༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་གྲ་སྒྲིག་ཚོགས་པ། རྡོ་རྗེ་ལྡན་རྣམ་རྒྱལ་གྲྭ་ཚང་གཙོ་བོར་གྱུར་བའི་དད་ལྡན་སྦྱིན་བདག་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ད་རིང་དུས་དབང་གསུང་ཆོས་ར་བའི་ནང་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་བཀའ་དྲིན་སྩལ་གནང་སོང་།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚེས་༢༧ ཉིན་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་ཀྱི་དགེ་འདུན་པའི་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞིའི་ཚོགས་བསྡུའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ནས་བཀའ་ཕེབས་གནང་བ་སྐལ་བཟང་འཇིགས་མེད་ལགས་ཀྱིས་རྡོར་གདན་ནས་ངོ་སྤྲོད་བྱས་ཡོད།
ཕྱག་འཚལ་སྐོར་སྦྱོང་གི་ཕན་ཡོན་གྱི་སྐོར་འདི་ག་རླུང་འཕྲིན་ཁང་གསར་འགོད་པ་སྐལ་བཟང་འཇིགས་མེད་ཀྱིས་བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་དགེ་བའི་བཤེས་གཉེན་ཆེན་པོ། ལྷ་རམས་པ་གྲགས་པ་ངག་དབང་སྐལ་བཟང་ལགས་སུ་བཀའ་འདྲི་ཞུས་པ་དེ་གཟིགས་རོགས་གནང།
ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་ཆབ་སྲིད་བཙོན་པ་ངག་དབང་སངས་སྒྲོན་ལགས་ངོ་སྤྲོད་བྱས་ཡོད།
ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་བོད་ཀྱི་ཆབ་སྲིད་བཙོན་པ་གྲགས་ཅན། རོང་རྒྱས་ཨ་གྲགས་ལགས་ཀྱི་ཚ་བོ་ལི་ཐང་དགོན་ཆེན་གྱི་དབུ་ཟུར། ཨ་ཀྲུག་བློ་སྤོ་ལགས་ངོ་སྤྲོད་བྱས་ཡོད།
མི་ལོ་༢༠ ལྷག་གི་རིང་རྒྱ་ནག་གཞུང་གི་བཙོན་ཁང་ནང་དཀའ་སྡུག་མྱོང་དགོས་བྱུང་བའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་ལྔ་པ་རྩེ་མགྲོན་དང་། སྐུ་སྒེར་དྲུང་ཆེའི་ཕྱག་རོགས་བགྲེས་ཡོལ་སྐུ་ངོ་བྱམས་པ་ཚུལ་ཁྲིམས་ངོ་སྤྲོད་ཞུ་རྒྱུ་ཡིན།
ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་མི་ལོ་༢༠ ལྷག་གི་རིང་རྒྱ་ནག་གཞུང་གི་བཙོན་ཁང་ནང་དཀའ་སྡུག་མྱོང་དགོས་བྱུང་བའི་སྐུ་སྒེར་དྲུང་ཆེའི་ཕྱག་རོགས་བགྲེས་ཡོལ་སྐུ་ངོ་བྱམས་པ་ཚུལ་ཁྲིམས་ལགས་ངོ་སྤྲོད་བྱས་ཡོད། །
ཕྱི་ཟླ་༡༡ ཚེས་༢༥ དེ་བཞིན་འཛམ་གླིང་ཁྱོན་ཡོངས་སུ་བུད་མེད་ཚོར་དྲག་སྤྱོད་སྤོང་བའི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། ཐེངས་འདིའི་བུད་མེད་ལས་རིམ་ནང་། བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པའི་འགན་འཛིན་ཚེ་རིང་སྐྱིད་དང་ལྷན། ཉིན་མོ་འདིའི་གལ་གནད་དང་དྲག་སྤྱོད་སྔོན་འགོག་སྐོར་གླེང་མོལ་ཞུས་ཡོད།
ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་བོད་མདོ་སྨད་རེབ་གོང་མདོ་བ་འབྲོག་ཕྱོགས་ནས་ཡིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་དང། རྩོམ་པ་པོ་གྲགས་ཅན་རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་ངོ་སྤྲོད་བྱས་ཡོད།
ཕ་ཡུལ་ཉག་རོང་ནས་ཡིན་པ་ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་ལགས་ནི་རྒྱ་ནག་འགོག་རྒོལ་གྱི་ལས་འགུལ་ནང་ཞུགས་རྐྱེན་ཕྱི་ལོ་༡༩༥༨ ལོར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་མི་ལོ་༢༧ ཙམ་རིང་བཙོན་ཁང་འདྲ་མིན་དུ་དཀའ་སྡུག་ཚད་མེད་མྱངས། ༡༩༨༥ ལོར་གློད་བཀྲོལ་ཐོབ་ནས་༡༩༨༧ ལོར་བཙན་བྱོལ་དུ་ཕེབས་ཏེ་བོད་དོན་དྲིལ་བསྒྲགས་ཤུགས་ཆེ་གནང་ཡོད།
ཆབ་སྲིད་བཙོན་པ་ཨ་མ་ཨ་བདེ་ངོ་སྤྲོད། ཕ་ཡུལ་ཉག་རོང་ནས་ཡིན་པ་ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་ལགས་སྤྱི་ལོ་ ༢༠༢༠ ཟླ་༨ཚེས་༣ཉིན་བཞུགས་སྒར་རང་ཁྱིམ་དུ་དགོངས་པ་རྫོགས། ༡༩༥༨ ལོར་རྒྱ་ནག་གཞུང་གིས་བཟུང་སྟེ་ཁྱོན་ལོ་༢༧ ལ་བཙོན་ཁང་དུ་བཅུག ༡༩༨༧ ལོར་བཙན་བྱོལ་དུ་ཕེབས་པའི་སྐོར་ངོ་སྤྲོད་ཞུ་ཡོད།
ཐེངས་འདིའི་ཆབ་སྲིད་བཅོན་པ་ངོ་སྤྲོད་ཀྱི་ལས་རིམ་ནང་དུ་གངས་སྐྱེས་སྒྲུབ་པ་སྐྱབས་སམ། སྨྱུག་མིང་ལ་གངས་མེ་སྟག་ཅེས་པ་དང་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གི་བོད་པ་ཐར་པ་བཀག་ཉར་ཁང་དུ་སྡུག་སྦྱོང་མནར་གཅོད་ཚད་མེད་ཕོག་སྟེ་འདས་གྲོངས་སུ་གྱུར་པ་དང་ལྷ་མོ་བཅས་ངོ་སྤྲོད་ཞུས་ཡོད།།
རྔ་པ་ཀིརྟི་དགོན་པའི་རྩོམ་པ་པོ་གྲྭ་བློ་བཟང་འཇམ་དབྱངས་(སྨྱུག་མིང་ལ་བློ་མིག) ལགས་ཕྱི་ལོ་༢༠༡༥ ཟླ་༤ ཚེས་༡༧ གྱི་མཚན་མོར་རྔ་བ་རྫོང་མཁར་གྱི་སྲང་ལམ་ཞིག་ནས་ཉེན་རྟོག་པས་བཙན་ཁྲིད་བྱས་ཤིང་། ༢༠༡༦ ཟླ་༥ ཚེས་༩ ཉིན་ཟི་ཁྲོན་ཝིན་ཁྲོན་མི་དམངས་ཁྲིམས་ཁང་ནང་གསང་བའི་ཁྲིམས་རྭ་ཚོགས་ནས་ལོ་བདུན་དང་ཟླ་བ་ལྔའི་ཁྲིམས་ཐག་བཅད་འདུག
ད་ལོའི་བོད་ཀྱི་གློག་བརྙན་དུས་སྟོན་དེ་ཕྱི་ཟླ་༡༠ པའི་ཚེས་༨ནས་མགོ་བཙུགས་ཏེ་རྡ་རམ་ས་ལར་ཉིན་གྲངས་གཉིས་ཀྱི་རིང་འཚོག་གི་ཡོད་པ་དང་། དུས་སྟོན་སྐབས་ཁྱོན་བསྡོམས་བོད་ཀྱི་གློག་བརྙན་༢༤ བསྟན་ཡོད་པའི་གྲས་སུ་བོད་ནང་ནས་ཕབ་བསྐྲུན་བྱས་པའི་གློག་བརྙན་གསུམ་ཡོད་པ་རེད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༢ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ཚོགས་སྒེར་གསུམ་ལ་འདི་ཚེས་༨ ཉིན་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་གནང་མཛད་ཡོད་པ་རེད། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་ནང་དོན་ངོ་སྤྲོད་གནང་།
བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་རྟོགས་ལྡན་ནི་སྤྱི་ལོ་༡༩༨༨ ཟླ་ ༣ པའི་ཚེས་ ༥ ལྷ་སའི་ཆོས་འཕྲུལ་སྨོན་ལམ་ཆེན་མོའི་ཉིན་མཐའ་མའི་ཉིན། དགའ་ལྡན་དགོན་པའི་དགེ་འདུན་པ་བདུན་བཅུ་ལྷག་གིས་བོད་ཀྱི་རྒྱལ་ས་ལྷ་སའི་བར་སྐོར་དུ་ཞི་རྒོལ་སྤེལ་བ་དེའི་ནང་དངོས་སུ་མཉམ་ཞུགས་གནང་ཙང་འཛིན་བཟུང་བྱས་པ་སོགས་ངོ་སྤྲོད།
ཐེངས་འདིའི་ཆབ་སྲིད་བཙོན་པའི་ངོ་སྤྲོད་ལས་རིམ་ནང་བོད་མདོ་སྨད་རྨ་ཆེན་རྫོང་ནས་ཡིན་པའི་བཀྲ་ཤིས་རྒྱལ་ལགས་ཀྱི་ལོ་རྒྱུས་ངོ་སྤྲོད་ཞུས་ཡོད།
སྤྱི་ཟླ་༩ ཚེས་༢༢ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གིས་བོད་ཡིག་ཐོག་ཡོད་པའི་བྱིས་པའི་སེམས་ཁམས་དང་འཚམས་པའི་བྱིས་སྒྲུང་དཔེ དེབ་དང་རྩེད་ཆས་ཁག་ཅིག་འཇམ་འབྱངས་བྱིས་པའི་དཔེ་མཛོད་ཁང་དུ་དབུ་འབྱེད་གནང་སོང་། སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ཕེཔས་ཡོད།
བོད་ཀྱི་ཟློས་གར་ཚོགས་པ་དང་བོད་ཀྱི་གཏམ་བརྗོད་ཚན་པ་ཟུང་འབྲེལ་ཐོག་ ༼པཱ་ལགས་༽ ཞེས་པའི་གཏམ་བརྗོད་ཀྱི་གཟིགས་ཕུད་ལས་རིམ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སྟེང་གཏམ་བརྗོད་དེ་སྤྱི་ཟླ་༡༠ པའི་ཚེས་༡ ནས་བཞུགས་སྒར་མང་ཚོགས་ལ་གཟིགས་འབུལ་གནང་རྒྱུ་དང་། དེ་རྗེས་བཙན་བྱོལ་བོད་མིའི་ས་གནས་ཁག་ནང་གཟིགས་འབུལ་གནང་རྒྱུ་རེད་འདུག
ཆབ་སྲིད་བཙོན་པའི་ལོ་རྒྱུས་ངོ་སྤྲོད་ནང་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་ལགས་སུ་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཁག་ཅིག་གིས་མུ་མཐུད་བོད་དོན་ལས་འགུལ་སྣ་མང་སྤེལ་ཡོད་པ་དང་། ་སྐབས་དེའི་ཞི་རྒོལ་གྱི་ཞིབ་ཕྲའི་གནས་ཚུལ་ཁག་ངོ་སྤྲོད་གནང་བ་ལ་གསན་རོགས་གནང་།
མང་སྣོན།