ཨ་རིའི་རླུང་འཕྲིན་ཁང་གི་གཟའ་ཟླ་བ་ནས་པ་སངས་བར་གྱི་སྔ་དགོང་གཉིས་ཀྱི་ཀུན་གླེང་བརྙན་འཕྲིན་ནང་གསར་འགྱུར་དང་། དྲ་སྣང་གི་བོད། ཆབ་སྲིད་བཙོན་པ་ངོ་སྤྲོད། དཔེ་ཀློག་སོགས་ཀྱི་ལས་རིམ་དང་། བརྗོད་གཞི་གལ་ཆེན་མང་པོའི་ཐད་དུས་ཐོག་ཏུ་བགྲོ་གླེང་ལྷུག་པོར་གནང་བའི་ལེ་ཚན་བཅས་ཡོད་པས་དུས་ལྟར་གཟིགས་རོགས་གནང་། ཀུན་གླེང་ཐད་གཏོང་གི་དུས་ཚོད་ནི་རྒྱ་གར་གྱི་དགོང་མོའི་ཆུ་ཚོད་བདུན་དང་ཕྱེད་ཀ་ནས་བརྒྱད་པའི་བར་དང་། བོད་ནང་གི་དགོང་མོའི་ཆུ་ཚོད་བཅུ་བ་ནས་༡༠ དང་ཕྱེད་ཀའི་བར། དེ་བཞིན་ཨ་རིའི་ཤར་ཕྱོགས་ཀྱི་ཞོགས་པའི་ཆུ་ཚོད་༡༠ པ་ནས་༡༠ དང་ཕྱེད་ཀའི་བར་ཡིན། དེ་བཞིན་འདི་གའི་དགོང་དྲོའི་ཀུན་གླེང་ནི་རྒྱ་གར་གྱི་ཞོགས་པའི་ཆུ་ཚོད་༦ དང་ཕྱེད་ཀ་ནས་བདུན་པའི་བར་དང་། བོད་ནང་གི་ཞོགས་པའི་ཆུ་ཚོད་༩ ནས་༩ དང་ཕྱེད་ཀའི་བར། དེ་བཞིན་ཨ་རིའི་ཤར་ཕྱོགས་ཀྱི་དགོང་དྲོའི་ཆུ་ཚོད་༨ པ་ནས་༨ དང་ཕྱེད་ཀའི་བར་ཡིན། ཨ་རིའི་རླུང་འཕྲིན་ཁང་གི་ལས་རིམ་ཚང་མ་ནི་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་དྲ་ཚིགས་དང་། ངོ་དེབ། ཡུག་ཊུབ་སོགས་སྤྱི་ཚོགས་དྲ་རྒྱའི་སྟེང་གསན་གཟིགས་གནང་ཐུབ་པ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།