ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་འདི་ག་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་། རྩོམ་སྒྲིག་པ་རྡོ་རྗེ་ཚེ་བརྟན་ལགས་སུ་ཨ་རིའི་སྲིད་འཛིན་ཐེངས་༤༧ པའི་དམ་འབུལ་མཛད་སྒོ་སྤྱི་དང་། ཡང་སྒོས་ཌོ་ནལ་ཊམ་མཆོག་གི་མ་འོངས་སྲིད་ཇུས་འཛིན་ཕྱོགས་སོགས་ཀྱི་སྐོར་ནས་བགྲོ་གླེང་ཞུ་རྒྱུ་ཡིན།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ལྷོ་ཀོ་རི་ཡའི་སྲིད་འཛིན་བཀག་ཉར་བྱས་པ་དང་། བོད་ཀྱི་སྒྲ་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས། གྷ་ཛའི་དམག་མཚམས་འཇོག་པའི་གྲོས་མོལ། ཨ་རིའི་དྲུང་ཆེར་མཚན་འདོན་བྱས་པ་ཁག་ལ་ཉན་ཞིབ། མེ་སྐྱོན། ཨུ་ཡུག་དམག་འཁྲུག་སོགས་ཡོད།
ཀུན་གླེང་ལས་རིམ་ནང་ཚེ་རིང་དབང་མོ་ལགས་ཀྱིས་རྒྱ་ནག་གི་ཁྲིམས་ལུགས་ཉམས་ཞིབ་པ་སྒྲོལ་མ་སྐྱབས་ལགས་དང་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་རྣམ་གཉིས་གདན་ཞུས་ཀྱིས་དིང་རིའི་ས་ཡོམ་དང་འབྲེལ་བའི་རྒྱ་ནག་གཞུང་གི་སྲིད་ཁྲིམས་ཐད་བགྲོ་གླེང་ཞུས་ཡོད།
གསར་འགྱུར་གཞན་ཁག་གི་གནད་བསྡུས་ནང་། ཌན་མག་གི་སྲིད་བློན་གྱིས་གྷི་རན་ལན་ཌིའི་མངའ་དབང་སྐོར་འགྲེལ་བརྗོད། ཨ་རིའི་ལོ་སི་ཨེན་ཇི་ལི་སི་རྫོང་ཁུལ་དུ་མེ་ཤོར་བ། ཧྥིན་ལེན་ཌིའི་ཕྱི་སྲིད་བློན་ཆེན་དང་ཡུག་ཀེ་རན་གྱི་སྲིད་འཛིན་གཉིས་མཇལ་འཕྲད་གནང་བ་བཅས་ཡོད།
རྒྱ་ནག་གི་ཁྲོམ་ར་ཞིག་ལ་མེ་སྐྱོན་བྱུང་ནས་མི་༨ རྐྱེན་འདས། ལྷོ་ཀོ་རི་ཡའི་སྲིད་འཛིན་གྱི་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་ལས་འགུལ་སྤེལ་བ། ཨ་རིའི་མངའ་སྡེ་མང་པོར་ཁ་བ་ཆེན་པོ་བབས་པ། བྷ་ཌན་གྱིས་མོ་ཏྲའི་གདོང་ཐུག་ཁྲོད་ཀྱི་འདས་པོ་ཚོར་མྱ་ངན་ཞུ་བ།
ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལེ་ཚན་ནང་ཉེ་ལམ་བོད་དང་རྒྱ་ནག་གི་ས་ཁུལ་འགའ་ཤས་ནང་HMPV ཞེས་པའི་ནད་དུག་འགོས་མཁན་ཇེ་མང་འགྲོ་བཞིན་པའི་སྐབས་འདིར་ཚེ་རིང་དབང་མོ་ལགས་ཀྱིས་རྡོ་རྗེ་ཚེ་བརྟན་ལགས་ལ་HMPV ནད་དུག་ཅེས་པ་དེ་ག་འདྲ་ཞིག་ཡིན་པ་དང་། དེའི་ནད་རྟགས་དང་ཁྱབ་གདལ་འགྲོ་སྟངས་སོགས་ཀྱི་སྐོར་ནས་བགྲོ་གླེང་ཞུས་པ་ཡིན།
སྤྱི་ཟླ་དང་པོའི་ཚེས་༣ ཉིན་ལ་ཨ་རིའི་རྩ་ཁྲིམས་ཀྱི་གཏན་འབེབས་ལྟར་སྐབས་༡༡༩ པའི་གྲོས་ཚོགས་གོང་འོག་གི་འཐུས་མི་གསར་པ་རྣམས་ཀྱིས་ལས་འཁུར་དམ་འབུལ་གྱི་མཛད་སྒོ་འཚོགས་རྒྱུ་ཡིན་པ་དང་། གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་མའེ་ཁི་ཇཱོན་སན་ལགས་ཀྱིས་མུ་མཐུད་ཚོགས་གཙོའི་ཐུགས་འགན་བཞེས་ཐུབ་མིན་ད་དུང་ངེས་གཏན་བྱུང་མེད།
བྷང་ལ་དྷེ་ཤིའི་སློབ་ཕྲུག་ཚོས་རྔམ་སྟོན་ཁྲོམ་སྐོར། རྒྱ་ནག་དང་ཐེ་ཝན་མི་དམངས་ཀྱིས་ཀར་ཊར་ལ་ལྟ་ཕྱོགས་ཐ་དད། རྒྱ་ནག་གིས་ཨ་རིའི་ནོར་སྲིད་ལྷན་ཁང་གི་གློག་ཀླད་ལ་སིལ་འཛུལ། ཐེ་ཝན་མི་དམངས་ལ་རང་དབང་རང་བཙན་གྱི་འདོད་མོས་ཇེ་ཆེ། ཧྥ་རན་སིས་སི་རི་ཡ་ནང་གི་རྟེན་གཞི་ཞིག་ལ་འཇབ་རྒོལ། པ་ཎ་མས་གྲུ་ཡུར་བླངས་ནས་མི་ལོ་༢༥ འཁོར་བ།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་འཛམ་གླིང་གང་སར་ཕྱི་ལོ་གསར་ཚེས་ཀྱི་རྟེན་འབྲེལ་ཞུས་པ་དང་། བལ་ཊིག་མཚོ་ནང་དུ་ཨུ་རུ་སུས་ཆེད་དུ་གནོད་སྐྱེལ་བའི་དཔང་རྟགས། ཨ་རི་བ་ཚོས་སྲིད་འཛིན་ཟུར་པ་ཀར་ཊར་མཆོག་དྲན་གསོ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་སོགས་ཡོད།
ཨ་ཛར་བྷེ་ཇན་གྱི་གནམ་གྲུ་བརྡབ་སྐྱོན་ཁྲོད་མི་༣༨ རྐྱེན་འདས། མེག་སི་ཁོའི་གསང་བའི་དུར་ས་ཞིག་ཏུ་ཕུང་པོ་༡༥ རྙེད་སོན། ཨ་རིའི་ལྷོ་ཕྱོགས་མངའ་སྡེ་ཁག་ལ་དྲག་རླུང་གི་གནོད་སྐྱོན་ཐེབས་པ། ལོ་རྒྱུས་ཉམས་ཞིབ་པ་དང་རྩོམ་པ་པོ་ལི་ཅཱང་ལིན་འདས་གྲོངས།
ཨ་རིའི་རླུང་འཕྲིན་ཁང་གི་གཟའ་མིག་དམར་ཉིན་གྱི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་སྲིད་འཛིན་ཟུར་པ་ཀར་ཊར་ལ་མྱ་ངན་དང་། སེ་རི་ཡའི་རྒྱལ་ཡོངས་འོས་བསྡུ་བྱེད་པར་ལོ་ཤས་འགོར་སྲིད་པ། ལྷོ་ཀོ་རི་ཡའི་གནམ་གྲུའི་ཆག་སྒོའི་དོན་རྐྱེན་ལ་ཞིབ་འཇུག གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད།
ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལེ་ཚན་ནང་ཚེ་རིང་དབང་མོ་ལགས་ཀྱིས་འདི་གའི་ཨ་རིའི་རླུང་འཕྲིན་ཁང་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་དུ་རྒྱ་ནག་གི་དཔལ་འབྱོར་དང་མི་འབོར་གྱིས་བོད་ལ་ཐེབས་སྲིད་པའི་ཤུཊ་རྐྱེན་སོགས་ཀྱི་ཐད་ནས་བགྲོ་གླེང་ཞུ་རྒྱུ་ཡིན།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཊམ་གྱིས་མིས་བཟོས་བཅོས་རིག་ཐད་ཨ་རིས་སྣེ་ཁྲིད་ཐུབ་པའི་རེ་བ་གནང་བཞིན་པའི་སྐོར་དང་། ཐེ་ཝན་གྱིས་ཊམ་གྱི་ལས་དུས་གསར་པར་གྲ་སྒྲིག་དང་རྒྱ་ནག་ལ་གདོང་ལེན། ཊམ་གྱི་སྲིད་གཞུང་གསར་པས་བྱང་ཀོ་རི་ཡ་ལ་འཛིན་རྒྱུའི་སྲིད་ཇུས། དེ་བཞིན་གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད།
དེ་རིང་གི་ཀུན་གླེང་ལས་རིམ་ནང་ཚེ་རིང་དབང་མོ་ལགས་ཀྱིས་ཁ་ན་ཌའི་བོད་དོན་ལྷན་ཚོཊ་ཀྱི་ལག་བསྟར་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་གདན་འདྲེན་ཞུས་ནས་རྒྱ་གཞུང་གིས་ཁོང་སྒེར་བ་དང་ཁ་ན་ཌའི་བོད་དོན་ཚོགས་སྒེར་ཁག་ཅིག་ལ་བཀག་སྡོམ་བྱས་པའི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།
ཨ་རིའི་རླུང་འཕྲིན་ཁང་གི་གཟའ་མིག་དམར་ཉིན་གྱི་ཀུན་གླེང་གསར་འགྱུར་ནང་༢༠༢༤ ལོར་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་སླར་གསོ་བྱས་སྐོར་དང་། ནིའུ་ཡོག་གི་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་གྱི་གློག་སྒྲོན་གཟབ་སྤྲས། ཨ་རིའི་མཁའ་དབྱིངས་ལས་ཁང་གི་མ་འོངས་མདུན་ལམ། ཨ་རིའི་གསར་ཁང་ལ་༢༠༢༤ ལོར་དཀའ་ངལ་དང་རྒྱལ་ཁ་ག་རེ་བྱུང་བ་སོགས་ཡོད།
བདམས་ཐོན་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཡུག་ཀེ་རན་དང་ཨུ་རུ་སུའི་འགོ་ཁྲིད་བར་དམག་འཁྲུག་མཇུག་སྒྲིལ་ཡོང་ཐབས་སུ་ཞི་བའི་གྲོས་མཐུན་འཇོག་རྒྱུར་གྲ་སྒྲིག་བྱེད་དགོས་པ་དང་། ཁོང་གིས་སྲིད་འཛིན་གྱི་འགན་བཞེས་རྗེས་ད་ཡོད་ཀྱི་གནས་སྟངས་ལ་འགྱུར་བ་གཏང་རྒྱུ་ཡིན་ཞེས་བརྗོད་ཡོད་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
བདམས་ཐོན་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིར་ཁྲིམས་འགལ་བྱས་ནས་འཛུལ་ཡོང་བའི་ཡིག་ཆ་མེད་པའི་ཕྱི་མི་གནས་སྤོ་བ་ཕོན་ཆེན་ཕྱིར་འབུད་གཏང་རྒྱུ་ཡིན་ཞེས་ཁས་ལེན་བྱས་ཡོད་པའི་རྐྱེན་གྱིས། ནིའུ་ཡོག་མངའ་སྡེ་སོཊ་ཀྱིས་དེ་ལ་གདོང་ལེན་བྱེད་ཕྱོགས་ཐད་ནས་གྲ་སྒྲིག་བྱེད་བཞིན་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
སི་རི་ཡའི་སེ་ཌི་ནཱ་ཡ་བཙོན་ཁང་ནི་འཛམ་གླིང་ཐོག་བཙོན་པ་ཚོར་མནར་གཅོད་ཚད་མེད་གཏོང་ས་དང་སྲོག་ཁྲིམས་མང་ཤོས་གཅོད་སའི་བཙོན་ཁང་གདུག་རྩུབ་ཆེ་ཤོས་དེ་ཡིན་པ་དང་། དེང་སྐབས་ཨ་ས་ཌིའི་སྲིད་དབང་མགོ་རྟིང་སློག་ཡོད་པའི་རྐྱེན་གྱིས་བཙོན་པ་མང་པོ་ཞིག་གློད་བཀྲོལ་ཐོབ་ཡོད་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ནིའུ་ཡོག་ཁྲིམས་ཁང་གིས་ཊམ་གྱི་ཞུ་གཏུགས་འཕྲུ་སློག་བཏང་བ། ཊིག་ཊོག་བཟོ་ཚོང་ཁང་གིས་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་ལ་རེ་སྐུལ། པ་ཀི་སི་ཐན་དུ་ཆོས་ལུགས་གྲུབ་མཐའ་བར་འཁྲུག་རྩོད། ཝ་ནུ་ཨ་ཐུ་རྒྱལ་ཁབ་ཏུ་ས་ཡོམ་གྱིས་མི་གཅིག་རྐྱེན་འདས། ཡུག་ཀེ་རན་གྱིས་ཨུ་རུ་སུའི་དམག་སྤྱི་ལྐོག་བསད་བྱས་པར་ཨུ་རུ་སུས་དགྲ་ཤ་ལེན་སྲིད་པ།
ཀུན་གླེང་གསར་འགྱུར་ནང་༸གོང་ས་མཆོག་གིས་སྔགས་རིམ་སློབ་གཉེར་ཐོན་རིམ་དྲུག་པའི་དགེ་བཤེས་མར་མཇལ་ཁ་སྩལ་བའི་སྐོར་དང་། ཨུ་རུ་སུའི་མཐོ་རིམ་དམག་སྤྱི་ཞིག་མོ་སོ་ཀོ་རུ་ལྐོག་བསད་བཏང་བ། ཊམ་གྱིས་ཡུག་ཀེ་རན་དང་ཨུ་རུ་སུའི་དམིགས་བསལ་སྐུ་ཚབ་མིང་འདོན་གནང་བ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་སོགས་ཡོད།
མང་སྣོན།