བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས།
བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གཉིས་པ་དེ་སྤྱི་ཟླ་ ༡ ཚེས་ ༡༥ ཉིན་དབུ་འཛུགས་གནང་། ཚོགས་ཆེན་འདིའི་ནང་རིག་གཞུང་ལྟེ་གནས་ཁང་༨ དང་དགོན་སྡེ་ཁག་ ༥༠ དེ་བཞིན་འབྲེལ་ཡོད་ལས་བྱེད་ཁག་བཅས་ཁྱོན་ཚོགས་བཅར་བ་༦༠ ལྷག་མཉམ་ཞུགས་གནང་ཡོད།