ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ལིན་བྷུ་ལིན་ཁེན་གྱིས་ཨི་སི་རེལ་དང་ཧ་མ་སིའི་དབར་ལ་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་སོགས་གསལ་བསྒྲགས་གང་ཡང་མེད་པར་དཀྱིལ་ཤར་ཡུལ་གྲུའི་བསྐོར་སྐྱོད་མཇུག་སྒྲིལ་གནང་ཡོད་པའི་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
སྲིད་སྐྱོང་མཆོག་གིས་སུད་སིའི་གྲོས་ཚོགས་འཐུས་མི་སོགས་ལ་མཇལ་འཕྲད། ཡུ་ཀེ་རན་གྱི་ཤར་ཕྱོགས་གྲོང་ཁྱེར་ཞིག་ལ་རྒོལ་རྡུང་མུ་མཐུད་དུ་ཕོག་པ། སོ་ལོ་མོན་གླིང་ཕྲན་གྱི་སྲིད་བློན་གསར་པ་འདམས་ཟིན་པ། ཨ་རིའི་དབུས་དངུལ་ཁང་གིས་སྐྱེས་ཀའི་ཚད་གཞི་རང་སོར་བཞག་པ།
ཀུན་གླེང་གསར་འགྱུར། ༢༠༢༤ ཟླ་༤ ཚེས་༢༦ པཎ་ཆེན་རིན་པོ་ཆེ་དགུང་གྲངས་༣༥ ཕེབས་པའི་འཁྲུངས་སྐར་སྲུང་བརྩི། ཨེ་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་གི་མཇལ་བཅར། ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེར་བརྟན་བཞུགས་བསྟར་འབུལ། ཕྱི་སྲིད་དྲུང་ཆེས་བསྐྱར་དུ་རྒྱ་ནག་ལ་འཚམས་གཟིགས། ཡུག་ཀེ་རེན་གྱིས་ཨ་རིའི་རོགས་སྐྱོར།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། རྒྱ་གར་གྱིས་ཧྥི་ལི་པིན་ལ་མེ་ཤུགས་འཕུར་མདའ་སྐྱེལ་འདྲེན་བྱེད་བཞིན་པ། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ལོ་འཁོར་སྙན་ཐོ། སོ་བ་འཛིན་བཟུང་དང་འཇར་མན་གྱི་གཡས་ཕྱོགས་ཚོགས་པར་སྐྱོན་བརྗོད། ཧེ་ཊིའི་བར་བརྒལ་གཞུང་འཛིན་ལྷན་ཚོགས་ཀྱིས་དབང་ཆ་འཛིན་རྒྱུ་བཅས་ཡོད།
ཐེངས་འདིའི་གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་སྲིད་སྐྱོང་མཇལ་འཕྲད། པ་ལི་སི་ཐན་རྒྱལ་ཚོགས་ཀྱི་ཚོགས་མིའི་གྲོས་འཆར་ལ་ཨ་རི་ཡིས་དགག་བྱ། སོ་ལོ་མོན་གླིང་ཕྲན་གྱི་གྲོས་ཚོགས་འོས་བསྡུར་རྒྱལ་སྤྱིའི་དོ་སྣང་། རྒྱ་གར་གྲོས་ཚོགས་ཀྱི་འོས་བསྡུ་ཆེན་མོ་འགོ་འཛུགས་བཅས།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་དགའ་ལྡན་ལྷ་བརྒྱ་མའི་གསུང་ཆོས། སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨར་གཟེངས་རྟགས་འབུལ་བཞེས། སོག་རིགས་ཆོས་ཞུ་བ་སོགས་ལ་དགའ་ལྡན་ལྷ་བརྒྱ་མའི་གསུང་ཆོས། བོད་ནང་གི་གནས་སྟངས་འགྲེལ་བརྗོད་ཀྱི་གསར་འགོད་གསལ་བསྒྲགས། གྲོས་ཚོགས་འོག་མར་ཡུག་ཀེ་རན་རོགས་སྐྱོར་ཐད་འོས་ཤོག་འཕེན་འཆར་ཡོད་པ་སོགས་ཡོད།
ཨ་རིའི་གྲོས་ཚོཊ་འོག་མའི་ཚོཊ་གཙོ་ཇོན་སོན་ལ་སྤྱི་མཐུན་ཚོགས་པ་ནང་ཁུལ་ནས་ཚོགས་གཙོའི་གོ་གནས་ནས་ཕྱི་འབུད་གཏང་རྒྱུའི་ཉེན་བརྡ་འབྱོར་ཡོད་ཀྱང་། ཁོང་གིས་ཡུག་ཀེ་རན་གྱི་ཁྲིམས་འཆར་ཐད་འོག་ཤོག་འཕང་རྒྱུ་ཡིན་ཞེས་གསུངས་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་སྲིད་ལས་དོན་ཁང་གི་ཚོགས་ཆུང་གིས་བོད་དོན་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་གནང་བ་རེད། ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཁར་ཌིན་མཆོག་གིས་ང་ཚོའི་ཚོགས་ཆུང་གིས་ཁྲིམས་འཆར་ལ་སྤྱི་མོས་ཐོག་ནས་རྒྱབ་སྐྱོར་གནང་ཡོད།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་ཨ་རི་དང་ཉི་ཧོང་། ཧྥེ་ལེ་པིན་གསུམ་མཉམ་འབྲེལ་གྱི་དམ་བཅའ་དང་། ཨ་ཚོགས་དགོན་པ་གནས་སྤོར་དུ་བཅུག་པ་དང་བོད་མི་འཛིན་བཟུང་ཁྲིམས་གཅོད། གཡུང་དྲུང་བོན་གྱི་སྨན་རིའི་སྒྲུབ་ཆེན་དབུ་འཛུགས། ཨི་རན་གྱིས་ཨི་སི་རེལ་ལ་ཡ་ལན་སློག་ཆེད་གཏོར་རྒོལ་གྱི་ཉེན་ཚབས་ཆེ་རུ་འགྲོ་བཞིན་པ་སོགས་ཡོད།
གཟའ་ཕུར་བུར་ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་ཉི་ཧོང་གི་སྲིད་བློན་ཀི་ཤི་ད་དང་ཧྥེ་ལི་ཕིན་སིའི་སྲིད་འཛིན་མར་ཁོ་སི་ལྷན་དུ་གྲོས་མོལ་གནང་སྟེ། ལྷོ་རྒྱ་ནག་རྒྱ་མཚོར་རྒྱ་ནག་གིས་ཁྱིམ་མཚེས་རྣམས་ལ་རུ་ངར་པོའི་སྤྱོད་ལམ་མཚམས་འཇོག་བྱ་དགོས་རྒྱུ་བརྡ་ལན་བཏང་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་གཞུང་གི་ལས་བྱེད་ཀྱིས་རིང་མིན་ཨི་རན་གྱིས་ཨི་སི་རེལ་ལ་འཁོན་ལན་རྒོལ་རྡུང་གཏང་རྒྱུའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་དང་། ཨི་སི་རེལ་གྱིས་ཀྱང་གནས་སྟངས་ག་འདྲ་ཞིག་ལ་འཕྲད་ཀྱང་ཡ་ལན་ནན་པོ་སློག་རྒྱུའི་གྲ་སྒྲིག་ཡོད་ཅེས་བརྗོད་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
བོད་དོན་ཆེད་དུ་ཡུ་རོབ་ཅེས་པའི་ལས་འགུལ་དབུ་འཛུགས་གནང་འདུག ཨ་ཀྱཱ་རིན་པོ་ཆེ་མཆོག་གིས་ཉི་ཧོང་གྲོས་ཚོགས་སུ་བོད་དོན་སྙན་སེང་ཞུས་གནང་བ། ཝི་ཏི་ནམ་གྱི་ས་ཁང་ཚོང་བདག་ཆེ་ཤོས་ལ་སྲོག་ཐོག་ཉེས་ཆད་བཅད་པ། སི་ལོ་ཝ་ཀི་དང་ཡུག་ཀེ་རན་དབར་མཉམ་ལས་གྲོས་མཐུན་བཞག་པ། འབར་མའི་ཤར་ཕྱོགས་སུ་ས་གནས་འཇབ་དམག་ལ་རྒྱལ་ཁ་ཐོབ་པ།
རྒྱ་ནག་གིས་ཡོ་རོབ་ཀྱི་རྒྱལ་ཁབ་དྲུག་ལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་བསྒྲགས་པའི་གོ་སྐབས་བརྒྱུད་རྒྱལ་ཁབ་དེ་དག་ནང་ཡོད་པའི་བོད་མི་ཁག་ཅིག་གིས་བོད་ལ་ནང་མི་སྤུན་མཆེད་ཐུག་འཕྲད་ཀྱི་ཐབས་ཤེས་བཏང་། འོན་ཀྱང་སྦེལ་ཇམ་མི་སེར་ཡིན་པའི་བོད་མི་གཅིག་ཧྲང་ཧེ་གནམ་ཐང་དུ་ཆུ་ཚོད་༢༠རིང་བཀག་ཉར་བྱས་ཏེ་རྗེས་སུ་ཕྱིར་སྤྲོད་བཏང་འདུག
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཤྲཱི་ལངྐས་སངས་རྒྱས་ཀྱི་རིང་བསྲེལ་༸གོང་ས་མཆོག་ལ་འབུལ་ལམ་ཞུས་པ། ཞྭ་ལུ་དགོན་པས་སྐུའི་ཚེ་སྒྲུབ་གནང་བ། བྷ་ཌན་དང་ནེ་ཐན་ཡ་ཧུ་གཉིས་ཀྱི་བཀའ་མོལ། ཨ་རིའི་གོ་མཚོན་གྱི་རོགས་སྐྱོར། ནུབ་ཆིངས་སྒྲིག་འཛུགས་ཚུགས་ནས་ལོ་༧༥འཁོར་བའི་ཚོགས་ཆེན། ཐེ་ཝན་ས་ཡོམ་གྱི་སྐྱོབ་གསོ་སོགས་ཡོད།
ཨ་རིའི་སྲིད་འཛིན་བྷ་ཌན་མཆོག་གིས་ཨི་སི་རེལ་གྱི་སྲིད་བློན་ནེ་ཐ་ཡ་ཧུ་ལ་ཨ་རིས་ཨི་སི་རེལ་ལ་མུ་མཐུད་ནས་རྒྱབ་སྐྱོར་བྱེད་མིན་དེ། ཨི་སི་རེལ་གྱིས་པ་ལི་སི་ཐན་གྱི་ཞི་བའི་མི་སེར་སྲུང་སྐྱོབ་བྱ་མིན་ལ་རག་ལས་ཀྱི་རེད་ཅེས། གསུངས་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་སྲིད་འཛིན་འོས་བསྡུའི་ཁྲོད་འོས་འཕེན་པ་མང་པོས་ཁྲིམས་འགལ་གྱི་ཕྱི་མི་གནས་སྤོའི་གནད་དོན་དེ་གལ་ཆེ་ཤོས་ཤིག་ཏུ་རྩི་བཞིན་ཡོད་པ་བརྟེན། དེ་དོན་ཐད་སྲིད་འཛིན་འོས་མི་གཉིས་ཀྱིས་བཞེངས་ཕྱོགས་མི་འདྲ་བ་འཛིན་གྱི་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོཊ་ཀྱི་གྲོས་ཚོཊ་ཚོཊ་དུས་བདུན་པ་མཇུག་བསྒྲིལ་བ་དང་། སྡེ་དགེའི་འཛིན་བཟུང་བྱས་པའི་མི་སྣ་ཁག་ཅིག ཡུག་ཀེ་རེན་ལ་ཐེབས་པའི་འཕུར་མདེལ་གྱི་གཏོར་རྒོལ། ཨོ་གླིང་དང་རྒྱ་ནག ཨ་རིའི་གྲོས་ཚོགས་འཐུས་མིའི་ཐེ་ཝན་ལ་འཚམས་གཟིགས་བྱས་པ་སོགས་ཡོད།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། རྒྱ་གར་གྱི་ཁ་གཏད་ཚོགས་པའི་དངུལ་ཁང་གི་དངུལ་བཀག་ཡོད་པ། འཛམ་གླིང་གི་རྡུལ་ཕྲན་ནུས་ཤུགས་ཀྱི་ཚོགས་ཆེན་ལ་ལས་འགུལ་བས་ངོ་རྒོལ། བོད་ཀྱི་མཐོ་སློབ་ཚུད་རྒྱུག་གི་ས་མིག་དེ་ཉོ་རྒྱུ་ཡོད་པ། ཀུ་ཤུ་ཚོང་ལས་ཁང་ལ་དབུས་གཞུང་ཁྲིམས་རྩོད་ལས་ཁུངས་ཀྱིས་ཁྲིམས་གཏུག་བྱས་པ་བཅས་ཡོད།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེའི་དཀྱིལ་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དྲུག་པ། ཨུ་རུ་སུའི་འོས་བསྡུ་དང་ཨུ་ཡུག་དམག་འཁྲུག་གནས་སྟངས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་ཨོ་གླིང་ལ་འཚམས་གཟིགས། རྒྱ་ནག་གིས་བལ་ཡུལ་དུ་བཟོས་པའི་གནམ་ཐང་བུ་ལོན་ཆགས་སྲིད་པ། འཛམ་གླིང་ཆུའི་ཉིན་མོ་སྲུང་བརྩི་སོགས་ཡོད།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་ཨ་རི་དང་ཨི་སི་རེལ་གྱི་འབྲེལ་ལམ་རྒྱང་བཀྱེད་བྱེད་བཞིན་པ་དང་། ཨུ་རུ་སུའི་འོས་བསྡུ་དང་དམག་འཁྲུག་གསང་མྱུལ། སྡེ་དགེའི་ཆུ་རགས་སྐོར་གྱི་བགྲོ་གླེང་། ཊིག་ཀྲོག་བཀོལ་ཆས་འགོག་འཆར། རྒྱ་ནག་མི་མང་གིས་ཨ་རིའི་འོས་བསྡུར་དོ་སྣང་། ཨ་རིའི་གྲོས་ཚོགས་ཀྱི་བོད་དོན་གྲོས་ཆོད་སོགས་ཡོད།
མང་སྣོན།