དེ་རིང་གི་དྲ་སྣང་གི་བོད་དུ་ལྷ་སའི་རྒྱ་མི་ངོ་རྒོལ་བའི་དགོས་འདུན་ལ་རྒྱ་གཞུང་གིས་ངོས་ལེན་བྱས་པར་བོད་པ་ཚོར་བསམ་འཆར་བྱུང་ཞིང་། ཨ་རིས་སྒོ་ཤེས་རབ་རྒྱ་མཚོའི་ཆེད་དུ་འབོད་སྐུལ་ཞུས་པར་རྒྱའི་དྲ་དམག་གིས་འགོག་རྐྱེན་བཟོ་བཞིན་པ། ཨ་རིའི་བརྙན་འཕྲིན་ལས་རིམ་Survivor ཡི་བརྙན་ལེན་རུ་ཁག་ཏུ་བོད་པ་ཞིག་ཡོད་པ་སོགས་ཡོད།
འཇར་མན་དུ་རྒྱལ་སྤྱིའི་དཔེ་དེབ་ཚོང་འདུས་ཐེངས་༧༤་པ་ཚོགས་ཏེ་རྒྱལ་ཁབ་༩༠་ལྷག་ནས་དཔེ་དེབ་སྟོང་ཕྲག་མང་པོ་ཚོང་འགྲེམ་གྱི་བྱེད་སྒོར་བོད་ཀྱི་སྒྲ་སྒྱུར་ཉམས་ཞིབ་ཁང་གིས་༧གོང་ས་མཆོག་གི་དཔེ་དེབ་ཚོང་འགྲེམ་བྱས་ཡོད་པའི་སོགས་ལ་བགྲོ་གླེང་ཞུས་ཡོད།།
དེ་རིང་གི་དྲ་སྣང་གི་བོད་དུ་སུད་སིར་བོད་ཕྲུག་ཚོར་བོད་ཀྱི་རིག་གནས་ཟབ་སྦྱོང་ཐེངས་གསུམ་པ་འཚོགས་པ། བོད་མིའི་བར་ལ་ཚེ་རོགས་འཚོལ་སའི་དྲ་ཚིགས་གསར་བ་མི་ཚེ་ཞེས་པ་ངོ་སྤྲོད་བཅས་ཡོད།
གཟའ་འཁོར་སྔོན་མར་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཨ་རིའི་བདེ་སྲུང་འཐབ་ཇུས་གསར་བ་ཞིག་བཏོན་པ་དང་། ཡང་འཕྲུལ་རིག་ཐོན་རྫས་CHIPS ཅིབ་ལེབ་ཨ་རིར་བཀག་སྡོམ་བྱེད་རྒྱུའི་འཐབ་ཇུས་གསར་བ་ཞིག་བཏོན་པ་བཅས་ལ་བགྲོ་གླེང་ཞུ་རྒྱུ་ཡིན།
ལོ་མང་རིང་བོད་དོན་ལས་འགུལ་སྤེལ་མཁན་སངས་རྒྱས་སྐྱབས་ལགས་ཀྱིས་འདས་པའི་ཟླ་བ་༢ཙམ་གྱི་རིང་ལ་རྐང་འཁོར་བསྐོར་བསྐྱོད་ངང་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་ཡོད་པའི་སྐོར་དང་། དེ་བཞིན་ཁེ་ན་ཌའི་བོད་ཀྱི་ན་གཞོན་ཁག་ཅིག་གིས་བོད་ཀྱི་ཆེད་དུ་རྒྱང་རྒྱུགས་ལས་འགུལ་ཐེངས་གསུམ་པ་ཞིག་སྤེལ་བཞིན་པའི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།
རྒྱ་རི་རིན་པོ་ཆེ་དམ་པའི་ཕྱག་དེབ་ཉོ་ས་དང་བོད་ཕྱི་ནང་གི་གློག་བརྙན་༢༠ ལྷག་རིན་མེད་གཟིགས་འབུལ། ལྷ་སའི་རྒྱ་མོ་ཞིག་གིས་ལྷ་སའི་བོད་པ་ཡོངས་རྩ་མེད་བཟོས་ནས་ས་ཆ་དེ་རྒྱ་མིས་བདག་འཛིན་དགོས་པར་ངོ་རྒོལ། གློག་བརྙན་འཁྲབ་ཁྲིད་པ་དགེ་ལེགས་དཔལ་བཟང་ལགས་ཀྱིས་བཟོས་པའི་ཨ་མ་ལགས་ཞེས་པའི་དངོས་བྱུང་གློག་བརྙན་སྐོར་ལ་བཅར་འདྲི་བྱས།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་རྒྱའི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་དང་། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས་རྣམ་གཉིས་དང་ལྷན་རྒྱ་ནག་གི་ཚོགས་ཆེན་སྐབས་བདུན་པ་དང་དམར་ཤོག་ཚོགས་ཆེན་ཉི་ཤུ་བའི་སྐོར་ནས་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།
ཐེངས་འདིའི་དྲ་སྣང་གི་བོད་དུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་བའི་ཁ་འགོག་ཐབས་ལ་རྒྱ་ནག་གཞུང་ཚབ་ཀྱིས་འཇིགས་སྐུལ་ཡི་གེ་བསྐུར་བ། ༧སྐུའི་ཡང་སྲིད་ཐད་ཀྱི་སྙན་ཐོ་ཀློག་སའི་དྲ་ཚིགས། གློག་བརྙན་དྲ་ཚིགས་པྲ་དྲ། བྱེས་ཀྱི་གདན་ས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གཞུང་ཆེན་དཔེ་ཁྲིད་སྒྲ་སྒམ་ཆིག་སྟོང་ཡོད་པའི་ཁ་པར་བཀོལ་ཆས་སོགས་ཡོད།
ཐེངས་འདིའི་དྲ་སྣང་གི་བོད་དུ་རྒྱ་ནག་གིས་རྒྱལ་སྤྱིའི་ནང་བོད་ཀྱི་མིང་བསྒྱུར་ཐབས་བྱེད་བཞིན་པའི་སྙན་ཐོ་ཞིག་དང་བོད་ཀྱི་དྲ་མང་གིས་སྙན་ངག་པ་ཞིག་ལ་རྗེས་དྲན། ལྷ་སའི་ཟུར་བཀག་ཁང་གི་ཉིན་ཐོ། དྲ་ལམ་དུ་བརྗེད་འདེད་པ་ས་ཡ་བརྒལ་བའི་བོད་ཀྱི་ན་གཞོན་ཞིག་དང་ཁོང་ལ་ཐོབ་པའི་གཟེངས་རྟགས་དེ་༧གོང་ས་མཆོག་ཕུལ་བ་བཅས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བསྟན་འཛིན་ཕན་ཐོགས་ལགས་ལ་རྒྱ་ནག་གིས་བརྡ་འཕྲིན་རྒྱུད་ལམ་དུ་གཏམ་བརྗོད་དབང་ཐང་ཆེ་རུ་གཏོང་གི་ཡོད་པའི་འཐབ་ཇུས་ལ་བོད་གཞུང་མང་གཉིས་ནས་གདོང་ལེན་བྱེད་ཕྱོགས་ཐད་བགྲོ་གླེང་ཞུས་ཡོད།
ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཨ་རིའི་མངའ་སྡེ་༢༠་ལྷག་ནས་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ལྷག་ཕེབས་ཏེ་ཨ་རིའི་གྲོས་ཚོགས་སུ་བོད་དོན་ཞུ་གཏུག་བྱེད་བཞིན་ཡོད་པ་རེད། འདི་ནི་ཞུ་གཏུག་སྤེལ་ཐེངས་༡༤་བ་དེ་ཡིན། དེ་རིང་ང་ཚོས་ཞུ་གཏུག་པ་གསུམ་གདན་འདྲེན་ཞུས་ཏེ་བགྲོ་གླེང་ཞུ་རྒྱུ་ཡིན།
Covid restrictions have been intensifying across Tibet, leading to public resentment in the capital city of Lhasa under harsh and dystopian measures. The unsparing and ruthless management of the government’s covid response has led to the chaotic growth of large-scale quarantine in empty stadiums,
དེ་རིང་གི་དྲ་སྣང་གི་བོད་དུ་དེང་རབས་བོད་སྐད་ཤན་སྦྱར་མིང་མཛོད་དང་། ༼ཨ་མ་ལགས་༽ཞེས་པའི་གློག་བརྙན། སོན་རྩ་ལས་གཞིའི་རྒྱུ་ཆ་དང་འབྲེལ་ཐག་སོགས་ཡོད།
ཨ་རིའི་ནང་ལ་སློབ་གསོའི་ཐོག་ཕྱག་ལས་གནང་མཁན་བོད་པའི་ན་གཞོན་གཉིས་དང་མཉམ་དུ་ཨ་རིའི་བོད་པའི་ཕྲུ་གུ་ཚོའི་ཤེས་ཡོན་གྱི་གནས་བབ་དང་དཀའ་ངལ། ཕ་མ་དང་བུ་ཕྲུག་གི་འབྲེལ་བ་སོགས་ཀྱི་ཐད་ལ་བགྲོ་གླེང་ཞུས་ཡོད།
སི་ཀོ་ལན་ཌི་ཡི་བྷོལ་མོ་རེལ་མཁར་རྫོང་གི་དབྱིན་ཇིའི་རྒྱལ་མོ་ཨེ་ལེ་ཛ་བྷེ་ཐེ་གཉིས་པ་ཡི་སྐུ་གདུང་དེ་རྒྱལ་ས་ཨེ་ཌི་བྷ་རཱ་དུ་གདན་འདྲེན་ཞུས་ཡོད་ཅིང་ལོ་ངོ་བདུན་ཅུ་ལ་དབྱིན་ཇིའི་རྒྱལ་ཁྲིར་བཞུགས་པའི་རྒྱལ་མོའི་སྐུ་གདུང་བཞུགས་སའི་པུར་སྒྲོམ་ལ་མི་མང་གིས་ཉིན་ཤས་ལ་མཇལ་ཁ་ཞུས་ཆོག་གི་ཡོད་པ་རེད།
རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཡུ་གུར་མི་རིགས་ཀྱི་གནས་བབ་ཐད་ལ་དུས་འགྱངས་ཐེངས་མང་བྱས་པའི་སྙན་ཐོ་ཞིག་བཏོན་པ་དེའི་ནང་ལ། རྒྱ་ནག་གཞུང་གིས་ཞིན་ཅང་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་པ་དེ་ནི་འགྲོ་བ་མིར་གནོད་འཚེ་བཏང་བའི་ནག་ཉེས་གསོག་བཞིན་པ་འདྲ་ཞེས་ཐེར་འདོན་བྱས་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྣེ་ཁྲིད་པའི་བོད་དོན་སྐུ་ཚབ་ཚོགས་པ་ཞིག་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་པའི་བར་ལ། ཡུ་རོབ་ནང་གི་བོད་དོན་འཐབ་བྱུས་དང་ཡུ་རོབ་མཉམ་འབྲེལ་ནང་བོད་དོན་སྐུ་ཚབ་ཚོགས་པ་ཞིག་འཛུགས་ཐབས་བཅས་ཀྱི་ཐད་ལ་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལ་བཅར་འདྲི།
བོད་ནང་དུ་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་ཚོའི་སྐུ་ཕུང་སྲུང་སྐྱོབས་བྱེད་པ་སོགས་འབྲེལ་ཡོད་མི་རྣམས་ལ་རྒྱ་ནག་གཞུང་གིས་མི་བསད་པ་ལ་སོགས་པའི་ཉེས་འཛུགས་སྣ་ཚོགས་ཀྱིས་བཙོན་མཇུག་ཁྲིམས་ཐག་བཅད་པའི་ཁྲོད་ནས། ལོ་བཅུ་གཉིས་ལ་བཙོན་མཇུག་བྱས་པའི་ཆབ་སྲིད་བཙོན་པ་པདྨ་དོན་འགྲུབ་ལགས་གློད་གྲོལ་བཏང་ཡོད་པ།
ཨུ་རུ་སུ་ཡིས་ཡུཀ་རེན་ལ་བཙན་འཛུལ་བྱས་ཏེ་ཟླ་དྲུག་འཁོར་ཡོད། འདས་པའི་ཟླ་དྲུག་རིང་ལ་ཨུ་རུ་སུ་ཡིས་ཡུཀ་རེན་ལ་བཙན་འཛུལ་བྱེད་པའི་དམག་འཁྲུག་ནང་གི་རྒྱལ་ཁབ་གཉིས་ཀྱི་འགྱུར་བ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཤུགས་རྐྱེན། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དམག་འཁྲུག་འདིའི་ནང་ཆ་ཤས་ག་འདྲ་བཞེས་ཡོད་པ།།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཚེ་རིང་ཟླ་བ་ལགས་དང་ལྷན་བོད་ཀྱི་རྒྱལ་ས་ལྷ་ས་རུ་མི་རྣམས་ལ་ཁྱིམ་སྡོད་བཀའ་རྒྱ་བསྒྲགས་ནས་ནད་རྟགས་འདུག་པའི་མི་རྣམས་འཕྲལ་སེལ་ཟུར་བཀག་ཁང་ཁག་ཏུ་བཟའ་བཅའ་དང་སྨན་བཅོས་བྱེད་མཁན་སུ་གང་མེད་པ་སོགས་ཀྱི་གནས་ཚུལ་རིམ་པས་ཐོན་གི་ཡོད་པའི་ཐད་བགྲོ་གླེང་ཞུས་ཡོད།
མང་སྣོན།