ཟླ་བ་རྗེས་མའི་ཕྱི་ཚེས་༩ དང་༡༠ ཉིན་རྒྱལ་ས་ལྡི་ལིར་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་དབུ་ཁྲིད་ཀྱི་ཚོགས་ཆེན་ཚོགས་ལ་ཉེ་མཚམས་འདིར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པས་ཁ་སང་ལྡི་ལིར་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ནས་G-20 དབུ་ཁྲིད་ཚོར་བོད་ཀྱི་གནད་དོན་དེ་སེལ་རྒྱུའི་འོས་འགན་ཡོད་པ་དྲན་སྐུལ་གནང་།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༡༩ ཉིན་ལ་དྭགས་ཀྱི་རྒྱལ་ས་གླེ་ནས་ཚོུད་གཉིས་སར་ཆགས་པའི་གཤམ་ས་ཁུལ་གྱི་མང་ཚོགས་སྟོང་ཕྲག་ཁ་ཤས་ལ་སྒྲོལ་དཀར་གྱི་ཚེ་དབང་བཀའ་དྲིན་བསྩལ་གནང་ཡོད་པའི་སྐོར་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་གནང་བའི་གནས་ཚུལ་དེ་སྙན་སྒྲོན་གནང་གི་རེད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༥༣ པ་དེ་ཕྱི་ཟླ་༨་ཚེས་༧ཉིན་ལ་དྭགས་བསོད་ནམས་བོད་མིའི་གཞིས་ཆགས་སུ་དབུ་འཛུགས་གནང་བ་དང་། རྒྱ་བལ་འབྲུག་གསུམ་གྱི་ཡན་ལག་ས་གནས་གཞོན་ནུ་ལྷན་ཚོགས་༣༧ གྱི་ཚོགས་མི་༩༠ཙམ་བཅར་ཡོད། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ལ་དྭགས་ཀྱི་གནད་ཡོད་དཔོན་རིགས་ཁག་ཅིག་ཕེབས་འདུག
གོང་ས་མཆོག་ཕྱི་ཟླ་༨ཚེས་༧ཉིན་ལ་དྭགས་ཀྱི་རྒྱལ་ས་གླེར་རྟེན་གཞི་བྱས་པའི་ལམ་སྒྲོན་སློབ་གྲྭའི་ལྔ་བཅུའི་དུས་ཆེན་དང་དབྱར་ཆོས་ཆེན་མོ་ཐེངས་༩ པའི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཤིང་། དེ་གའི་དགེ་སློབ་ཡོངས་ནས་ད་བར་རིགས་ལམ་སློབ་ཚན་སྦྱོང་སྤྱོད་སྤེལ་གསུམ་གནང་བར་བསྔགས་བརྗོད་དང་མུ་མཐུད་ཤུགས་རྒྱག་དགོས་པའི་ལམ་སྟོན་སྩལ།
༧གོང་ས་མཆོག་གིས་དེ་རིང་ལ་དྭགས་བྱང་ཐང་དང་བསོད་ནམས་གླིང་གཞིས་ཆགས་ཀྱི་མང་ཚོགས་ལ་ཟུར་དུ་མཇལ་ཁ་དང་བཀའ་སློབ་སྩལ་བ་དང་། བོད་ཕྲུག་ན་གཞོན་ཚོས་བོད་ཀྱི་མཁས་གྲུབ་དང་སྐྱེས་བུ་དམ་པ་ཚོས་བདག་གཅེས་གནང་པའི་ལྟ་གྲུབ་ཀྱི་རིག་གཞུང་ལ་སློབ་སྦྱོང་བྱེད་ནས་འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་སེམས་ཤུགས་བསྐྱེད་དགོས་པའི་བཀའ་སློབ་ཕེབས།
༧གོང་ས་མཆོག་གིས་ཕྱི་ཚེས་༢༥ ཉིན་འདི་ག་ལ་དྭགས་ཞི་བ་ཚལ་ཕོ་བྲང་དུ་ཡུ་རོབ་བྷེལ་ཇེམ་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་བོད་ཕྲུག་སློབ་མ་སྐོར་ཞིག་ལ་ཟུར་དུ་མཇལ་ཁ་སྩལ་བ་དང་། ན་གཞོན་རྣམས་ལ་བོད་མི་རྣམས་ཀྱི་སྙིང་སྟོབས་དང་ཆོད་སེམས་ལ་འགྱུར་བ་མེད་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་ལ་ནུས་པ་ཁྱད་པར་བ་ཡོད་པའི་བཀའ་སློབ་སྩལ་འདུག
ཕྱི་ཟླ་༧ ཚེས་༢༤ ཉིན་ལ་དྭགས་ནང་པ་ཚོགས་འདུ་དང་ལ་དྭགས་དགོན་པ་ཚོགས་འདུས་གཙོས་དད་ལྡན་མང་ཚོགས་ཡོངས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སྐབས། མགོན་པོ་མཆོག་ལ་དྭགས་སུ་ཡང་ནས་ཡང་དུ་ཕེབས་རྒྱུའི་ཞལ་བཞེས་ཐོབ་རྗེས་ལ་དྭགས་པ་འགོ་མང་ཡོངས་རྫོགས་དགའ་ཚོར་དཔག་མེད་བྱུང་འདུག
བོད་ཟླ་༦ པའི་ཚེས་༤ ཆོས་འཁོར་དུས་ཆེན་གྱི་དུས་ཚིགས་ཁྱད་པར་ཅན་ཉིན། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭཊ་སུ་ལག་ལེན་སོ་བདུན་མའི་ཆོས་འབྲེལ་བཀའ་དྲིན་བསྐྱངས་སྐབས་དམག་འཁྲུག་གི་ཉེས་དམིཊ་དང་འཛམ་གླིང་ཆོས་ལུཊ་མཐུན་སྒྲིལ་གྱི་གལ་གནད་སོཊ་ཀྱི་ཐད་བཀའ་སྩལ་སྐོར་བསྟན་འཛིན་ནོར་བཟང་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
ཐེངས་འདིའི་ཨ་རིའི་རླུང་འཕྲིན་ཁང་གི་དཔེ་ཀློག་ལེ་ཚན་ལ་དབྱིན་ཇིའི་རྩོམ་པ་པོ་ཆལ་སི་བྷེལ་གྱིས་རྒྱལ་དབང་སྐུ་ཕྲེང་༡༣་པའི་ཆོས་སྲིད་ཀྱི་མཛད་འཕྲིན་སྐོར་བྲིས་པའི་བརྩམས་ཆོས་ཀྱི་བརྗོད་བྱ་སོགས་ལ་ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བྱམས་པ་བསམ་གཏན་ལགས་སུ་བཅར་འདྲི་ཞུས་ཡོད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཉིན་གཉིས་པའི་མཛད་སྒོའི་ཚོགས་མགོན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་ཚོགས་བཅར་བ་ཡོངས་ལ་བླང་དོར་བཀའ་སློབ་སྩལ་གནང་ཡོད། ཞིབ་ཕྲ་ང་ཚོའི་ལྡི་ལིའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་ཆེན་མོ་དགེ་བཤེས་ངག་དབང་བསམ་གཏན་ལགས་ནི་ཤེས་རིག་གོང་འཕེལ་གྱི་བརྒྱུད་རིམ་ཁྲོད་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་གྱི་ཤེས་ཡོན་ཅན་ཞིག་དང་། ཁོང་གིས་ད་བར་ལོ་༢༣ རིང་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་དང་རིགས་བདག་ཆེན་མོའི་ཐུགས་འགན་བཞེས་ཡོད་པ་རེད།
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཚེ་མེད་ཞི་བའི་ཐབས་ལམ་ལྟེ་གནས་གིས་ཁ་སང་ཚེས་༢༧ ཉིན་ལྡི་ལིའི་ IIC ལྟེ་གནས་ཁང་དུ་ Resetting India’s Tibet Policy 2022 ཞེས་རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་བསྐྱར་གནང་རྒྱུ་དུས་ལ་བབ་ཡོད་པའི་མཁས་པའི་ཞིབ་འཇུག་གི་རྒྱབ་གཉེར་སྙན་ཐོ་ཞིག་འདོན་སྤེལ་གནང་།
༧གོང་ས་མཆོག་གིས་དེ་རིང་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གཞུང་གི་འཛིན་སྐྱོང་ལས་བྱེད་ཚོར་སྦྱོང་བརྡར་འབུལ་ཡུལ་ IIPA ལྟེ་གནས་ཁང་དུ་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་རིང་གི་སྙིང་རྗེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་ནི་དེང་འདིར་ཧ་ཅང་གི་འབྲེལ་བ་ཆེན་པོ་དང་དགོས་མཁོ་ཅན་ཞིག་ཆགས་ཀྱི་ཡོད་པ་བཀའ་བསྩལ་ཡོད།
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཚེས་༥ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཡོད་པ་ལྟར།གཟའ་སྤེན་པའི་ཉིན་བོད་སྒར་བསམ་ཡས་གླིང་དུ་བོད་མིའི་ཚོང་ལས་སྡེ་ཚོགས་ཀྱི་གོ་སྒྲིག་གནང་པའི་བོད་ཀྱི་དུས་སྟོན་ལས་རིམ་དུ་ང་ཚོ་ཚང་མས་མཉམ་རུབ་ཐོག་ནས་བོད་དོན་དྲིལ་བསྒྲགས་གནང་གལ་དུ་གསུང་སོང་།
དེ་རིང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགོ་ཚུགས་ནས་ལོ་༧༣འཁོར་བའི་རྒྱལ་སྟོན་དུས་ཆེན་སྲུང་བརྩི་བྱེད་བཞིན་པའི་དུས་མཚམས་འདིར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ལྡི་ལི་རྒྱ་ནག་རྒྱ་ནག་གཞུང་ཚབ་ཏུ་རྒོལ་མཆོང་གི་ལས་འགུལ་སྤེལ་ནས་ནད་ཡམས་རྩ་འགོག་གི་སྲིད་བྱུས་འོག་ནས་བོད་མི་དམར་གསོད་གཏོང་མཚམས་བཞག་དགོས་པ་གསུང་སོང་།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེངས་འདིའི་ལ་དྭགས་ནང་གི་མཛད་འཕྲིན་ཡོངས་སུ་ལེགས་གྲུབ་ཀྱིས་ཕྱི་ཟླ་༨་ཚེས་༢༦ ཉིན་ལྡི་ལིར་༧ཞབས་སོར་བདེ་བར་འཁོད། ད་རེས་མགོན་པོ་མཆོག་ལ་དྭགས་ནང་དུ་ཉིན་གྲངས་༤༢ རིང་བཞུགས་ཞག་མཛད་འཕྲིན་བསྐྱངས་ཡོད་པ་དེ་ནི་ད་བར་དུས་ཡུན་རིང་ཤོས་གྲས་ཤིག་ཀྱང་ཆགས།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཟླ་༨་ཚེས་༡༣ ཉིན་སྔ་ཐོག་ཟངས་དཀར་པ་ལྡུམ་ས་གནས་སུ་རྟེན་གཞི བྱས་པའི་Anjumane Moen Ul Islam ཁ་ཆེའི་ཆོས་ར་ཞིག་ཏུ་འཚམས་གཟིགས་དང་། ས་གནས་ཀྱི་སློབ་མ་བརྒྱ་སྐོར་ཁ་ཤས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་བཀའ་སློབ་བསྩལ་སོང་།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་ཆེ་མཆོག་རེས་གཟའ་ཕུར་བུའི་ཉིན་ཟངས་དཀར་དུ་༧ཞབས་སོར་བཀོད་རྗེས་ས་གནས་ཀྱི་ལས་སྣེ་ཚོར་མཇལ་ཁ་གནང་བ་དང་། རྒྱ་གར་མང་གཙོ་དང་ཆོས་དད་རང་དབང་འོག་ཧི་མ་ལ་ཡའི་རྒྱུད་ཀྱི་མང་ཚོགས་ལ་བོད་དང་རྒྱ་ནག་ནང་བོད་ཀྱི་ཆོས་རིག་གོང་འཕེལ་ཡོང་ཐབས་སུ་དམིགས་བསལ་འགན་ཡོད་རེད་ཅེས་བཀའ་སློབ་བསྩལ།
ལིང་ཤེད་ཅེས་པའི་ཡུལ་དེ་ནི་ལ་དྭགས་ཀྱི་རྒྱལ་ས་གླེ་ནས་རྒྱང་ཐག་ཀི་ལོ་མི་ཊར་༡༥༠ཡས་མས་སར་ཆགས་པའི་ལུང་ཁུག་ཅིག་རེད་འདུག་པ་དང་། ཡུལ་དེར་སྐུ་འབུམ་བཀྲིས་འོད་འབར་གླིང་དགོན་ཞེས་ལོ་ངོ་༦༠༠ཙམ་གྱི་ལོ་རྒྱུས་ཡོད་པའི་དགོན་རྙིང་རྩ་ཆེ་ཞིག་ཀྱང་འདུག ལ་དྭགས་ཀྱི་ཐེངས་འདིའི་དབྱར་ཆོས་དེ་ལིང་ཤེད་དུ་འཚོགས་པ་རེད།
མང་སྣོན།