ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དྷ་རམ་ས་ལར་སླེབས་པ་དང་། ཨོ་སི་ཀྲོ་ལི་ཡ་དང་རྒྱ་ནག་གི་ཕྱི་འབྲེལ་དང་བོད་པའི་ངོ་རྒོལ། གྷ་ཛ་དམག་འཁྲུག་གི་གནས་སྟངས། ཡུག་ཀེ་རེན་གྱི་ཞི་བདེའི་ཚོགས་ཆེན། ཡུ་རོབ་དང་རྒྱ་ནག་གི་ཚོང་དོན་རྩོད་རྙོག་སོགས་ཡོད།
ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་ལེ་ཚན་ནང་ཚེ་རིང་དབང་མོ་ལགས་དང་ཚེ་བརྟན་དབང་ཕྱུག་ལགས་གཉིས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཟུར་པ་ཝུའུ་དབྱིན་ཅེ་ལ་རྒྱ་ནག་དམར་ཤོག་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ཞིབ་བཤེར་བྱེད་བཞིན་པའི་གནས་ཚུལ་བསྒྲགས་པའི་གསར་འགྱུར་ཞིབ་ཏུ་འགྲེལ་བཤད་ཞུས་ཡོད།།
ཡུག་ཀེ་རེན་གྱི་ཆེད་དུ་འཚོགས་པའི་ཞི་བདེ་ཚོགས་ཆེན་དེར་མཉམ་ཞུགས་བྱེད་མཁན་རྒྱལ་ཁབ་༨༠་ཙམ་གྱིས་མངའ་ཁོངས་གཅིག་གྱུར་དང་། རྒྱལ་སྤྱིའི་ཁྲིམས་ལུགས་དང་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་རྩ་འཛིན་བྱེད་དགོས་པ་བཅས་ནི་ཡུག་ཀེ་རེན་ནང་གི་ཨུ་རུ་སུའི་དམག་འཁྲུག་མཚམས་འཇོག་ཞི་བའི་གྲོས་མོལ་གྱི་གཞི་རྩ་འཛིན་དགོས་པའི་མོས་མཐུན་བྱུང་ཡོད།
༢༠༢༡ ལོའི་ཕྱི་ཟླ་ ༡ ཚེས་ ༦་ཉིན་ཨ་རིའི་གྲོས་ཚོགས་ནང་སྐབས་དེའི་སྲིད་འཛིན་ཏམ་གྱི་རྒྱབ་སྐྱོར་བ་རྣམས་ཀྱིས་༢༠༢༠ ལོའི་འོས་བསྡུའི་ཕམ་ཉེས་ལ་ཁ་གཏད་ལངས་ནས་ཟིང་ཆ་དང་གཏོར་རྒོལ་བཏང་པ་རེད། ལོ་འདིར་ལས་ཐོག་སྲིད་འཛིན་བྷ་ཌན་དང་ཊམ་རྣམ་གཉིས་ཀྱི་སྲིད་འཛིན་འོས་བསྡུའི་འགྲན་བསྡུར་ཁྲོད་དོན་རྐྱེན་དེ་གནད་འགག་ཅིག་ཆགས་ཡོད།
རེས་གཟའ་ཟླ་བའི་ཉིན་ཨི་སི་རེལ་གྱི་སྲིད་བློན་གྱིས་ཉེ་ལམ་དམག་དཔོན་ཟུར་པ་གྷན་ཛི་རྩ་དགོངས་ཞུས་པའི་རྐྱེན། དམག་དོན་ལྷན་ཁང་དེ་ཕྱིར་བསྡུ་བྱ་རྒྱུའི་གསལ་བསྒྲགས་བྱས་པ་དང་། ཨི་སི་རལ་དམག་དཔུང་གིས་གྷ་ཛའི་ལྷོ་རྒྱུད་དུ་ཆུ་ཚོད་༡༡ རིང་མེ་འཕེན་མཚམས་འཇོག་གིས་རོགས་དངོས་སྐྱེལ་འདྲེན་མོ་ཊ་ཤར་གཏོང་བྱ་རྒྱུའི་གསལ་བསྒྲགས་བྱས།
༄༅།། ༢༠༢༤་ལོའི་མགོ་སྟོད་ཟླ་བ་༣་གྱི་ནང་དུ་རྒྱ་ནག་གི་སྤྱི་ཚོགས་སུ་གཉེན་སྒྲིག་བྱེད་མཁན་བརྒྱ་ཆ་༨.༢་ཇེ་ཉུང་དུ་སོང་།
༄༅།། ལ་དྭགས་ཀྱི་བུ་མོ་ལོ་༡༥་ནས་བུད་མེད་ལོ་༤༩་བར་དུ་སོན་པ་དེ་དག་གི་གྲས་ཀྱི་མི་བརྒྱ་ཆ་༩༢་ལ་ཁྲག་ཚད་མ་ལོངས་པའམ། ཡང་ན་ཁྲག་དམར་གྱི་ཕྲ་ཕུང་ཉུང་དྲགས་པའི་དཀའ་ངལ་འཕྲད་བཞིན་ཡོད་ཅིང་།
ཨ་རིའི་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་ཆེད་འདུ་འཛོམས་རྒྱ་ཆེན་པོ་འཚོགས་པ་དང་། དྲིལ་བསྒྲགས་ཀྱི་བརྙན་ཐུང་མཚར་པོ་བཟོ་རྒྱུ་སོགས་ཀྱི་ཐད་དངུལ་སྒོར་ཐེར་འབུམ་མང་པོའི་འགྲོ་སོང་གཏོང་བཞིན་ཡོད། འོས་ཤོག་གི་གྲངས་ཀ་རྩིས་ཚར་བའི་རྗེས་སྦྱར་ཡིག་དང་སྟོད་གོས་ཐོག་ལ་བྲིས་པའི་འབོད་ཚིག་མ་གཏོགས་མི་དམངས་ཀྱི་དྲན་པ་ནས་ཡལ་འགྲོ།
ཡུ་རོབ་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་ནང་ཡུག་ཀེ་རེན་གྱི་རུ་ཁག་མཉམ་བཞུགས་གནང་ཡོད་པར་རྒྱལ་སྤྱིའི་ཐོག་ནས་དམིགས་བསལ་གྱི་དོ་སྣང་གནང་གི་ཡོད་པ་རེད།
ཨ་རིའི་རྒྱལ་ཡོངས་མང་གཙོ་ཐེབས་རྩ་ཁང་གིས་ཚོགས་སྒེར་ཁག་ཅིག་ལ་མང་གཙོའི་གཟེངས་རྟགས་ཕུལ་ཡོད་པའི་ཁོངས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ལའང་གཟེངས་རྟགས་འབུལ་བཞེས་གནང་བ་དེ་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་གནང་བ་ཞིག་ཡིན་པ་སྲིད་སྐྱོང་མཆོག་ནས་གསུངས།
༄༅།། ཐེ་ཝན་དུ་བཅའ་སྡོད་ཨ་རིའི་སྐུ་ཚབ་དོན་གཅོད་ནས་རྒྱ་ནག་གི་བཙན་འཛུལ་འུར་སྒྲོགས་དང་དྲག་པོའི་རྣམ་འགྱུར་ལ་སྐྲག་དགོས་པ་ཞིག་མིན། རྒྱ་ནག་གི་ཉེན་ཁ་དེ་སྣང་མེད་དུའང་གཏོང་མི་ཉན་ཞེས་ལམ་སྟོན་བྱས་འདུག
རྒྱ་ནག་དམར་ཤོག་གི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་དེ་རིང་གནས་ཚུལ་སྤེལ་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་དབྱིན་ཅེ་ཡིས་དམར་ཤོག་གི་སྒྲིག་ཁྲིམས་ལ་འགལ་བའི་ནག་ཉེས་ཚབས་ཆེན་བསགས་ཡོད་པའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་ཡོད་ཅེས་ཕྱིར་བསྒྲགས་བྱས་འདུག
ཨུ་རུ་སུའི་དམག་གྲུ་ཆེན་པོ་བཞི་ཀུ་པ་མཚོ་ཁུག་ཏུ་འབྱོར་ཏེ། ཡུལ་དེའི་དྲག་ཆས་དམག་དཔུང་དང་མཉམ་འབྲེལ་དམག་སྦྱོང་སྤེལ་རྒྱུ་ཡིན་ཞིང་། མོ་སི་ཀོ་དང་ཧ་ཝ་ན་གཉིས་ཀས་དེ་ཡིས་ས་ཁུལ་བདེ་འཇགས་ལ་ཉེན་ཁ་གང་ཡང་བཟོ་མི་སྲིད་པ་འགྲེལ་བརྗོད་བྱས། འོན་ཀྱང་ནུབ་ཕྱོགས་རྒྱལ་ཁབ་ཚོས་དོ་སྣང་བྱེད་བཞིན་པ་ཚེ་རིང་དབང་མོས་སྙན་སྒྲོན་ཞུས།
རེས་གཟའ་ལྷག་པའི་ཉིན་ལ་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱལ་ཁབ་བཅུ་གྲངས་འགའ་ཤས་ཤིག་གིས་བྱང་ཀོ་རི་ཡའི་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེ་ཐེབས་བཞིན་པའི་གནས་སྟངས་ཐད་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་ཀྱང་། རྒྱ་ནག་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ནས་དེ་ལ་ངོ་རྒོལ་དང་དགག་ཆ་སླེབས་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
༄༅།། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་གཉིས་ཀྱིས་ལོ་བཅུའི་རིང་ཨ་མི་རི་ཀས་ཡུཀ་རེན་ལ་མཚོན་ཆ་སྣ་མང་ཞིག་རོགས་རམ་སྤྲོད་རྒྱུའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད།
༄༅།། རྒྱ་གར་གྱི་སྲིད་བློན་མོ་དྷིས་འགོ་ཁྲིད་པའི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་སྲིད་གཞུང་གིས་བོད་ནང་གི་ས་ཆ་༣༠་ཐམ་པའི་མིང་བསྒྱུར་དགོས་པའི་ཆོག་མཆན་བཀོད།
བདུན་ཕྲག་འདིར་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཚོགས་ཆེན་སྟེང་ཨ་རིའི་སྲིད་འཛིན་གྱིས་ཡུ་རོབ་དངུལ་ཁང་སོགས་ནང་བཞག་པའི་ཨུ་རུ་སུའི་དངུལ་གྱི་སྐྱེད་ག་ནི་ཡུག་ཀེ་རེན་གྱི་དམག་ལ་འགྲོ་སོང་གཏོང་དགོས་གལ་ཆེའི་སྐོར་གསུང་འཆར་ཡོད། ཡུ་རོབ་ཀྱི་ཆབ་སྲིད་སྡིངས་ཆའི་སྟེང་གཡས་ ཕྱོགས་པར་རྒྱལ་ཁ་སོན་པར་བརྟེན་དཀའ་ངལ་འཕྲད་སྲིད་པ་རེད།
༄༅།། རྒྱ་ནག་ལ་སྐམ་མཚོ་གནམ་གསུམ་གང་ནས་ཕྱིན་ཀྱང་ཆུ་ཚོད་༧༢་ནས་ཉི་མ་༣༠་ཐམ་པའི་རིང་ཐོངས་མཆན་ཞུ་མི་དགོས་པར་བསྐྱོད་ཆོག་པའི་ཐབས་ལམ་༥་ཡོད་པའི་གསར་འགྱུར་ཐོན་འདུག
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུར་པ་སོགས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་བ་དང་། གྷ་ཛའི་དམག་འཁྲུག་གི་གནས་སྟངས་དང་མེ་འཕེན་མཚམས་འཇོག་གི་གྲོས་གཞི། ཨ་རིའི་ནང་བོད་མིར་འཇབ་དམག་གི་དམག་སྦྱོང་བྱེད་སའི་གནས། ཡུ་རོབ་གྲོས་ཚོགས་ཀྱི་འོས་བསྡུ་སོགས་ཡོད།
སྲིད་སྐྱོང་དབུ་བཞུགས་ཐོག་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ཉི་ཤུ་འཁོར་བའི་ཉིན་མོ་དང་བསྟུན་ནས་དེ་རིང་སྤྱི་ཟླ་ ༦ ཚེས་ ༡༠ ཉིན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་བྱུང་རབས་དང་གལ་ཆེའི་ལས་དོན་ཇི་བྱས་ཀྱི་ལོ་རྒྱུས་ཕྱོགས་བསྒྲིགས་དཔེ་དེབ་ཅིག་རྡ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་དབུ་འབྱེད་གནང་སོང།
མང་སྣོན།