དེ་རིང་གི་དྲ་སྣང་གི་བོད་དུ་དྲ་ལམ་འཕྲུལ་དེབ་ཏུ་བྱིས་སྒྲུང་གི་དེབ་གསར་པ་དང་། ༼ བོད་གསར་པ་ ༽ཞེས་པའི་ཆབ་སྲིད་དྲིལ་བསྒྲགས། ལྷ་སའི་ཉིན་གཅིག་ཅེས་པའི་གླུ་གཞས་སོགས་ཡོད།
རྒྱལ་ས་ཝ་ཤིང་ཊོན་དུ་ཉིན་གཉིས་རིང་འཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་བརྒྱད་པ་དེ་མཇུག་སྒྲིལ་སོང་། ཚོགས་འདུའི་གྲུབ་དོན་སྐོར་ལ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ལ་བཅར་འདྲི་ཞུ་རྒྱུ་ཡིན།
འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཉིན་གྲངས་གཉིས་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཐེངས་༨་པ་དེ་ཕྱི་ཟླ་དྲུག་པའི་ཚེས་༢༢ཉིན་གྲོས་ཚོགས་གོང་མའི་ཚོགས་ཁང་ཞིག་ཏུ་དབུ་འཛུགས་གནང་ཡོད་པའི་སྐོར་ཚེ་རིང་སྐྱིད་ལགས་ས་གནས་སུ་ཆེད་བཅར་གྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་གནང་བ་དེ་གསན་རོགས་གནང།།
༧གོང་ས་མཆོག་གི་མཛད་འཕྲིན། བོད་པ་ཤེས་ཡོན་པ་གཉིས་བཙོན་འཇུག ལྷོ་ཨེ་ཤ་ཡར་ཆུ་ལོག་འབྱུང་བཞིན་པ། བོད་དོན་གོམ་བགྲོད། གྲྭ་རིན་ཆེན་ཚུལ་ཁྲིམས། བལ་ཡུལ་དུ་གཞིས་འགོ་འདེམས་པ། རིས་མེད་མཁས་པའི་བགྲོ་གླེང་ཐེངས་ལྔ་པ།
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་དེ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་འཚོག་འཆར་ཡོད་ཅིང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་འདི་གར་ཆེད་ཕེབས་གནང་ཡོད་པས། ཀུན་གླེང་དུ་ཚོགས་གཙོ་ལགས་ལ་དམིགས་བསལ་བཅར་འདྲི་ཞིག་ཞུས་པ་ཡིན།
རྒྱ་ནག་གིས་ཚེ་དབང་ནོར་བུ་ལགས་གྲོངས་མེད་པའི་རྣམ་པ་སྟོན་བཞིན་པའི་སྐོར་དང་རྒྱའི་དྲ་དམག་གིས་བོད་སྐོར་དྲིལ་བསྒྲགས་སྤེལ་སྟངས། ཚོགས་པ་༢༠༠་ལྷག་གིས་དགོངས་ཞུ་བྱེད་དགོས་པའི་དགོས་འདུན་བཏོན་པ། འགུལ་རིས་ཀྱི་ལམ་ནས་བོད་ཀྱི་ལོ་རྒྱུས་བརྗོད་པའི་ལས་གཞི་བཅས་ངོ་སྤྲོད་ཞུས་ཡོད།
ཐེངས་འདིའི་ཀུན་གླེང་ལས་རིམ་ལ་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་༢༠༢༡་ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་དེ་གཟའ་འཁོར་སྔོན་མར་བཏོན་ཡོད་ཅིང་། ད་ལོའི་སྙན་ཐོ་དེར་རྒྱ་ནག་ནི་མུ་མཐུད་དུ་ཆོས་ལུགས་དད་མོས་རང་དབང་ལ་རྡོག་རོལ་གཏོང་མཁན་རྒྱལ་ཁབ་སྡུག་ཤོས་ཀྱི་གྲས་སུ་ཚུད་ཡོད་པ་གསལ་སྟོན་བྱེད་ཡོད་པ་སོགས་ལ་བགྲོ་གླེང་ཞུས།
༧གོང་ས་མཆོག་དང་ཡེ་ཤུ་བླ་ཆེན་ཊུ་ཊུ་གཉིས་ཀྱི་མཛའ་འབྲེལ་དང་དགོངས་པ་མཚོན་པའི་གློག་བརྙན་གསར་པ་ཞིག་གི་དྲ་ཚིགས། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དཔེ་མཛོད་དྲ་ཚིགས་དང་ཁ་པར་བཀོལ་ཆས། བོད་དོན་འཐབ་རྩོད་ལ་བོད་རང་དབང་ཞེས་པའི་དངོས་བྱུང་གློག་བརྙན་ཞིག་བཟོ་བཞིན་པའི་དྲ་ཚིགས་བཅས་ཡོད།།
བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་བོད་ལྗོངས་ཞིང་འབྲོག་སློབ་གྲྭ་ཆེན་མོའི་སློབ་མ་ཚོར་རང་སྲོག་མི་གཅོད་པའི་ཁས་ལེན་བྱེད་དུ་འཇུག་བཞིན་པ་དང་། ཁས་ལེན་ཡི་གེ་ལ་མིང་རྟགས་འགོད་དུ་འཇུག་བཞིན་པ་རེད། དེའི་སྐོར་གྱི་གནས་ཚུལ་ཚེ་རིང་སྐྱིད་ལགས་ཀྱིས་ཕྱོགས་བསྒྲིགས་བྱས་ཡོད།
དེ་རིང་ཀུན་གླེང་ལས་རིམ་ལ་ཨ་རིའི་ནུབ་ཕྱོགས་མཚོ་རྒྱུད་ཀྱི་བོད་པའི་སྤྱི་འཐུན་ཚོགས་པ་ཁག་མཉམ་འབྲེལ་གྱིས་ཉིན་གསུམ་རིང་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་དུས་སྟོན་རྒྱས་པ་ཤིག་འཚོགས་ཏེ། མཚན་ཚོགས་དང་། རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་འགྲན་སྡུར། རིག་རྩལ་དང་ངག་རྩལ་འཁྲབ་སྟོན་སོགས་པའི་བགྲོ་གླེང་ཞུས་ཡོད།
ལོ་གཉིས་ཀྱི་རིང་རྒྱ་ནག་གི་དྲ་ལམ་དུ་སྐད་གྲགས་བྱུང་བའི་ལི་ཐང་བསྟན་འཛིན་ལ་སྐྱོན་བརྗོད་བྱེད་མཁན་ཡོད་ན་ཁྲིམས་ལ་སྦྱོར་རྒྱུའི་བརྡ་ཁྱབ་དང་རྒྱའི་དྲ་ལམ་གྱི་བོད་རང་བཙན་དང་སྲིད་སྐྱོང་། བོད་མི་དམངས་སྤྱི་ཟུར་གདོང་འདུས་སྐྱིད་འཛོམས་ལགས་ཀྱི་དྲ་ཚིགས་དང་ཁོང་ཨོ་གླིང་གི་གྲོས་ཚོགས་འཐུས་མིར་འགྲན་ཞུགས་གནང་བ་སོགས་འདུས་ཡོད།
༄༅།། རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་དུ་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་པའི་བོད་ཀྱི་གཞས་པ་ཚེ་དབང་ནོར་བུའི་ཕ་ཆོས་རྒན་གྱིས་རང་སྲོག་བཅད་ནས་གྲོངས་ཡོད་པའི་གནས་ཚུལ་ཞིག་འདི་ག་རླུང་འཕྲིན་ཁང་དུ་འབྱོར་ཡོད་ཅིང་།
ཐེངས་འདིའི་ཀུན་གླེང་ལས་རིམ་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལ་ལོ་ལྔར་བཙོན་འཇུག་བྱས་ཀྱང་མུ་མཐུད་དུ་ནག་གི་རྩ་ཁྲིམས་དང་མཐུན་པའི་སྒོ་ནས་བོད་ཀྱི་སྐད་ཡིག་གི་ཐོབ་ཐང་ཞུ་གཏུག་དང་བསམ་ཚུལ་བརྗོད་བཞིན་ཡོད་པར་ཕྱོགས་མང་པོ་ནས་འགོག་རྐྱེན་འཕྲད་ཡོད་པ་སོགས་ལ་བགྲོ་གླེང་ཞུས་ཡོད།
ཚེ་རིང་སྐྱིད་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བསྟན་འཛིན་ནོར་རྒྱས་ལགས་ལ་ཨ་རིའི་ཕྱི་སྲིད་ལས་ཁང་གིས་བཏོན་པ་མ་ཐག་པའི་༢༠༢༡་ལོའི་འཛམ་གླིང་རྒྱལ་ཁབ་༡༩༠་ལྷག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། བོད་ནང་གི་གནས་སྟངས་ལ་གདེང་འཇོག་བྱས་ཡོད་པའི་ལོ་འཁོར་སྙན་ཐོའི་འཁོད་དོན་ཐད་བགྲོ་གླེང་ཞུས་ཡོད།
ཐེངས་འདིའི་དྲ་སྣང་གི་བོད་དུ་༼བོད་ཀྱི་མདུན་ལམ་༽ཚོགས་ཆེན་ལ་དྲ་ལམ་ནས་ཐོ་འགོད་བྱ་ས། བོད་ལ་རྒྱབ་སྐྱོར་བྱས་རྐྱེན་རྒྱ་ནག་ཏུ་བཀག་སྡོམ། འཛམ་གླིང་མི་མང་གི་མཉམ་རུབ་ལས་འགུལ་ལ་ཞུགས་སྟངས། ༼དཔལ་ལྡན་གྱི་ཐབ་ཚང་ ༽གི་དཔལ་ལྡན་ལགས་ལ་བཅར་འདྲི། ༼བྱེས་ཀྱི་བགྲེས་པོ་༽་བཅས་ཡོད།།
དེ་རིང་གི་དྲ་སྣང་གི་བོད་དུ་ཁམས་རིན་ཆེན་གྱི་ཐད་གཏོང་སྒོ་བརྒྱབ་པ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་དྲ་ཚིགས། བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་ཐད་གཏོང་ལ་མི་མང་གི་བསམ་ཚུལ་སོགས་ཡོད།
༄༅།། ཐེངས་འདིའི་དྲ་སྣང་གི་བོད་དུ་འཛམ་གླིང་ཤར་ནུབ་གང་སའི་བོད་པ་ཁག་ཅིག་ལ་ཕ་ཡུལ་བོད་དང་ཁ་བྲལ་ཏེ་བཙན་བྱོལ་དུ་ལོ་སར་ལ་རོལ་སྐབས་ཀྱི་སེམས་ཚོར་སྐོར་ལ་བཅར་འདྲི་ཞུས་པ་ཕྱོགས་སྒྲིག་བྱས་ཡོད།།
ཐེངས་འདིའི་དྲ་སྣང་གི་བོད་དུ་Enes Freedomཡིས་༧གོང་ས་མཆོག་གི་མཚན་ཐོག་ཏུ་ཡོད་པའི་ཏཱ་ལའི་བླ་མ་ལ་@ བྱེད་པ། རྒྱལ་སྤྱིའི་དྲ་མང་གིས་གླེང་གཞི་ཆེ་ཤོས་བྱུང་བའི་རྒྱ་ནག་གི་བུད་མེད་གསུམ། བོད་ཕྱི་ནང་གཉིས་སུ་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི། བོད་ཀྱི་ན་གཞོན་ཨ་མ་ཞིག་གིས་རང་གི་བུ་མོ་མཉམ་དུ་བོད་སྐད་ཡིག་སློབ་སྦྱོང་།
༄༅།། ཐེངས་འདིའི་དྲ་སྣང་གི་བོད་ཀྱི་ལེ་ཚན་ནང་དུ་བོད་ཀྱི་གྲོང་ཚོ་ཁག་རྒྱ་གྲོང་ལ་གནས་སྤོར་བའི་སྲིད་ཇུས་དང་ས་སྐྱ་ཞིབ་འཇུག་ཁང་། ཨོ་རྩལ་སྐབས་ཀྱི་བོད་འབྲེལ་ཉིན་ཐོ། རྒྱ་ནག་མི་མང་དྲ་རྒྱའི་ལྕགས་རི་བརྒལ་ཆོག་མིན་གྱི་བགྲོ་གླེང་བཅས་འདུས་ཡོད།།
དོན་གྲུབ་དབང་ཆེན་ལགས་ཀྱིས་ཡུ་རོབ་རྒྱལ་ཁབ་༡༥ལྷག་ཏུ་བོད་དོན་ལས་འགུལ་སྤེལ་བའི་སྐབས་སུ།རྒྱ་ནག་གཞུང་གིས་དོན་གྲུབ་དབང་ཆེན་གྱིས་བརྗོད་པའི་བོད་དང་འབྲེལ་བའི་གནས་ཚུལ་རྣམས་བདེན་པ་མིན་པ་དང་།ཁོང་ལ་ཉེས་འགེལ་གྱི་བརྙན་ཐུང་ཞིག་ཕྱི་ལ་བཀྲམས་པ་སོགས་བརྒྱུད་ནས་བོད་དོན་ལས་འགུལ་དེར་འགོག་རྐྱེན་བཟོས་པ་སོགས་ཀྱི་ཐད་བགྲོ་གླེང་།
མང་སྣོན།