ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གིས་མཇལ་བཅར་ཞུས་པ་དང་། རྒྱ་ནག་དང་ཡུ་རོབ་མནའ་འབྲེལ་གྱི་འགྲོ་བ་མིའི་ཐོབ་ཐང་གྲོས་མོལ། ཨི་སི་རེལ་དང་ཧེ་ཛི་བྷོ་ལཱ་གཉིས་དམག་ཐུག་རྒྱུའི་ཉེན་ཁ། ཨུ་རུ་སུའི་སྲིད་འཛིན་བྱང་ཀོ་རི་ཡར་བསྐོར་སྐྱོད་ལ་འབྱོར་བ་སོགས་ཡོད།
ཉེ་ཆར་ཡོ་རོབ་མཉམ་འབྲེལ་གྱིས་སྐུ་ཚབ་རྣམས་རྒྱ་ནག་གི་སྐུ་ཚབ་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་གྲོས་མོལ་གནང་བའི་སྔོན་ལ་བོད་ལ་བསྐོར་སྐྱོད་ཕེབས་ཡོད་པ་མ་ཟད་རྒྱ་ནག་གཞུང་ལ་བོད་མི་དམངས་ཀྱི་གཞི་རྩའི་རང་དབང་སྲུང་སྐྱོབ་བྱེད་དགོས་རྒྱུ་སོཊ་འོས་སྦྱོར་ཁག་ཅིག་བཏོན་འདུག་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨོ་སི་ཀྲོ་ལི་ཡར་རྒྱ་ནག་གི་སྲིད་བློན་འབྱོར་རྗེས་སྲིེད་བློན་ཨལ་བྷ་ནི་སི་ཡིས་རྒྱ་ནག་དང་མཉམ་དུ་དོན་རྐྱེན་མི་ལྷག་པའི་ཆེད་དུ་རྒྱལ་ཁབ་ཕན་ཚུན་གྱི་དམག་སྡེའི་དབར་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་གནང་རྒྱུ་ཡིན་ཞེས་གསུངས་ཡོད། ཨོ་སི་ཀྲོ་ལི་ཡར་གནས་སྡོད་བོད་མི་གཙོ་བོར་གྱུར་པ་ཚོས་ལི་ཆང་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།
ཀུན་གླེང་གསར་འགྱུར། ༢༠༢༤ ཟླ་༦ ཚེས་༡༣ ཨ་རིའི་གྲོས་ཚོགས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས། འབྱོར་ལྡ་རྒྱལ་ཁབ་བདུན་གྱི་ཚོགས་ཆེན། རྒྱལ་ཚོགས་སུ་བྱང་ཀོ་རི་ཡའི་འགྲོ་བ་མིའི་ཐོབ་ཐང་ཐད་སྐྱོན་བརྗོད། ཧོང་ཀོང་གིས་ཕྱི་རྒྱལ་དུ་གནས་བཞུགས་ལས་འགུལ་བ་ཚོར་རྒོལ་རྡུང་།
ཁ་སང་རྒྱ་བོད་དཀའ་རྙོག་སེལ་རྒྱུའི་ཁྲིམས་འཆར་དེ་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་རྒྱབ་སྐྱོར་ཐོབ་ཡོད་པ་དང་། ད་ཆ་ཁྲིམས་འཆར་དེར་སྲིད་འཛིན་གྱིས་མཚན་རྟགས་སྐྱོན་རྗེས་ཁྲིམས་ཆགས་རྒྱུ་ཡིན་པའི་སྐོར་གྱི་གནས་ཚུལ་ཞིག་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ཟུར་པ་ཚོར་ཆེ་བསྟོད་སྣེ་ལེན་དང་། ཁ་ན་ཌའི་གྲོས་ཚོགས་ཀྱིས་བོད་མིའི་རང་ཐག་རང་གཅོད་ལ་སྤྱི་མོས་རྒྱབ་སྐྱོར། རྒྱ་ནག་མཚོ་དམག་གི་གྲུ་དཔོན་ཟུར་པ་ཞིག་ཐེ་ཝན་གྱི་གྲུ་ཁར་ཧམ་འཛུལ་བྱས་པ་སོགས་ཡོད།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། རྒྱ་གར་གྱིས་ཁྱིམ་མཚེས་རྒྱལ་ཁབ་དང་འབྲེལ་ལམ་འཛིན་ཕྱོགས་དང་། ཁ་ན་ཌའི་གྲོས་ཚོགས་ཀྱིས་བོད་མིའི་རང་ཐག་རང་གཅོད་ལ་སྤྱི་མོས་རྒྱབ་སྐྱོར། རྒྱལ་ཚོགས་ཀྱི་མེ་འཕེན་མཚམས་འཇོག་གྲོས་འཆར་ལ་ཧ་མ་སིས་ངོས་ལེན་བྱས་པ་བཅས་ཡོད།
རྒྱལ་ས་མ་ནི་ལ་རུ་ལྷོ་རྒྱ་ནག་མཚོར་རྒྱ་ནག་གིས་བཙན་ཤེད་དང་དྲག་པོའི་བྱེད་སྟངས་ལ་ལས་འགུལ་བ་བརྒྱ་ཕྲག་མང་པོས་ངོ་རྒོལ་བྱས་ཡོད་པའི་སྐོར་གནས་ཚུལ་ཞིག་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ལོ་ངོ་༦༠ ཙམ་གྱི་རྗེས་སུ་ཨ་རིའི་ཁོ་ལོ་ར་ཌོའི་ནང་བོད་མི་ཚོས་ལྡུམ་ར་ཞེས་མིང་བཏགས་པའི་འཇབ་དམག་གི་སྦྱོང་བརྡར་ཐོབ་སའི་གནས་ཏག་ཏག་དེ་ངོས་འཛིན་བྱེད་ཐུབ་ཡོད་པ་དང་། རྗེས་དྲན་མཛད་སྒོའི་ཐོག་ལོ་རྒྱུས་ཉམས་ཞིབ་པ་དང་། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་སོགས་ཕེབས་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུས།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་ཧྥ་རན་སིའི་ནོར་མན་ཌེའི་ནང་གི་དམག་འགྱེད་བྱུང་སྟེ་ལོ་༨༠ འཁོར་བའི་དུས་དྲན་སྲུང་བརྩི་དང་། གྷ་ཛའི་དམག་འཁྲུག་དང་དམག་འཁྲུག་དེའི་ཁྲོད་ཀྱི་བྱིས་པའི་སེམས་ཁམས། གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་བདུན་པ། ཨ་རིའི་རྒྱལ་མཚམས་ཆབ་སྲིད་དང་། སྲིད་འཛིན་ཟུར་པ་ཊམ་གྱི་གོང་རིམ་ཞུ་གཏུག་སོགས་ཡོད།
གནམ་གཤིས་འགྱུར་ལྡོག་གི་རྐྱེན་གྱིས་བོད་མཐོ་སྒང་གི་མཚོ་རྒྱས་ཉེན་ཆེ་བ། པ་ལའོ་ཡི་སྲིད་འཛིན་གྱིས་རྒྱལ་ཡོངས་འོས་བསྡུའི་སྐོར་འགྲེལ་བརྗོད། རྒྱ་གར་དང་ཐེ་ཝན་དབར་འཚམས་འདྲིའི་འཕྲིན་ཡིག་ལ་རྒྱ་ནག་གིས་སྐྱོན་བརྗོད། གནམ་གཤིས་འགྱུར་ལྡོག་གི་མཇུག་འབྲས་རྣམས་དངོས་ཡོད་ཆགས་ཡོད་པ།
གཟའ་ཕུར་བུར་ཨི་སི་རེལ་གྱིས་གྷ་ཛའི་དབུས་སུ་ཡོད་པའི་རྒྱལ་ཚོགས་ཀྱི་སློབ་གྲྭ་ཞིག་ལ་རྒོལ་རྡུང་བཏང་ཡོད་པ་དང་། ཨ་མི་རི་ཀས་ཕྱོགས་གཉིས་དབར་མེ་འཕེན་མཚམས་འཇོག་བྱ་རྒྱུའི་འཆར་གཞིར་ཧ་མ་སིས་མོས་མཐུན་ཐོབ་ཐབས་གནང་བཞིན་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཆུང་ཁག་གིས་རྒྱ་ནག་གི་དམངས་གཙོའི་ལས་འགུལ་སྐོར་ཉན་ཞིབ་དང་གསར་འགོད་གསལ་བསྒྲགས།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་སྲིད་འཛིན་ཟུར་པ་ཊམ་ལ་ནག་ཉེས་༣༤ ཕོག་པ་དང་། ཨི་སི་རེལ་གྱིས་པ་ལི་སི་ཐན་ནང་གཏོར་རྒོལ། ཡུ་རོབ་རྒྱལ་ཁབ་གསུམ་གྱིས་པ་ལི་སི་ཐན་རྒྱལ་ཁབ་ངོས་འཛིན་བྱས་པའི་ཤུགས་རྐྱེན། ཧོང་ཀོང་དུ་དམངས་གཙོ་དོན་གཉེར་བར་ཁྲིམས་ཆད། བྱང་ཀོ་རི་ཡ་དང་རྒྱ་ནག་གི་འབྲེལ་ལམ། ཨ་རིའི་༢༠༢༤ ལོའི་འོས་བསྡུ་སོགས་ཡོད།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། སྲིད་འཛིན་ཟུར་པ་ཊམ་ལ་༢༠༡༦་གི་འོས་བསྡུའི་ཁ་མཆུ་དང་འབྲེལ་ནས་ནག་ཉེས་༣༤་ཕོག་པ་དང་། ལྷོ་ཨ་ཧྥེ་རི་ཀའི་རྒྱལ་ཡོངས་འོས་བསྡུའི་གྲུབ་འབྲས། ཁ་ཊ་ལོ་ནི་ཡའི་རང་བཙན་ལས་འགུལ་བར་ཉེས་ཆད་ཆག་ཡང་། གྲོས་ཚོགས་འཐུས་མི་ཟུར་པ་ཞིག་གིས་བོད་དོན་ཆེད་རྐང་འཁོར་སྐོར་སྐྱོད་ལེགས་གྲུབ།
གྲོས་ཚོགས་གོང་མས་བོད་དོན་ཁྲིམས་འཆར་ལ་གཏན་འབེབས། ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེའི་ཡབ་སྐུ་གཤེགས་པ། རྒྱ་གར་གྱི་འོས་བསྡུ་དང་ཁོར་ཡུག་འབག་བཙོག བལ་ཡུལ་དུ་ས་ག་ཟླ་བ་སྲུང་བརྩི་གཟབ་རྒྱས། ཐེ་ཝན་གྱི་མི་ཚོའི་རྒྱལ་སྲུང་ཐད་རྒྱ་ནག་དང་ཨ་རི་གཉིས་ལ་ལྟ་སྟངས། ཕུ་ཊིན་དང་ཞི་ཅིན་ཕིང་གི་ཐུག་འཕྲད་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ།
སྲིད་འཛིན་བ་ཌེན་དང་ཀེན་ཡའི་སྲིད་འཛིན་ཕོ་བྲང་དཀར་པོར་མཇལ་འཕྲད། བོད་མི་ས་ཡ་གཅིག་ཙམ་བཙན་དབང་སྒོ་ནས་གནས་སྤོའི་ལས་གཞིའི་སྐོར། ཨུ་རུ་སུས་ཡུ་ཀེ་རན་གྱི་བྱང་ཤར་ལ་མཁའ་ཐོག་ནས་རྒོལ་རྡུང་། བལ་ཡུལ་གྱི་ཤར་པ་ཞིག་གིས་ཇོ་མོ་གླང་མའི་ཡང་རྩེར་འཛེག་ནས་ཟིན་ཐོ་བསྐྲུན།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིས་ཨི་སི་རེལ་གོ་མཚོན་མཁོ་སྤྲོད་སྟངས་འཛིན། ཨ་རིའི་སློབ་ཆེན་ཁག་གི་གྷ་ཛ་དམག་འཁྲུག་ངོ་རྒོལ་ལ་ལྟ་སྟངས། བོད་ནང་གི་བཙོན་གྲོལ་ཐོབ་ཀྱང་ནད་ཀྱིས་མནར་བ་དང་བཙོན་འཇུག་འོག་ཡོད་པའི་མི་སྣའི་གནས་སྟངས། ཨུ་རུ་སུའི་མཁར་དངོས་བཀག་སྡོམ། ཨ་རིའི་ནང་གི་ཨེ་ཤི་ཡའི་མི་རྒྱུད་ཀྱི་འོས་ཤོག་སོགས་ཡོད།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། ༧གོང་ས་མཆོག་གིས་ས་ག་ཟླ་བ་དང་བསྟུན་ནང་པ་རྣམས་ལ་གསུང་འཕྲིན་སྩལ་བ་དང་། ཧང་གྷ་རིར་བོད་དོན་ལས་འགུལ་བའི་ངོ་རྒོལ་ལས་འགུལ། ཡུག་ཀེ་རེན་དུ་ཡུ་རོབ་ཉིན་མོ་སྲུང་རྩི་ཞུས་པ། ཨ་རི་དང་ཧྥི་ལི་པིན་གཉིས་ཀྱི་མཉམ་འབྲེལ་དམག་སྦྱོང་བཅས་ཡོད།
དེ་རིང་གི་གསར་འགྱུར་ནང་བཞུགས་སྒར་དུ་འཛམ་གླིང་གསར་འགོད་ཉིན་མོ་སྲུང་བརྩི་དང་། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བགྲོ་གླེང་། ཕྱི་སྲིད་དྲུང་ཆེའི་དཀྱིལ་ཤར་གཟིགས་སྐོར། སྲིད་འཛིན་བྷ་ཌན་གྱིས་སློབ་གྲྭའི་ར་སྐོར་ནང་གི་ངོ་རྒོལ་ཐད་གསུང་བཤད། ཨུ་ཡུག་དམག་འཁྲུག་ཁྲོད་ཀྱི་ཨུ་རུ་སུའི་དམག་མི་འདས་པོའི་གྲངས་འབོར་སོགས་ཡོད།
མང་སྣོན།