༢༠༢༢ ལོར་ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་བྱེད་ཆེད་དམག་རྒྱབ་པ་ནས་བཟུང་། ནུབ་ཕྱོགས་ལ་བསྐྱར་དུ་སོ་མྱུལ་ལས་དོན་སྤེལ་འགོ་ཚུགས་པ་རེད་ཅེས་གནད་དོན་དབྱེ་ཞིབ་པས་བརྗོད་འདུག་པའི་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་གནས་ཚུལ་ཞིག་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཕྱི་དྲིལ་བཀའ་ཟུར་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་མཆོག་སྐུ་གཤེགས་པ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨ་ཙི་ར་ཛེ་ཡས་ཁ་ན་ཊ་རུ་ཕེབས་ནས་བོད་དོན་ཐོག་མཐུན་ཕྱོགས་རྒྱལ་ཁབ་ཚོས་མཉམ་ལས་གནང་ཕྱོཊ་སྐོར་གྲོས་བསྡུར་གནང་འདུག། ཨ་རིའི་གྲོས་ཚོཊ་ནང་གསུམ་བཅུའི་དུས་དྲན་ཐེངས་༦༥ པ་དང་སྡེ་དགེའི་ཆུ་མཛོད་ཐད་གྲོས་འཆར་ངོ་སྤྲོད།
ཨ་རིའི་སྲིད་འཛིན་མཆོག་གིས་ཨི་སི་རེལ་གྱི་སྲིད་བློན་དང་རྒྱང་ཐག་རིང་ཙམ་གནང་བའི་རྣམ་པ་ཐོན་གྱི་ཡོད་པར་བརྟེན། ཨ་མེ་རི་ཀས་ཨི་སི་རེལ་ལ་མཚོན་ཆ་སོགས་དམག་ལ་མཁོ་བའི་རོགས་རམ་ཉུང་དུ་གཏོང་སྲིད་པ་ཚོད་དཔག་བྱེད་བཞིན་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་སྲིད་འཛིན་བྷ་ཌན་གྱི་རྒྱལ་དོན་སྲི་ཞུ་སྙན་སྒྲོན་དང་། རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས་ཨ་རིར་སྐྱོན་འཛུགས། བོད་ལྗོངས་མི་དམངས་འཐུས་མི་ཟེར་བས་བོད་གནས་འཁྱོག་བཤད། ༧གོང་ས་མཆོག་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལ་མཇལ་འཕྲད། གསུམ་བརྒྱད་མཆོད་འབུལ། བུད་མེད་དུས་ཆེན་སོགས་ཡོད།
བཙན་བྱོལ་བོད་མི་ཁག་གཅིག་གིས་ལོ་འདིའི་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བའི་སྐབས་སུ་མ་འོངས་གནས་སྟངས་ཇི་འདྲ་ཆགས་མིན་སྐོར་ལ་བློ་ཚབ་བསྟན་འདུག་པའི་སྐོར་གྱི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་གྷ་ཛའི་ནང་པ་ལི་སི་ཐན་གྱི་བཀྲེས་ལྟོགས་མྱོང་མཁན་མང་པོ་ཞིག་བསད་པའི་དོན་རྐྱེན་དང་། ཡུག་ཀེ་རེན་ལ་རོགས་སྐྱོར་བྱེད་དགོས་པའི་གཞེན་སྐུལ། གུང་ཐང་རིན་པོ་ཆེའི་མཛད་རྣམ། ཨ་རིའི་སྲིད་འཛིན་འོས་བསྡུ་དང་གྷ་ཛའི་གནས་སྟངས། རྒྱ་ནག་གི་ས་ཁང་ཚོང་ལས་ཀྱི་གནས་སྟངས་སོགས་ཡོད།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། སྲིད་འཛིན་བྷ་ཌན་དང་སྲིད་འཛིན་ཟུར་པ་ཊམ་གཉིས་ཀྱིས་རྒྱལ་མཚམས་ལ་གཟིགས་སྐོར་གནང་བ་དང་། སྲིད་སྐྱོང་གི་ཕྱོགས་སྐྱོད། ཤམ་བྷ་ལའི་གློག་བརྙན། རང་དབང་ཁང་པས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཐད་དཔྱད་བརྗོད། ཡུག་ཀེ་རེན་གྱི་སྲིད་འཛིན་བཟའ་ཟླས་དབྱིན་ཡུལ་དུ་ཞུ་སྐུལ།
གྷ་ཛ་རུ་པ་ལི་སི་ཐན་བ་རྣམས་ལ་བཀྲེས་ལྟོགས་ཀྱི་དཀའ་ངལ་འཕྲད་བཞིན་པ། སོ་ལོ་ཝ་ཀི་ཡའི་ཞིང་པ་རྣམས་ཀྱིས་གྲོས་ཚོགས་མདུན་དུ་ངོ་རྒོལ། ཡུག་ཀེ་རན་གྱི་རྒྱལ་སྲུང་གི་ལས་དོན་མང་པོ་དྲ་རྒྱ་བརྒྱུད་བྱ་རྒྱུ། སྲིད་འཛིན་བྷ་ཌན་གྱིས་ཨུ་རུ་སུའི་ཕྱོགས་འགལ་འགོ་ཁྲིད་འདས་པོའི་ནང་མིར་ཐུག་འཕྲད་གནང་བ།
དེ་རིང་གི་གསར་འགྱུར་ནང་རྒྱ་ནག་གི་གསང་བ་གལ་ཆེན་ཁག་ཅིག་ཕྱི་རུ་གྱར། ཨ་རིའི་གྲོས་ཚོཊ་འཐུས་མི་མཱེ་ཁེ་གྷ་ལེ་གྷར་སོཊ་ཐེ་ཝན་དུ་འཚམས་འདྲིར། སངས་རྒྱས་ཀྱི་རིང་བསྲེལ་རྒྱ་གར་ནས་ཐེ་ལེན་ཌིར་དམིགས་བསལ་གདན་འདྲེན་ཞུས་པ། སྡེ་དགེའི་ཡུལ་མི་ཚོར་གདུང་སེམས་མཉམ་བསྐྱེད་ཆེད་ཁྲོམ་སྐོར། སྡེ་དགེ་རུ་སྐྱ་སེར་སྡེབས་འཛིན་སོགས་ཡོད།
སངས་རྒྱས་བཅོམ་ལྡན་འདས་ཀྱི་རིང་བསྲེལ་གཙོས་པའི་རིང་བསྲེལ་ཁག་གཅིག་རྒྱ་གར་ནས་གནམ་དམག་གི་གནམ་གྲུ་རྒྱུད་ཐེ་ལེན་ཌིར་གདན་འདྲེན་ཞུས་འདུག། སྤྱིར་སངས་རྒྱས་ཀྱི་རིང་བསྲེལ་གཞན་ལ་གཡར་སྲོལ་མེད་ཀྱང་ཐེ་ལེན་ཌིའི་གཞུང་གིས་དམིགས་བསལ་གདན་ཞུ་ཞུས་པ་ལྟར་ཟླ་བ་གཅིག་ཙམ་རིང་འགྲེམས་སྟོན་དང་མཇལ་ཁ་གཏོང་རྒྱུ་ཡིན་པའི་སྐོར་འདིར་གསལ།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱི་ཁ་གཏད་གཙོ་བོ་བཙོན་ཁང་དུ་ཤི་བ་དང་། བལ་ཡུལ་དུ་ལོ་སར་སྲུང་བརྩི། སྲིད་འཛིན་ཟུར་པ་ཊམ་ལ་ཕྱི་ཟླ་གསུམ་པའི་ནང་ནིའུ་ཡོག་ཏུ་ཁྲིམས་བཤེར་ཞིག་བྱ་རྒྱུ། ཡུག་ཀེ་རེན་གྱི་དམག་སའི་གནས་སྟངས། ཨིན་རྡུ་ནེ་ཤི་ཡའི་འོས་བསྡུར་སྐྱོན་བརྗོད་སོགས་ཡོད།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་གྲོས་ཚོགས་འོག་མར་བོད་དོན་ཁྲིམས་འཆར་ལ་མང་མོས་གཏན་འབེབས་བྱུང་བ། སྡེ་དགེ་རུ་མང་ཚོགས་ཀྱི་ཞུ་སྐུལ། རྒྱ་གར་གྱི་ཞིང་པའི་ངོ་རྒོལ། བལ་ཡུལ་གྱིས་ཕྱི་རྒྱལ་ཁག་ནས་སྐུ་རྟེན་ཕྱིར་གདན་འདྲེན། རྒྱལ་མཚམས་བརྒལ་བའི་གཉའ་གནོན་ཐད་ཀྱི་ཉན་ཞིབ། རྒྱ་ནག་གི་གཞོན་སྐྱེས་དང་དཔལ་འབྱོར་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་རྒྱ་གར་གྱིས་ཨ་རབ་མཚོ་ཁུལ་དུ་མཚོ་དམག་གི་སྟོབས་ཤུགས་ངོམ་སྐོར་དང་། གྷ་ཛའི་དམག་འཁྲུག་མཚམས་འཇོག་གྲོས་གཞིར་ཨི་སི་རེལ་གྱི་ངོ་རྒོལ་བྱས་པ་དང་། གྲོས་ཚོགས་གོང་མར་བདེ་འཇགས་གྲོས་འཆར་ལ་གྲོས་མཐུན་མ་བྱུང་བ་སྐོར་སོགས་ཡོད།
རྒྱ་གར་གྱིས་ཨ་རབ་མཚོ་ཁུལ་དུ་དམག་གྲུ་བཅུ་ཙམ་བཏང་ཡོད་པ་ནི། ཧོ་ཐི་གྱེན་ལོག་པས་ཚོང་གྲུར་རྒོལ་རྡུང་གཏོང་བའི་ཉེན་ཁ་ལས་སྲུང་སྐྱོབ་བྱ་ཕྱིར་ཡིན་པར་མ་ཟད། རྒྱ་གར་གྱི་མཚོ་དམག་གི་སྟོབས་ཤུགས་རྒྱས་བཞིན་པའི་མཚོན་རྟཊ་ཤིག་ཀྱང་ཡིན་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱི་ལི་ཐུ་ཡེ་ནི་ཡའི་བསྐོར་སྐྱོད་ལེགས་གྲུབ། ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་འོས་འདེམས་བྱས་པ། རྒྱ་གར་གཞུང་གི་འཕྲལ་སེལ་དངུལ་རྩིས་གསར་པ་གསལ་བསྒྲགས། ཡོ་རོབ་མཉམ་འབྲེལ་གྱི་ཚོགས་ཆེན་དང་བསྟུན་ཞིང་པའི་ངོ་རྒོལ་བཅས་ཡོད།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་ཡུ་རོབ་མནའ་འབྲེལ་གྱིས་ཡུག་ཀེ་རེན་ལ་མུ་མཐུད་རྒྱབ་སྐྱོར་གཏན་འབེབ་དང་། ཨ་རིའི་ནང་རྒྱབ་སྐྱོར་གྱི་འབོད་སྐུལ། དཀྱིལ་ཤར་ཁུལ་གྱི་ཟིང་ཆ་རྒྱ་ཆེར་འགྲོ་སྲིད་པའི་བློ་འཚབ། ཁྱིམ་ཐོ་གྲངས་བཤེར་གྱི་ལས་གཞི། རྒྱ་ནག་གི་དྲྭ་ཇག་དང་བོད་ཁམས་ཀྱི་འགོ་ཁྲིད་ཁག་ཅིག་ལ་ཞིབ་བཤེར་བྱེད་བཞིན་པ་སོགས་ཡོད།
རྒྱ་ནག་ནས་ཨ་མི་རི་ཀའི་ནང་ལ་འབྱོར་བའི་བཟི་སྨན་རིགས་བཀག་སྡོམ་བྱེད་རྒྱུར་གཟའ་མིག་དམར་ཉིན་མོར་པེ་ཅིང་དུ་ཨ་རི་དང་རྒྱ་ནག་གི་དཔོན་རིགས་དབར་མཇལ་འཕྲད་གྲོས་བསྡུར་གནང་ཡོད་པའི་སྐོར་གྱི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཐེངས་འདིའི་གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། ཨེ་ཤི་ཡའི་ནང་པའི་ཞི་བདེའི་ལྷན་ཚོགས་ཀྱི་ཚོགས་ཆེན། སྲིད་སྐྱོང་གི་གཞུང་འབྲེལ་སྐོར་སྐྱོད། ཀར་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་གཞིས་ཆགས་སུ་ཕེབས་པ། དཔྱིད་གསར་དུས་ཆེན་གྱི་འགྲུལ་བཞུད། ཨ་རིའི་ཕྱི་སྲིད་དྲུང་ཆེས་ཨན་གོ་ལར་གཞུང་འབྲེལ་སྐོར་བསྐྱོད་གནང་བ་བཅས་ཡོད།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིས་ཨི་སི་རེལ་དང་པ་ལི་སི་ཐན་གྱི་ཐད་འཛིན་པའི་སྲིད་ཇུས་ནི་འོས་བསྡུའི་ཁྲོད་ཀྱི་གནད་དོན་གཙོ་བོ་ཞིག་ཏུ་ཆགས་པ་དང་། ཨུ་ཡུག་དམག་འཁྲུག་ཁྲོད་རྡུལ་ཕྲན་གོ་མཚོན་བཀོལ་སྲིད་པའི་ཉེན་ཁ། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གསར་པ། ཇོ་ནང་སྨོན་ལམ་ཆེན་མོ། རྒྱ་གར་གྱི་མང་གཙོ་དུས་ཆེན་སོགས་ཡོད།
རྒྱ་གར་གྱི་སྲིད་བློན་མོ་དྷིས་རཱ་མ་ནའི་རྟོགས་བརྗོད་དུ་བཀོད་པའི་ལྷ་དགའ་བྱེད་དམ་རམ་གྱི་འཁྲུངས་ཡུལ་དུ་ལྷ་ཁང་ཆེན་མོ་དབུ་འབྱེད་གནང་པར་བརྟེན། མ་འོངས་པར་ཁོང་གི་འོས་བསྡུའི་དྲིལ་བསྒྲགས་ལ་ནུས་པ་སླེབས་རྒྱུ་ཡིན་པའི་ཚོད་དཔག་བྱེད། གནས་དེ་ནི་རྒྱ་གར་གྱི་ཧིན་རྡུ་དང་ཁ་ཆེའི་དབར་ལ་ཆོས་ལུགས་འཁྲུག་རྩོད་ལངས་ས་ཞིག་ཡིན་པ་རེད།
མང་སྣོན།