བྱེད་མཁན་གྱི་བོད་རིགས་སྤུན་ཟླ་མང་པོས་སྐབས་དེར་ཁོང་ལ་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད་འདུག

XS
SM
MD
LG