ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་མི་ཚང་མས་འོས་བསྡུའི་གཡུལ་སར་འབོད་པའི་མངའ་སྡེ་བདུན་པོར་དོ་སྣང་ལྷག་པར་བྱེད་ཅིང་། མངའ་སྡེ་དེ་དག་གིས་༢༠༢༤ ལོའི་འོས་བསྡུའི་མཇུག་འབྲས་ལ་ཐག་གཅོད་བྱ་རྒྱུ་ཡིན་པ་རེད། མངའ་སྡེ་ནེ་ཝ་ཌའི་འོས་བསྡུའི་མཇུག་འབྲས་ནི་ཕྱོགས་གཉིས་གང་རུང་ལ་ངེས་གཏན་མ་ཐུབ་པའི་གནས་སྟངས་ཤིག་གི་ངང་དུ་གནས་ཡོད།
ཕྱི་ཟླ་ ༡༡ ཚེས་༥ ཉིན་ཨ་རིའི་རྒྱལ་ཡོངས་འོས་བསྡུའི་སྐབས་འོས་འཕེན་པ་རྣམས་ཀྱིས་སྲིད་འཛིན་འོས་འདེམས་བྱེད་རྒྱུ་དང་དུས་མཚུངས་གྲོས་ཚོགས་འོག་མའི་འཐུས་མི་ཚང་མ་དང་གྲོས་ཚོགས་གོང་མའི་འཐུས་མི་གསུམ་ཆ་གཅིག་འོས་འདེམས་བྱ་རྒྱུ་ཡིན་པ་རེད། གྲོས་ཚོགས་སུ་སྲིད་དོན་ཚོགས་པ་གང་གྲངས་མང་ཆགས་མིན་དེ་སྲིད་འཛིན་གསར་པར་གནད་འགག་ཆགས།
ཨ་རིའི་ནང་གི་འོས་འཕེན་པ་ས་ཡ་༡༤ ཙམ་ནི་ལས་རྩོལ་བའི་མཐུན་ཚོགས་ཀྱི་འཐུས་མི་ཡིན་པ་དང། གཞི་རྐང་ཨ་རིའི་འོས་བསྡུའི་ནང་ལས་རྩོལ་བ་ཚོ་ནི་འོས་འཕེན་པའི་གྲངས་འབོར་ཉུང་ཤས་ཡིན་པར་ལྟོས་མེད་སྲིད་འཛིན་འོས་མི་གཉིས་ཀྱིས་ལས་རྩོལ་བའི་མཐུན་ཚོགས་ཀྱི་རྒྱབ་སྐྱོར་སོན་ཐབས་ཤུགས་ཆེ་གནང་བཞིན་ཡོད་པ་རེད།
༄༅།། དེང་སྐབས་ཨ་མི་རི་ཀའི་སྲིད་འཛིན་འོས་བསྡུ་བྱ་ལ་ཉེ་བའི་སྐབས་དེར་ རྒྱ་ནག་ནས་བཟོས་པ་སྲིད་ཟུར་ཏྲམ་དང་། སྲིད་འཛིན་སྐུ་གཞོན་ཀཱ་མ་ལ་ཧེ་རི་སི་གཉིས་ཀྱི་འོས་བསྡུའི་ལས་འགུལ་དང་འབྲེལ་བའི་ཚོང་ཟོག་མང་པོ་ཞིག་ཨ་རིའི་ཁྲོམ་རའི་ནང་འབྱོར་ཡོད་པའི་སྐོར་གྱི་གནས་ཚུལ་ཚེ་བརྟན་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་གི་རེད།
ཉེ་ཆར་རང་ལོ་༡༠༠ སོན་པའི་ཨ་རིའི་སྲིད་འཛིན་ཟུར་པ་ཁར་ཊར་གྱིས་དམངས་གཙོ་ཚོགས་པའི་འོས་མི་ལྕམ་ཧེ་རི་སི་ལ་འོས་ཤོག་འཕང་རྒྱུ་ཡིན་པ་ནང་མི་ཚོར་གསུངས་པ་ལྟར་ཉེ་ཆར་སྦྲག་ཐོག་ནས་༢༠༢༤ ལོའི་འོས་ཤོག་འཕངས་ནས་ཁོང་གི་མི་ཚེའི་མཐའ་མཇུག་གི་མངོན་འདོད་སྒྲུབ་ཐུབ་ཡོད་པའི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་འོས་བསྡུའི་ནང་གཡོ་འགུལ་ཅན་གྱི་མངའ་སྡེ་ཞེས་འབོད་པའི་མངའ་སྡེ་བདུན་པོས་འོས་བསྡུའི་མཐའ་མའི་རྒྱལ་ཕམ་ཐག་གཅོད་བྱེད་ཀྱི་ཡོད་པར། ཨ་རི་ཛོ་ན་ནི་དེ་སྔོན་སྤྱི་མཐུན་ཚོགས་པར་དགའ་ཞེན་ཅན་གྱི་མངའ་སྡེ་ཞིག་ཡིན་རུང་། དེ་སྔོན་༢༠༢༠ ལོར་མི་བྷ་ཌན་ལ་རྒྱལ་ཁ་ཐོབ་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
མ་གཞི་སྤྱི་མཐུན་ཚོགས་པའི་ཕྱོགས་སུ་ཡོད་པའི་མངའ་སྡེ་བྱང་ཁེ་རོ་ལ་ནའི་ནང་དམངས་གཙོ་ཚོགས་པར་དགའ་མོས་བྱེད་མཁན་གྱི་གཞོན་སྐྱེས་དང་ཕྱི་མི་གནས་སྤོ་བ་ཇེ་མང་འགྲོ་བཞིན་པར་བརྟེན་ད་ལྟ་སྲིད་འཛིན་འོས་མི་གཉིས་ཀས་མངའ་སྡེ་དེ་འོས་བསྡུའི་རྒྱལ་ཁ་ཐོབ་རྒྱུར་གལ་འགངས་ཆེན་པོ་བརྩི་བཞིན་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཊམ་གྱིས་ཉེ་ཆར་ནང་ཁུལ་དུ་ཡོད་པའི་དགྲ་བོ་འདུལ་དགོས་ལུགས་འགྲེལ་བརྗོད་གནང་པ་ལ་ཁ་གཏད་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སོགས་ཀྱིས་དེར་སྐྱོན་བརྗོད་ནན་པོ་གནང་ཡོད་པ་རེད། སྲིད་འཛིན་འོས་མི་རྣམ་གཉིས་ཀྱི་གཏམ་བཤད་ཁྲོད་ཚོར་ཤུགས་ཆེན་པོ་ཆགས་བཞིན་པའི་སྐོར་བསོད་ནམས་དབྱངས་འཛོམས་ནས།
ཨ་རིའི་ནང་ཕྲུ་གུ་མངལ་ནས་འདོན་རྒྱུའི་ཁྲིམས་གཞིའི་ཐད་ཁ་གཏད་སྲིད་དོན་ཚོགས་པ་གཉིས་པོས་སྲིད་བྱུས་ཐ་དད་འཛིན་པའི་སྐབས་འདིར། ཨ་རི་བ་མང་པོར་གནད་དོན་དེ་ནི་ད་ལོའི་རྒྱལ་ཡོངས་འོས་བསྡུར་མཉམ་ཞུགས་བྱེད་དགོས་དོན་གཙོ་བོ་ཞིག་ཆགས་ཡོད་པ་མངའ་སྡེ་ནེ་ཝ་ཌ་ནས་བཏང་པའི་གནས་ཚུལ་ཞིག་འཕྲིན་ལས་ཆོས་སྒྲོན་གྱིས་ཕབ་སྒྱུར་སྙན་སྒྲོན་ཞུ།
༢༠༢༤ ལོའི་ཨ་རིའི་སྲིད་འཛིན་འོས་བསྡུར་འོས་མི་སུ་ལ་རྒྱལ་ཁ་སོན་མིན་དེ་མངའ་སྡེ་བདུན་གྱིས་ཐག་གཅོད་རྒྱུའི་གནས་སྟངས་ཡོད་པ་དང། འདས་པའི་ལོ་ཤས་ནང་མངའ་སྡེ་བདུན་ནས་ཁ་ཤས་སྲིད་དོན་ཚོགས་པ་གང་རུང་ལ་རྒྱབ་སྐྱོར་ཆེ་བ་བྱེད་མཁན་ལ་གྱུར་ཡོད་ཅིང། ཨ་རིའི་དབུས་ཕྱོགས་མངའ་སྡེ་Nevada ནི་འགྱུར་བ་ཆེ་བའི་མངའ་སྡེ་ཞིག་ཆགས་ཡོད་པ་རེད།
ཨ་རིའི་འོས་བསྡུ་ཆེན་མོ་ལ་དུས་ཡུན་ཟླ་བ་གཅིག་མ་ཟིན་ཙམ་ལས་ལྷག་མེད་པའི་སྐབས་འདིར། སྲིད་འཛིན་འོས་མི་རྣམ་གཉིས་ཀྱིས་འོས་ཤོག་སུ་ལ་བླུག་རྒྱུ་ད་དུང་ཐག་ཆོད་མེད་པའི་འོས་འཕེན་པ་ཚོ་འགུག་ཐབས་བྱེད་བཞིན་པ་དང་། འོས་འཕེན་པ་འགའ་ཤས་ཀྱིས་ད་དུང་གཏན་འཁེལ་བྱས་མེད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ཀྱིས་སྙན་སྒྲོན་ཞུ།
གླུ་གཞས་མ་ཐེ་ལོར་སི་ཝེ་ཧྥུ་ཊི་དང་ཤུགས་རྩལ་པ་ཧུལ་ཁི་ཧ་གྷན་སོགས་མི་སྣ་གྲགས་ཅན་ཁག་ཅིག་གིས་སྲིད་འཛིན་འོས་མི་རྣམ་གཉིས་ལ་ངོས་འཛིན་གྱི་རྒྱབ་སྐྱོར་གསལ་བསྒྲགས་བྱས་ཡོད་ཀྱང་། འོས་བསྡུའི་མཇུག་འབྲས་ལ་ཤུགས་རྐྱེན་ཐེབས་ཐུབ་མིན་དེ་ད་དུང་ཚོད་ཐིག་ཁག་པོ་ཆགས་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
མང་སྣོན།