རྫ་སྟོད་ནས་ཡིན་པའི་དྲྭ་ལམ་རྩོམ་བྲིས་པ་ཟླ་བ་མཚོ་མོ་ལགས་རྒྱ་ནག་གིས་༢༠༡༤ལོར་འཇུ་བཟུང་བཙོན་འཇུག་དང་། ཡང་རྔ་བ་ནས་ཡིན་པའི་འོད་དཀར་སྐྱིད་ལགས་ཕྱི་ལོ་ ༢༠༡༥ ལོར་བོད་ལ་རང་དབང་དགོས་སོགས་ཁྲོམ་སྐོར་སྐད་འབོད་བྱས་རྗེས་བཙོན་འཇུག་བྱས་པའི་སྐོར་སྐལ་བཟང་འཇིགས་མེད་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།།
བོད་ཀྱི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་ཆབ་སྲིད་བཙོན་ཟུར་ཞིང་གཤེགས་དམ་པ་གཡུ་ལོ་ཟླ་བ་ཚེ་རིང་མཆོག་གི་ལོ་རྒྱུས་ངོ་སྤྲོད་བྱས་ཡོད། ཁོང་ནི་ལོ་༣༡ རིང་རྒྱ་ནག་གི་བཙོན་ཁང་དུ་བཅུག་པ་དང་། ལྷད་མེད་གཡུ་ལོའི་རྔུལ་ཐིགས་ཞེས་པའི་རང་རྣམ་བརྩམས་ཡོད། སྤྱི་ལོ་༢༠༠༢ ཟླ་༡ ཚེས ༡༦ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་དགོངས་པ་རྫོགས།
བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་ཤེས་ངག་དབང་དགེ་ལེགས་ལགས་ནི་༡༩༨༩ ཟླ་ ༩ པའི་ཚེས་༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་བར་སྐོར་ནང་འབྲས་སྤུང་དགོན་པའི་དགེ་འདུན་པ་༢༢ ཀྱིས་ཞི་བའི་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་བའི་ནང་མཉམ་ཞུགས་གནང་བས། རྒྱ་གཞུང་གི་བཙོན་དུ་ཚུད་པ་དང་། ༡༩༩༢ ལོར་རྒྱ་གར་དུ་བཙན་བྱོལ་དུ་ཕེབས།
བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིང་གཤེགས་དམ་པ་དཀར་མཛེས་དགེ་བཤེས་བསོད་ནམས་ཕུན་ཚོགས་ལགས། ཇི་ལྟར་བཙོན་འཇུག་བྱས་སྟངས་དང་དཀའ་སྡུག་ག་འདྲ་མྱངས་སྟངས་སོགས་ཀྱི་ལོ་རྒྱུས་ལ་རྗེས་དྲན་ཞུས་པ་དེ་གསན་རོགས་གནང།
བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་འདུན་རིན་ཆེན་ལགས་བོད་དུ་བཞུགས་པའི་སྐབས་རྒྱ་ནག་གཞུང་གིས་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་ལ་བརྟེན་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་མཐུན་སྒྲིལ་མེད་པ་བཟོ་བར་འབད་རྩོལ་ཇི་ལྟར་བྱེད་ཀྱི་ཡོད་པའི་སྐོར་སྐལ་བཟང་འཇིགས་མེད་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།
བོད་ཀྱི་ཆབ་སྲིད་བཙོན་པ་གྲགས་ཅན་དགེ་འདུན་རིན་ཆེན་ལགས་རྒྱ་ནག་གཞུང་གི་བཙོན་ཁང་ནས་བཙོན་གྲོལ་ཐོབ་སྟེ་ད་བར་མི་ལོ་༢༩ ལྷག་ཕྱིན། ཁོང་གིས་ཐེངས་དང་པོར་འདི་ག་རླུང་འཕྲིན་ཁང་བརྒྱུད་ནས་རྒྱ་གཞུང་གིས་ཁོང་བཙོན་འཇུག་བྱས་ཚུལ་དང་། བོད་ནང་དུ་རང་བཙན་གྱི་ལས་འགུལ་ནང་མཉམ་ཞུགས་གནང་ཚུལ་ཞིབ་ཕྲའི་ཐོག་ངོ་སྤྲོད་གནང་བྱུང་།
དེ་རིང་གི་བོད་ཀྱི་ཆབ་སྲིད་བཙོན་པ་ངོ་སྤྲོད་ལེ་ཚན་ནང་ཆབ་སྲིད་བཙོན་པ་ལྷུན་གྲུབ་རྡོ་རྗེ་དང་རིན་ཆེན་ཚུལ་ཁྲིམས་གཉིས་ངོ་སྤྲོད་བྱས་ཡོད། ཁོང་གཉིས་ནི་སྤྱི་ཚོགས་དྲ་ལམ་སྟེང་བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་སྤེལ་བར་བརྟེན་འཛིན་བཟུང་དང་བཙོན་འཇུག་ཁྲིམས་ཐག་བཅད་པ་རེད།
བོད་ཀྱི་ཆབ་སྲིད་བཙོན་པ་ངོ་སྤྲོད། ཕྱི་ལོ་ ༢༠༡༥ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གྱ་སྟོན་སྲུང་བརྩི་བྱས་པའི་ཉེས་མིང་འོག་རྒྱ་ནག་གཞུང་གིས་རྔ་བ་ཁུལ་གྱི་གྲྭ་འབྲུག་སྒྲ་སོགས་བོད་མི་དགུ་འཛིན་བཟུང་བཙོན་འཇུག་བྱས་པ་རྣམས་ངོ་སྤྲོད་བྱས་ཡོད།
དགུང་ལོ་༥༠ བརྒལ་བའི་སྨན་པ་མུ་ར་མཁས་གྲུབ་ལགས་སྤྱི་ལོ་༢༠༡༦།༡༢།༡༣ ཉིན་འཛིན་བཟུང་དང་། ༢༠༡༧།༡།༢༡ ཉིན་གློད་གྲོལ་བཏང་ནའང་ལོ་དེའི་སྤྱི་ཟླ་༢ ཚེས་༢༧ ཉིན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་འཐབ་ཕྱོགས་གཅིག་གྱུར་ཁང་ཟེར་བའི་མི་སྣ་ཡོང་སྟེ་གཟིམ་ཤག་ནས་བཙན་ཁྲིད་བྱས། སྔ་ཕྱིར་ཁྱོན་ལོ་གཉིས་དང་ཟླ་བརྒྱད་རིང་བཙོན་འཇུག་བཀག་ཉར་བྱས།
ནག་ཆུ་ཁུལ་ནས་ཡིན་པའི་ཁོར་ཡུག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ལས་འགུལ་བ་དང་ཚོང་པ་བསྟན་འཛིན་ཆོས་འཕེལ་ལགས། སྤྱི་ལོ་༢༠༡༨ ཟླ་༣ པའི་ནང་ལྷ་ས་གོང་དཀར་གནམ་ཐང་ནས་འཛིན་བཟུང་བྱས་ཤིང་། རྒྱ་ནག་གཞུང་གིས་བསྟན་འཛིན་ཆོས་འཕེལ་ལགས་ལ་མི་ལོ་བཅོ་བརྒྱད་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་ཉེ་ཆར་གཞི་ནས་ཤེས་རྟོགས་བྱུང་ཡོད།
དེ་རིང་གི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་ཆབ་སྲིད་བཙོན་པ་དགེ་འདུན་རིན་ཆེན་ལགས་ངོ་སྤྲོད་བྱས་ཡོད། ཁོང་ནི་༡༩༤༧ ལོར་སྨར་ཁམས་སུ་སྐྱེས་ཤིང་། ༡༩༩༣་ལོར་བོད་ཀྱི་རྒྱལ་ས་ལྷ་སར་ཡུལ་སྐོར་སྣེ་ཤན་པའི་ཕྱག་ལས་གནང་སྐབས་འཛིན་བཟུང་བྱས་པ་རེད།
རྒྱ་ནག་གཞུང་གིས་མདོ་སྨད་རེབ་གོང་མདོ་བ་འབྲོག་ནས་ཡིན་པའི་རྩོམ་པ་པོ་གྲགས་ཅན་རོང་བོ་དགེ་འདུན་ལྷུན་གྲུབ་ལ་༢༠༢༡།༡༢།༡ ཉིན་ཟི་ལིང་དུ་ལོ་བཞི་ཡི་བཙོན་འཇུག་ཁྲིམས་ཐག་དང་། ཁམས་རྫ་ཆུ་ཁ་འབུམ་རྙིང་སྡེ་པ་ནས་ཡིན་པའི་ས་བུ་ཆེའམ་ཐུབ་བསྟན་བློ་གྲོས་ལ་ཉེ་ཆར་ལོ་བཞི་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཆད་བཏང་འདུག
རྩོམ་པ་པོ་མགར་རྩེ་འཇིགས་མེད་ལགས་ནི། བོད་མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་མགོན་ཤུལ་ཚོ་བ་བཅུའི་ནང་ཚན་སྒར་བ་ནས་རེད་འདུག ཁོང་གིས་སྦྲང་ཆར་དང་བོད་ཀྱི་སློབ་གསོ་སོགས་དུས་དེབ་ཁག་ཏུ་བོད་ཀྱི་རིག་གཞུང་དང་འབྲེལ་བའི་རྩོམ་ཡིག་མང་དུ་སྤེལ་ཡོད་པ་མ་ཟད། ༢༠༠༨ ལོར་བཙན་པོའི་སྙིང་སྟོབས་ཞེས་པའི་དེབ་ཕྲེང་དང་པོ་པར་འགྲེམ་གནང་།
བླ་མ་མ་ཎི་ཞེས་པ་ནི་བོད་ཀྱི་དམངས་སྲོལ་རིག་གནས་ཤིག་ཡིན་པ་དང་། བླ་མ་མ་ཎིའི་རྣལ་འབྱོར་ཕོ་མོ་ཚོས། སྔོན་བྱོན་སྐྱེས་ཆེན་དམ་པ་དང་བྱང་ཆུབ་སེམས་དཔའི་རྣམ་ཐར་གསལ་བའི་ཐང་ཀ་ཞིག་ལ་བརྟེན་ནས་མང་ཚོགས་ཚོར་གཞས་མ་གཏམ་གྱི་ལམ་ནས་ནང་ཆོས་ངོ་སྤྲོད་བྱེད། སྒྱུ་རྩལ་དེ་བོད་དབུས་ཁུལ་གྱི་ལྷ་ས་དང་། གཞིས་ཀ་རྩེ་སོགས་སུ་དར་ཁྱབ་ཆེ།
རང་ལོ་༢༤་ལ་སོན་པའི་ནེ་ཕྱུང་རིའི་བཙུན་དགོན་གྱི་བཙུན་མ་བསྟན་འཛིན་ཆོས་སྐྱིད་སོགས་བཙུན་མ་ལྔས་༡༩༨༩་ལོའི་ཕྱི་ཟླ་༡༠་པའི་ཚེས་༡༤་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་བར་སྐོར་དུ་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཏེ་ཉེན་རྟོག་པས་འཛིན་བཟུང་བཙོན་འཇུག་བྱས། གློད་གྲོལ་ཐོབ་རྗེས་༡༩༩༣་ལོར་རྒྱ་གར་དུ་བཙོན་བྱོལ་དུ་ཕེབས།
དེ་རིང་གི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་དུ་རྒྱ་ནག་གཞུང་གིས་ལོ་༤༡ ལྷག་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་བློ་གྲོས་རྒྱ་མཚོ་ལགས་ངོ་སྤྲོད་བྱས་ཡོད།
དེ་རིང་གི་བོད་ཀྱི་ཆབ་སྲིད་བཙོན་པ་ངོ་སྤྲོད་ལེ་ཚན་དུ་༢༠༠༡་ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་གློག་བརྙན་ཞིག་བལྟས་པའི་དབང་གིས་རྒྱ་གཞུང་གིས་འཛིན་བཟུང་དང་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་མིག་དམར་སྒྲོལ་མ་ལགས་ངོ་སྤྲོད་བྱས་ཡོད།
ཐེངས་འདིའི་བོད་ཀྱི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་དུ་༡༩༨༧་ལོའི་ཕྱི་ཟླ་༩་པའི་ཚེས་༢༧་ཉིན་ལྷ་སར་བོད་མིའི་ཞི་རྒོལ་ལས་འགུལ་ལ་མཉམ་ཞུགས་བྱས་པར་བསྙད་ནས་ལོ་གསུམ་ལ་བཙོན་འཇུག་དང་སྔ་ཕྱིར་ལོ་༡༦ རིང་བཙོན་འཇུག་བྱས་པའི་བསོད་ནམས་རྒྱལ་པོ་ལགས་ངོ་སྤྲོད་བྱས་ཡོད།