བརྡ་འཕྲིན་བདེ་འཇགས་ཀྱི་གཙུག་ལག་རབ་འབྱམས་པ་དང་། ཁྲིམས་ལུགས་རིག་པའི་གཙུག་ལག་རབ་འབྱམས་པ་གདན་འདྲེན་ཞུས་ནས་ཨ་རིའི་གཞུང་གིས་བོད་པའི་སློབ་ཕྲུག་ཚོར་སློབ་ཡོན་སྤྲོད་བཞིན་པའི་སྐོར་ལ་བགྲོ་གླེང་ཞུས་ཡོད།
སྲིད་འཛིན་ཇོ་བྷ་ཌན་གྱིས་ས་མཚམས་སུ་སྐྱབས་བཅོལ་བ་ཚད་བཀག་བཟོས་པའི་དམིགས་བསལ་བཀོད་ཁྱབ་ལ་གྲོས་ཚོགས་སུ་དགེ་སྐྱོན་གཉིས་ཀའི་དཔྱད་གླེང་ཡོང་གི་ཡོད་པ་དང་།གནད་དོན་འདི་སྤྱི་ཟླ་༡༡ པའི་ཨ་རིའི་རྒྱལ་ཡོངས་འོས་བསྡུའི་སྔོན་གྱི་རྩོད་རྙོག་ཆེན་པོ་ཞིག་ཏུ་འགྱུར་རྒྱུ་ཡིན་པའི་སྐོར་ཚེ་རིང་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
རྒྱ་གར་རྒྱལ་ཡོངས་འོས་བསྡུ་ཆེན་མོ་མཇུག་སྒྲིལ་ཏེ་སྲིད་བློན་མོ་དྷི་ལ་བསྐྱར་དུ་རྒྱལ་ཁབ་ཐོབ་འདུག འདི་ནི་རྒྱ་གར་དམངས་གཙོའི་ལོ་རྒྱུས་སུ་རྒྱ་གར་སྲིད་བློན་དམ་པ་ནེ་རཱོའི་རྗེས་སུ་སྲིད་བློན་ཞིག་ཐེངས་གསུམ་ལ་བསྟུད་མར་འདེམས་ཐོན་བྱུང་བའི་སྲིད་བློན་དང་བོ་དེ་ཆགས་འདུག ༧གོང་ས་མཆོག་གིས་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། བྷ་ཌན་གྱིས་སྐྱབས་བཅོལ་བ་ཚད་བཀག་བཀོད་ཁྱབ་ལ་མཚན་རྟགས་བཀོད། སུད་སུར་ཚོགས་འཆར་ཡོད་པའི་ཡུཀ་རེན་གྱི་ཞི་བདེ་ལྷན་ཚོགས། ཨ་རིའི་བདེ་སྲུང་དྲུང་ཆེ་ཀེམ་བྷོ་ཌི་ཡར་ཕེབས་དོན། དྲུག་བཞིའི་དུས་དྲན་ཉིན་ལ་ཧོང་ཀོང་དུ་དམ་དྲག་བཅས་ཡོད།
དེ་རིང་གི་དྲ་སྣང་གི་བོད་དུ་རྒྱ་སྐད་ཀྱི་ཁོར་ཡུག་ཏུ་ཨཀྱཱ་རིན་པོ་ཆེ་གླེང་གཞིར་གྱུར་བ་དང་། ༧པཎ་ཆེན་རིན་པོ་ཆེ་རྩད་གཅོད་ཀྱི་ལས་འགུལ་སྤེལ་སྟངས་གསར་པ་སོགས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཐེ་ཝན་གྱི་བོད་དོན་ལས་འགུལ་བ་དང་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་མི་བཀྲ་ཤིས་ཚེ་རིང་ལགས་དང་ལྷན་ཐེ་ཝན་གྱི་ཕྱིའི་དགྲ་དང་གྲོས་ཚོགས་གཙོ་བྱས་པའི་ནང་ལོགས་ཀྱི་རྩོད་རྙོག་ཐད་བགྲོ་གླེང་ཞུས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཆོས་སྐྱིད་ལགས་གདན་འདྲེན་ཞུས་ནས་ཆུ་གློག་འཛུགས་སྐྲུན་གྱི་ཉེན་ཁ་དང་བོད་མིར་འཕྲད་ཀྱིན་པའི་དཀའ་ངལ་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད།
སྒྱུ་རྩལ་བ་ཚོ་དང་བླ་མ་ཚོར་དགའ་མོས་བྱེད་དེ་རྗེས་འབྲངས་བྱེད་མཁན་མང་པོ་ཡོད་པ་འདི་དབང་ཐང་ཆེན་པོ་རེད་ལ། འདི་ནི་འཇམ་པོའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན་པས། བཙན་བྱོལ་གྱི་སྒྱུ་རྩལ་བ་དང་བླ་མ་ཚོས་མི་གཅིག་ཡིན་ཡང་བོད་ཕྱོགས་ལ་འཁོར་ཐབས་བྱེད་རྒྱུར་གཡོལ་དུ་མེད་པའི་ལས་འགན་ཡོད་ཅེས་བོད་ཀྱི་གླུ་གཞས་སྒྱུ་རྩལ་བ་ཞིག་གིས་བརྗོད།
རྒྱལ་བ་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གི་ཡབ་ཀརྨ་དོན་འགྲུབ་མཆོག་སྐུ་གཤེགས་པའི་གནས་ཚུལ་ཐོན་ཡོད་ཅིང་། འདི་ནི་ཀརྨ་པ་ཕ་ཡུལ་བོད་ནས་བཙན་བྱོལ་དུ་ཕེབས་ཏེ་ཕན་ཚུན་ཞལ་འཛོམས་མ་བྱུང་བར་ལོ་༢༥ འཁོར་བའི་སྐབས་སུ་བྱུང་ཡོད་པ་ཚེ་རིང་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཚེ་རིང་སྐྱིད་ལགས་ཀྱིས་སྒྱུ་རྩལ་པ་དང་གཞས་པ་བློ་བརྟན་རྣམ་གླིང་ལགས་གདན་འདྲེན་ཞུས་ནས་བཙན་བྱོལ་གྱི་བོད་མི་སྒྱུ་རྩལ་བ་ཞིག་གི་བོད་དོན་ལས་འགུལ་གྱི་ཉམས་མྱོང་དང་ནུས་འབྲས་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་གདན་འདྲེན་ཞུས་ནས་ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོ་དང་བོད་མིའི་སྐུ་ཚབ་མཉམ་ཞུགས་བྱས་པའི་མཚོན་དོན་སོགས་ཀྱི་ཐད་བགྲོ་གླེང་ཞུ་རྒྱུ།
དེ་རིང་གི་དྲ་སྣང་གི་བོད་དུ་༧སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་པར་རྒྱ་ནག་ལ་ངོ་རྒོལ་དང་། རྒྱའི་ཟུར་ལྔའི་དྲ་དམག་གིས་བོད་དོན་དམིགས་འབེན་དུ་འཛིན་པ། ཕྱི་ནས་སྐྱེས་ཤིང་འཚར་བའི་བཙན་བྱོལ་མི་རབས་གསར་བའི་བརྡ་ལན་སོགས་ཡོད།
སྤྱིར་ཐེངས་འདིའི་ཨ་རིའི་སློབ་མ་ཚོའི་ལས་འགུལ་འདི་གསར་བ་དང་མ་འདྲ་བ་དེ་འདྲ་མིན་པར། ཨ་རིའི་ལོ་རྒྱུས་སུ་སློབ་ཆེན་ནང་དམག་འཁྲུག་ལ་ངོ་རྒོལ་དང་མི་རིགས་དབྱེ་འབྱེད་ལ་ངོ་རྒོལ་སོགས་ཀྱི་སློབ་མའི་ལས་འགུལ་གཞི་རྒྱ་ཆེན་པོ་དང་ཤུགས་རྐྱེན་ཅན་སྤེལ་མྱོང་ཡོད། འདིའི་སྐོར་གྱི་ཀུན་གླེང་བགྲོ་གླེང་གི་གནད་བསྡུས་འདི་རུ་འཁོད་ཡོད།
དེ་རིང་གི་ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་གོ་སྒྲིག་ཚོགས་གཙོ་དགེ་བཤེས་ཁྲི་གཡུང་དྲུང་ལགས་གདན་འདྲེན་ཞུས་ནས་ཉེ་ཆར་འཚོགས་པའི་རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་ཐད་གླེང་སློང་ཞུ་རྒྱུ་དང་།
ཐེངས་འདིའི་བོད་ཁམས་གསར་འགྱུར་ནང་། བོད་དུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་ཞེས་པ་སྤེལ་བཞིན་པ། བཙོན་གྲོལ་ཐོབ་ཀྱང་ནད་ཀྱིས་མནར་བ། ལོ་འདིར་འཛིན་བཟུང་བྱས་པའི་བོད་མི་གཉིས་རྩད་གཅོད། བཙོན་འཇུག་བྱས་ཏེ་ལོ་ལྔ་འཁོར་བ། སྡེ་དགེར་བྱུང་བའི་བོད་མི་ཞི་རྒོལ་བའི་གནས་སྟངས་བཅས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཧྥ་རན་སི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱུན་ལས་བསྟན་འཛིན་རྣམ་རྒྱལ་ལགས་གདན་འདྲེན་ཞུས་ནས་ཞི་ཅིན་ཕིང་གི་ཧྥ་རན་སིར་འཚམས་གཟིགས་དང་བོད་པ་དང་བོད་དོན་རྒྱབ་སྐྱོར་བའི་ངོ་རྒོལ་གྱི་ཐད་བགྲོ་གླེང་ཞུས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཨ་རིའི་བོད་པ་དང་ཆབ་སྲིད་དཔྱད་བརྗོད་པ་བསྟན་འཛིན་ཆོས་དབྱིངས་ལགས་གདན་འདྲེན་ཞུས་ནས་ཨ་རིའི་སློབ་གྲྭ་ཆེན་མོ་ཁག་ཏུ་སློབ་ཕྲུག་མང་པོ་ཞིག་གིས་པ་ལི་སི་ཐན་ལ་རྒྱབ་སྐྱོར་ལས་འགུལ་སྤེལ་བཞིན་པའི་མཚོན་དོན་དང་ཤུགས་རྐྱེན་ཐད་བགྲོ་གླེང་ཞུས་ཡོད།
དྲ་སྣང་གི་བོད། ༢༠༢༤ ཟླ་༥ ཚེས་༣ དེ་རིང་གི་དྲ་སྣང་གི་བོད་དུ་བོད་ཀྱི་ལོ་རྒྱུས་མི་སྣར་ལོག་འགྲེལ་དང་དྲ་མང་གི་བསམ་ཚུལ་དང་། སྡེ་དགེ་མི་མང་གི་ཞི་རྒོལ་ལ་ཞིབ་འཇུག་སྙན་ཐོ། རོང་ཟོམ་བརྙན་འཕྲིན་སོགས་ཡོད།
རྣམ་སྐྱིད་ལགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་སྐབས་ལོ་༡༥་ལས་སོན་མེད་ཀྱང་འདྲི་རྩད་ཀྱིས་མནར་གཅོད་གཏོང་སྐབས་རང་ཤི་རྒྱག་རྒྱུའི་བསམ་བློ་ཡང་འཁོར་མྱོང་འདུག བོད་ནང་གི་ཆབ་སྲིད་བཙོན་པ་ཚོའི་དཀའ་སྡུག་བཤད་ཞོར་མིག་ཆུ་ཐིག་པ་རེ་རེ་མཁུར་ཚོས་སུ་བཞུར་བཞིན་ཡོད་ཀྱང་ད་དུང་སྐད་ཆ་བཤད་རྒྱུར་འབད་བརྩོན་ཞུས་སོང་།
ཨ་རིའི་ཕྱི་སྲིད་དྲུང་ཆེ་ཉིན་གསུམ་རིང་ལ་རྒྱ་ནག་གི་ཧྲང་ཧེ་དང་པེ་ཅིང་དུ་འཚམས་གཟིགས་སུ་ཕེབས་ཏེ། ཞི་ཅིན་པེན་དང་ཝང་དབྱི་སོགས་ལ་མཇལ་འཕྲད་ཀྱིས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་ཐབས་བྱས། ཉིན་གསུམ་གྱི་འཚམས་གཟིགས་མཇུག་སྒྲིལ་ཡང་འབྲེལ་ལམ་ཡར་རྒྱས་འགྲོ་སྲིད་པའི་མཚོན་རྟགས་མེད་པ་རེད།
མང་སྣོན།