དྲ་སྣང་གི་བོད་དུ་ཨ་རིའི་རླུང་འཕྲིན་གྱི་བཀོལ་ཆས་གསར་བ་དང་བརྗོད་གཞི་སྣ་ཚོགས་ཀྱི་དྲ་ལམ་སྒྲ་སྒམ། རྒྱའི་དྲ་དམག་དང་འབྲེལ་བའི་ཨ་རིའི་སྙན་ཐོ། ༼ངས་མཐོང་བའི་བླ་བྲང་ཨ་ཁུ་འཇིགས་མེད་རྒྱ་མཚོ། ༽ གླིང་གེ་སར་གྱི་འགུལ་རིས་གློག་བརྙན་དང་ཆབ་སྲིད་དྲིལ་བསྒྲགས། གྷུ་གྷལ་ཡིག་བསྒྱུར་ཐད་བོད་མི་ཚོས་ཆ་ཤས་བཞེས་སྟངས་བཅས་ཡོད།
བོད་མིའི་སྒྲིག་འཛུགས་ཀྱིས་ད་ལྟ་འཛམ་གླིང་ཁྱོན་ཡོངས་ཀྱི་བོད་མི་བཙན་བྱོལ་བའི་མི་འབོར་གྲངས་བཤེར་བྱེད་བཞིན་པ་ལྟར། ཀོ་ལམ་བྷི་ཡ་གཙུག་ལག་སློབ་ཆེན་གྱི་མི་འབོར་ཞིབ་འཇུག་ལྟེ་གནས་ཁང་གི་ཉམས་ཞིབ་པ་དང་འབུམ་རམས་པའི་སློབ་མ་ཚེ་རིང་རིག་འཛིན་ལགས་དང་མཉམ་དུ་མི་འབོར་གྲངས་བཤེར་གྱི་གལ་གནད་སྐོར་ལ་བགྲོ་གླེང་ཞུས་ཡོད།
ཐུགས་གསོའི་གསུང་འཕྲིན། ཨེ་རན་གྱིས་ཨ་རི་ལ་སྐྱོན་བརྗོད། ལོ་ལྔའི་རྗེས་ཀྱི་མཉམ་འབྲེལ་དམག་སྦྱོང་། ཧྥི་ལི་པེན་སྲིད་འཛིན་གྱིས་ཨ་རིར་རོགས་དངུལ་སློང་བ། ཀརྨ་བསམ་གྲུབ་འཛིན་བཟུང་། བོད་ནང་ཆུ་ལོག་གི་གནོད་འཚེ། བོད་ནང་གདུང་སེམས་མཉམ་བསྐྱེད། སྒོ་ཤེས་རབ་རྒྱ་མཚོར་གཟེངས་རྟགས། བལ་ཡུལ་དོན་གཅོད་གསར་པ།
ལྷ་སའི་གོང་དཀར་རྫོང་ཁོངས་ཀྱི་གྲོང་མི་ཞིག་རི་སྒང་ལ་རྫི་བོར་སོང་ནས་ཚུར་ཁྱིམ་དུ་ལོག་སྐབས་ནད་ཡམས་རྟོགས་དཔྱད་ས་ཚིགས་ནས་རྟོགས་དཔྱད་མ་བྱེད་པའི་རྐྱེན་གྱིས་གོང་དཀར་རྫོང་གི་སྤྱི་བདེ་ལས་ཁུངས་ཀྱི་འགོ་ཁྲིད་ཀྱིས་རྡུང་རྡེག་བྱེད་བཞིན་པ་རེད།
བོད་ནང་གི་༼ནད་ཡམས་རྩ་མེད་ཀྱི་སྲིད་ཇུས། ༽ ་ལ་དྲ་མང་གི་བསམ་ཚུལ་དང་བོད་ཀྱི་བུད་མེད་གློག་བརྙན་འཁྲབ་ཁྲིད་པ་བསྟན་འཛིན་ཟླ་གསལ་གྱི་གློག་བརྙན་དྲ་ཚིགས། རྡ་རམ་ས་ལ་༽ཞེས་པའི་གློག་བརྙན་ལས་འཆར་གྱི་འགྲེལ་བརྗོད། ཨ་ཅག་ལགས་ཞེས་པའི་གཞས་གསར་བ་ཞིག་བཅས་ཡོད།
བོད་ཀྱི་རྒྱལ་ས་ལྷ་ས་དང་གཞིས་ཀ་རྩེ།མདོ་སྨད་ཀྱི་ས་ཁུལ་མང་པོ་སོགས་སུ་རྒྱ་ནག་གཞུང་གིས་ནད་ཡམས་རྩ་མེད་གཏོང་བའི་སྲིད་ཇུས་སྤེལ་ཏེ་ད་ལྟ་དངོས་ཟོག་གི་རིན་གོང་ཇེ་ཆེར་འགྲོ་བཞིན་པ་དང་། མི་མང་གི་སྨྲ་བརྗོད་དང་གནས་ཚུལ་འགྲེམས་སྤེལ་སོགས་ལ་སྔར་ལས་ལྷག་པའི་དོ་དམ་བྱེད་བཞིན་པ་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད།།
ཨ་རྒྱ་གཉིས་ཀྱི་མགྲིན་ཚབ་པ་ཚོའི་ཐེ་ཝན་བདག་དབང་དང་འབྲེལ་བའི་ཁ་དམག ཌི་ཝི་ཌར་བདག་པོ་ཟུར་བས་༼རྒྱ་དམར་༽་ལ་སྐྱོན་བརྗོད། བོད་མི་བཙན་བྱོལ་བའི་གཏམ་རྒྱུད་ཀྱི་པར་དེབ། སོ་སོའི་གྲོས་ཚོགས་འཐུས་མིར་བོད་དོན་ཞུ་གཏུག ཁམས་པའི་སྨྱུག་ཚོགས་ཀྱི་དྲ་ཚིགས་གསར་བ་བཅས་ཕྱོགས་སྒྲིག་བྱས་ཡོད།
༧གོང་ས་མཆོག་གི་མཛད་འཕྲིན། བོད་དུ་ཏོག་ནད་འགོག་སྲུང་། པེ་ཅིན་གྱི་༼རྒྱབ་ཤ་དཀར་པོ་༽ཞེས་པའི་དེབ། ཨུ་རུ་སུའི་དམག་གི་ལྟེ་གནས་ཤིག་གཏོར་བ། གྲྭ་ཚེ་བཀྲ་བཀག་ཉར་གྱིས་མནར་གཅོད་བཏང་བ། བོད་པའི་སྨན་པ་༢༦་ལ་གཞུང་འབྲེལ་ལག་ཁྱེར་སྤྲད་པ། མཁས་པའི་བགྲོ་གླེང་མཇུག་སྒྲིལ་བ། འཇར་མན་སྲིད་བློན་རྒྱ་ནག་ལ་ཕེབས་འཆར་མེད་པ།
སྤྱི་ཟླ་༧་ཚེས་༢༧་ཉིན་ནི་ཀོ་རི་ཡའི་དམག་འཁྲུག་མཚམས་བཞག་སྟེ་མི་ལོ་༦༩་འཁོར་བའི་དུས་དྲན་ཉིན་མོ་ཡིན། སྤྱི་ལོ་༡༩༥༠་ནས་༡༩༥༣་བར་གྱི་ཀོ་རི་ཡའི་དམག་འཁྲུག་ལ་རྒྱ་ནག་གིས་ཨུ་རུ་སུ་དང་མཉམ་དུ་བྱང་ཀོ་རི་ཡར་དམག་གི་དཔུང་རོགས་བྱས་ཡོད་ཅིང་། ཨ་མེ་རི་ཀས་སྣེ་ཁྲིད་པའི་དམག་དཔུང་གིས་ལྷོ་ཀོ་རི་ཡ་སྲུང་སྐྱོབ་བྱས་ཡོད།
བོད་ཀྱི་འབྱོར་ལྡན་ཚོང་པ་རྡོ་རྗེ་བཀྲ་ཤིས་ཀྱི་ཁྲིམས་རྩོད་པས་བརྗོད་ན་རྡོ་རྗེ་བཀྲ་ཤིས་ནི་བཙོན་ཁང་དུ་ནང་མི་དང་ཁྲིམས་རྩོད་པ་ཚོར་ཐུག་ཏུ་མ་བཅུག་པར་རྒྱུན་རིང་སོང་བས་ནང་མི་ཚོས་ཁོང་གི་ཤི་གསོན་ཅི་ཡིན་ཤེས་རྟོགས་ཐུབ་ཀི་མེད་པ་དང་། རྡོ་རྗེ་བཀྲ་ཤིས་ལགས་ལ་མི་རིགས་དབྱེ་འབྱེད་བྱེད་ཡོད་མེད་དོགས་འདྲི་བྱེད་འདུག
ཚེས་༢་ཉིན་གྱི་མཚན་མོ་ཨ་མེ་རི་ཀའི་གྲོས་ཚོགས་ཚོགས་གཙོ་ལྕམ་ནཱན་སི་པེ་ལོ་སི་ཐེ་ཝན་དུ་བདེ་བར་འབྱོར་བ་འདི་ནི་ཉིན་ཤས་ལ་རྒྱ་ནག་གཞུང་གིས་འཇིགས་སྣང་དང་དམག་འཁྲུག་སློང་ཉེན་གྱི་གཏམ་སྤྱོད་སྤེལ་བ་དེ་འབྲས་མེད་གྱུར་བར་བདེན་དཔང་བྱས་ཡོད།
ཡེ་ཤུ་བླ་ཆེན་མཆོག་ཁེ་ན་ཌར་ཕེབས་ཏེ་ཡུལ་འདིའི་ནང་གི་གདོད་མའི་མི་རིགས་ལ་བཤགས་སྡོམ་གནང་། ཁེ་ན་ཌའི་གདོད་མའི་མི་རིགས་ཀྱི་མྱོང་བ་དང་། རྒྱ་ནག་གིས་བོད་དུ་སྤེལ་བཞིན་པའི་སྲིད་ཇུས་གཉིས་ཞིབ་བསྡུར་བྱེད་ན་འདྲ་བའི་ཆ་མང་པོ་ཡོད་པ་ལུང་དང་རིགས་པའི་ཐོག་འབུམ་རམས་པ་རྒན་རྒྱལ་ལོ་ལགས་ཀྱིས་ཞིབ་འཇུག་རྩོམ་ཡིག་འདོན་སྤེལ་གནང་ཡོད།
༧གོང་ས་སྐྱབས་མགོན་མཆོག་རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་གསུང་ཆོས་གཙོས་པའི་མཛད་འཕྲིན་སྐྱོང་བཞིན་ཡོད། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱང་ཆེད་དོན་གནས་ཚུལ་མཁོ་འདོན་གནང་བར་ལ་དྭགས་སུ་ཕྱིན་ཡོད་པས་ཁོང་དང་མཉམ་དུ་ལ་དྭགས་ཁུལ་གྱི་༧གོང་ས་མཆོག་གི་མཛད་འཕྲིན་སོགས་ཀྱི་སྐོར་ནས་བགྲོ་གླེང་ཞུས་ཡོད།
རཱོ་དང་ཝེ་ཌི་ཡི་ཁ་མཆུ་ལས་བྱུང་བའི་ཁྲིམས་འདི་ལོ་ལྔ་བཅུར་གནས་རྗེས་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་ཕྱིར་བསྡུ་བྱས། ཁྲིམས་འདི་ནི་༡༩༧༣ ལོར་བུད་མེད་ཚོར་མངལ་ནས་ཕྲུ་གུ་འདོར་རྒྱུའི་ཐོབ་ཐང་དགོས་པའི་ཁྲིམས་གཏུག་ལས་བྱུང་། ད་ལྟ་ཆེས་མཐོའི་ཁྲིམས་ཁང་གིས་ཕྲུ་གུ་མངལ་ནས་འདོར་བའི་ཐོབ་ཐང་ནི་མངའ་སྡེ་སོ་སོར་མར་སྤྲད་པ་རེད།
ཐེངས་འདིའི་དྲ་སྣང་གི་བོད་་ལེ་ཚན་དུ་ནང་པའི་ཞལ་འདོན་གྱི་ཁ་པར་བཀོལ་ཆས་དང་ཁ་བྲལ་བ་རྩིས་སྤྲོད་བྱེད་དགོས་པའི་བརྡ་ཁྱབ། ཉི་ཧོང་སྲིད་བློན་ཟུར་བ་བསད་པར་རྒྱའི་དྲ་མང་གི་དགའ་སྟོན། འཆི་མེད་ལྷ་མོའི་འོས་བསྡུའི་དྲིལ་བསྒྲགས། ཕུར་བུ་བཀྲིས་རྣམ་རྒྱལ་གྱི་དགེ་རྩའི་དགོང་ཚོགས། གཞས་མ་ཆུང་ཆུང་དྭངས་གསལ་ལྷ་མོའི་གཞས་ཤིག་བཅས་ཡོད།
ཀུན་གླེང་ལས་རིམ་དུ་ཆབ་སྲིད་བཙོན་ཟུར་བླ་བྲང་འཇིགས་མེད་ལགས་སྐུ་གྲོངས་པའི་རྒྱུ་རྐྱེན་དང་ཁོང་འཛིན་བཟུང་བྱེད་པའི་རྒྱུད་རིམ། ཡང་རྒྱ་ནག་གི་ཉེན་རྟོག་པས་ཁོང་གཙོས་པའི་བོད་མི་ཚོར་མནར་གཅོད་བཏང་བའི་གོ་རིམ་རྣམས་ཕྱི་བསྒྲགས་ཀྱི་བརྙན་དེ་ཐོག་མ་ཨ་རིའི་རླུང་འཕྲིན་ལ་ཇི་ལྟར་འབྱོར་བ་ལ་སོགས་པའི་སྐོར་ལ་བགྲོ་གླེང་ཞུ་ཡོད།
༧གོང་ས་མཆོག་གི་སྐུ་པར་བཞག་པར་རྒྱ་ནག་གཞུང་གིས་བོད་མི་ཚོ་བཙོན་འཇུག་བྱེད་བཞིན་པའི་དམ་དྲག་གི་སྲིད་ཇུས་གང་འདྲ་སྤེལ་ཡང་། བོད་ནང་གི་བོད་མི་ཚོས་དཔའ་མཛངས་ལྡན་པའི་ངང་མུ་མཐུད་ནས་དྲ་ལམ་དུ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙི་བྱས་ཡོད་པའི་སྐོར་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།
བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་འཇིགས་མེད་རྒྱ་མཚོ་ལགས་བཙོན་ཁང་ནས་མནར་གཅོད་བཏང་བའི་རྐྱེན་གྱིས་ནད་པར་གྱུར་ཞིང་། བཙོན་གྲོལ་ཐོབ་ནས་ཟླ་༢་ལས་མ་སོང་བར་སྨན་ཁང་དུ་བཞུགས་དགོས་བྱུང་བ་བཅས་ལོ་དྲུག་ལ་སྨན་བཅོས་བྱེད་ཀྱང་དྲག་སྐྱེད་མ་བྱུང་བར་ཉིན་ཤས་སྔོན་སྐུ་གྲོངས་པའི་གནས་ཚུལ་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།
བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་བོད་ནང་གི་གནས་ཚུལ་རྒྱལ་སྤྱིར་བསྒྲགས་མཁན་བླ་བྲང་དགོན་པའི་དགེ་འདུན་པ་འཇིགས་མེད་རྒྱ་མཚོའམ་ཡོངས་གྲགས་སུ་འཇིགས་མེད་མགོ་རིལ་ལགས་སྐུ་གྲོངས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
མང་སྣོན།