ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།
གསར་འགྱུར་ནང་དཀྱིལ་ཤར་ཁུལ་གྱི་ཟིང་འཁྲུག་མཚམས་འཇོག་དགོས་པ་ནན་བརྗོད་སྐོར་དང་། གྷ་ཛ་དང་ཡུག་ཀེ་རན་གྱི་དམག་འཁྲུག་མཚམས་འཇོག་གི་ཕྱི་འབྲེལ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད། ཀུན་གླེང་ལས་རིམ་དུ་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་པའི་སྐོར་ནས་བགྲོ་གླེང་ཞུ་རྒྱུ་ཡིན།