ཡུག་ཀེ་རན་ལ་ཨུ་རུ་སུས་བཙན་འཛུལ་མ་བྱས་པའི་སྔོན་ལ་ཨ་མི་རི་ཀས་ཡུག་ཀེ་རན་གྱི་དམག་མིར་དམག་སྦྱོང་སྤྲད་ཡོད་པ་དང་། ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་དམག་སྦྱོང་གི་བརྙན་པར་རྣམས་གསར་འགྱུར་བརྒྱུད་ལམ་ལ་ཟླ་བ་འདིར་ཡོངས་གྲགས་ཐེངས་དང་པོ་གནང་ཡོད་འདུག་པས་དེའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ལྡི་ལི་བོད་ཁང་གི་ན་ལེནྜའི་རབ་འབྱམས་སློབ་མ་སོགས་ལ་མཇལ་ཁ་གནང་བ་དང་། ཨ་རིའི་གཞུང་བུན་ཚད་བཀག་ཐད་གྲོས་ཚོགས་གོང་འོག་གཉིས་ཀྱི་བཀའ་འཁྲོལ་ཐོབ་པ། ཡུ་རོབ་འགོ་ཁྲིད་ཀྱི་ལྷན་འཛོམས། རྒྱ་གར་དང་བལ་ཡུལ་གྱི་འབྲེལ་ལམ། བོད་ཁམས་གསར་འགྱུར་སོགས་ཡོད།
སྲིད་འཛིན་བྷ་ཌན་གྱིས་ལོ་ངོ་གཅིག་གྱི་སྔོན་ལ་རྒྱ་གར་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་སྒྲོམ་གཞི་ཞེས་པའི་འཆར་གཞི་བཀོད་པ་དང་འབྲེལ་ཉེ་ཆར་ཨ་རིའི་གྲོང་ཁྱེར་ཌི་ཊོ་ཨེ་ཊི་ནང་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་བློན་ཆེན་རྣམས་ལྷན་འཛོམས་གནང་སྟེ་དངོས་ཟོག་མཁོ་འདོན་ལུ་གུ་རྒྱུད་ལྟར་ཡོང་བ་བྱ་རྒྱུའི་གྲོས་མཐུན་ཞིག་བཞག་པ་རེད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་ནས་བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་གནང་བ་དང་། ཨ་རིའི་སྲིད་འཛིན་འོས་མི་གསར་པ། ཨུ་ཡུག་དམག་འཁྲུག་གི་གནས་སྟངས། བོད་མི་རྣམས་ལ་རྒྱ་ནག་གི་ཕྱི་སྐྱོད་ཡིག་ཆ་མི་རེག་པའི་དཀའ་ངལ་སོགས་ཀྱི་གསར་འགྱུར་ཡོད།
ཧྥི་ལོ་རེ་ཌ་མངའ་སྡེའི་སྤྱི་ཁྱབ་རོན་ཌི་སན་ཊི་སིས་སྲིད་འཛིན་གྱི་འོས་མིར་བཞེངས་རྒྱུ་ཡིན་པ་སྤྱི་ཚོགས་དྲ་རྒྱ་ཊུས་ཊར་ཐོག་གསལ་བསྒྲཊ་སྤེལ་བའི་སྐབས་ལ་དྲ་རྒྱར་སྐྱོན་བྱུང་ཡོད་པ་དང་། དྲ་རྒྱ་བེད་སྤྱོད་གཏོང་མཁན་འབུམ་དྲུག་ལྷག་གིས་གསལ་བསྒྲཊ་ལ་ཉན་ཐབས་བྱས་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུས་ཡོད།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་བོད་མི་མང་སྤྱི་འཐུས་ཀྱི་བཅའ་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གིས་ལས་དོན་དབུ་འཛུགས་གནང་བ་དང་། སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་ཚོགས་ཆེན། ཨ་རིའི་གྲོས་ཚོགས་སུ་རྒྱ་ནག་ཐད་ཉན་ཞིབ། རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་བརྩི། སྲོག་ཁྲིམས་གཅོད་ཚད་ཡར་འཕར་བའི་གནས་ཚུལ་སོགས་ཡོད།
བོད་ཀྱི་བརྟན་འཇགས་སློབ་གྲྭའི་གནས་སྟངས་མཚོན་པའི་བརྙན་པར། ལྷོ་སོག་པོའི་རྩོམ་པ་པོ་ཞིག་སོག་ཡུལ་ནས་རྒྱ་ནག་ཏུ་བཙན་ཁྲིད། བོད་ཀྱི་དམངས་ཁྲོད་དུ་རིག་རྫས་བསྡུ་ལེན་སྐོར་བློ་འཚབ།
བདུན་ཕྲག་འདིར་སུའུ་ཌན་དུ་འཁྲུག་འཛིང་བྱེད་མཁན་དམག་སྤྱི་གཉིས་སྐུ་ཚབ་རྣམས་ཨ་རབ་རྒྱལ་ཁབ་ཏུ་གྲོས་མོལ་བྱེད་བཞིན་ཡོད་པ་དང་འཕྲལ་སེལ་རིང་མེ་འཕེན་མཚམས་འཇོག་བྱ་རྒྱུའི་རེ་བ་ཡོད་སྐོར་བར་འདུམ་བྱེད་མཁན་ཨ་རིའི་གཞུང་གི་ཕྱི་སྲིད་མི་སྣས་གྲོས་ཚོཊ་སུ་སྙན་གསེང་ཞུས་སྐོར་བསོད་ནམས་དབྱངས་འཛོམས་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་མཇལ་འཕྲད་དང་། པདྨ་ཚེ་བརྟན་ཀྱི་རུས་ཐལ་ཕ་ཡུལ་དུ་སླེབས་པ། སུའུ་ཏན་གྱི་གནས་བབ། ཨུ་རུ་སུའི་གླས་དམག་འཇིགས་སྐུལ་རིང་ལུགས་པ་ཡིན་པར་བརྗོད་པ། པ་ཀི་སི་ཐན་དང་དཀྱིལ་ཤར་ཁུལ་གྱི་ཟིང་ཆ་སོགས་ཡོད།
ཡུག་ཀེ་རན་གྱིས་ཨུ་རུ་སུར་ནམ་དུས་དཔྱིད་ཀར་ཕར་རྒོལ་བྱེད་རྒྱུ་འཆར་གཞི་ཡོད་པ་དང་བསྟུན་ཨ་མི་རི་ཀའི་གཞུང་གིས་ཡུག་ཀེ་རན་ལ་ཨ་རིའི་དངུལ་ཐེར་འབུམ་གཅིག་ལྷག་གི་དམག་རོགས་གནང་རྒྱུ་ཡིན་པ་གསལ་བསྒྲགས་གནང་། རྒྱ་ནག་གཞུང་གིས་ཨུ་རུ་སུ་དང་ཡུག་ཀེ་རན་དབར་ཞི་བའི་གྲོས་མོལ་བྱེད་ཆེད་སྐུ་ཚབ་གཏོང་རྒྱུ་གྲ་སྒྲིག་བྱེད་བཞིན་ཡོད་ཟེར།
སྲིད་སྐྱོང་མཆོག་དན་མྲག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ། རྔ་བ་ཁུལ་གྱི་སློབ་འབྲིང་ཚོར་རྒྱ་སྐད་སློབ་ཁྲིད་ལག་བསྟར་བྱས་ཡོད་པ། རྒྱ་གར་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དབར་མཇལ་འཕྲད་བྱུང་བ། སུའུ་ཌན་གྱི་རྒྱལ་སར་འཁྲུག་འཛིང་དང་མི་ལ་རྨས་སྐྱོན་བྱུང་ཡོད་པ།
ཀུན་གླེང་གསར་འགྱུར། ༢༠༢༣ ཟླ་༥ ཚེས་༥ དེ་རིང་གི་གསར་འགྱུར་ལ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚུགས་ནས་ལོ་༢༥འཁོར་བའི་དུས་སྟོན་དང་། རྒྱ་གར་གྱི་བླ་ཆེན་ཁག་ཅིག་ལ་མཇལ་འཕྲད། ཨུ་ཡུག་དམག་འཁྲུག་གི་གནས་སྟངས། ཨ་རི་དང་ཨི་རན་ནང་གི་གསར་འགོད་རང་དབང་། འཕགས་བོད་ས་མཚམས་སུ་རྒྱ་གར་གྱིས་འཐབ་ཇུས་འཛུགས་སྐྲུན་སོགས་ཡོད།
ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་མི་མེད་གནམ་གྲུའི་རྒོལ་རྡུང་བཏང་བ་དེ། ཨུ་རུ་སུའི་གཞུང་གིས་བཀག་ཐུབ་པ་དང་། དེ་ནི་ཡུག་ཀེ་རན་གཞུང་དང་ཨ་མེ་རི་ཀས་སྲིད་འཛིན་ཕུ་ཊིན་གསོད་ཆེད་རེད་ཅེས་ཁག་དཀྲི་བྱས་ཡོད་ཀྱང་། ཡུག་ཀེ་རན་དང་ཨ་རིས་ངོས་ལེན་བྱས་མེད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཕྱི་ཟླ་ ༤ ཚེས་༢༡ ཉིན་མོར་ཧྥ་རན་སིར་ཆེད་གཏོང་གནང་པའི་རྒྱ་ནག་གཞུང་ཚབ་ལུའུ་ཤྰ་ཡིས་བརྙན་འཕྲིན་གསར་ཁང་ཞིག་ལ་དེ་སྔོན་ཨུ་རུ་སུ་སྤྱི་མཐུན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཁག་ལ་རང་བཙན་རྒྱལ་ཁབ་ཀྱི་ངོས་འཛིན་ཐོབ་མེད་རེད་ཅེས་འགྲེལ་བརྗོད་རྫུན་མ་བྱས་འདུག
ཨ་མི་རི་ཀའི་གཞུང་གི་འགྲོ་གྲོན་ཆེད་གྲོས་ཚོགས་ཀྱིས་བུ་ལོན་གྱི་ཚད་བཀག་གཏན་འབེབས་བཟོ་བཞིན་ཡོད་ཀྱང་ཆབ་སྲིད་ཚོགས་པ་ཕྱོགས་གཉིས་ཀྱི་ལངས་ཕྱོགས་མཐུན་གྱི་མེད། བྷ་ཌན་གྱིས་གྲོས་ཚོགས་ཀྱི་དབུ་ཁྲིད་རྣམ་པ་ཕོ་བྲང་དཀར་པོར་ཚོགས་འདུར་ཕེབས་དགོས་པའི་མགྲོན་འབོད་གནང་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
རིང་མིན་འཛམ་གླིང་ནང་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་རྒྱ་གར་ཆཊ་རྒྱུ་ཡིན་པའི་སྐོར་བསོད་ནམས་གཡང་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་གནང་བ་འདིར་གསལ།
ཁེ་ན་ཌའི་བོད་མི་ཚོས་ཁ་བཏཊ་དཀར་པོའི་ལས་འགུལ་སྤེལ་བ། ལ་དྭཊ་སུ་མཚན་ཤས་བཟོ་ཐབས་བྱེད་མཁན་རྣམས་བཀག་སྡོམ་བྱ་རྒྱུ། སྔ་འགྱུར་རྙིང་མའི་གདན་ས་རྣམ་གྲོལ་གླིང་དབུ་བརྙེས་ནས་ལོ་ ༦༠ འཁོར་བ། ཨ་རིའི་གཞས་པ་ཞིག་གིས་རྒྱ་གཞུང་ཆེད་དུ་ཨ་རིའི་ནང་ཆབ་སྲིད་ཤུཊ་རྐྱེན་སྤེལ་བ། ཡུག་ཀེ་རན་གྱི་འཁྲབ་སྟོན་ཚོཊ་པ་ཞིག་ཐེ་ཝན་དུ་འབྱོར་བ།
དེང་སྐབས་ཧྥི་ལི་ཕིན་གྱི་ནུབ་མཚོ་ཁའི་རྒྱུད་ལ་ཨ་རི་དང་ལོ་འཁོར་མཉམ་འབྲེལ་དམག་སྦྱོང་བྱེད་བཞིན་ཡོད་པ་དང་། ཧྥེ་ལི་ཕིན་གྱི་སྲིད་འཛིན་མར་ཁོ་སི་དང་ཨ་མི་རི་ཀའི་གཞུང་ཚབ་ཀྱིས་དམག་སྦྱོང་ལ་གཟིགས་ཞིབ་གནང་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཀུན་གླེང་གསར་འགྱུར། དེ་རིང་གི་ཀུན་གླེང་གསར་འགྱུར་དུ་སྲིད་སྐྱོང་གི་དབྱིན་ཡུལ་གྱི་མཛད་འཆར། ལྷོ་ཀོ་རི་ཡ་དང་ཨ་རིའི་གྲོས་མཐུན། དབྱིན་ཇིའི་རྒྱལ་པོ་ཁྲི་སྟོན་གྲ་སྒྲིག རྒྱ་ནག་གི་ལས་མེད་གཞོན་ནུ་ཚོས་གསོལ་འདེབས། ཨ་རི་དང་ཧྥི་ལི་པིན་གཉིས་ཀྱི་མཉམ་འབྲེལ་ལོ་འཁོར་དམག་སྦྱོང་། རྒྱ་དཀར་ནག་གི་ཐུག་འཕྲད་གྲོས་མོལ་སོགས་ཡོད།
བོད་དང་རྒྱལ་སྤྱིའི་གསར་འགྱུར་སྙིང་བསྡུས། ཉི་ཧོང་དུ་བོད་དང་ཡུ་གུར། ལྷོ་སོག། ཧོང་ཀོང་བ་བཅས་ཀྱི་མཉམ་འབྲེལ་གསལ་བསྒྲཊ། ཧྥ་རན་སིར་རྒན་ཡོལ་ལོ་ཚད་སྤར་བར་ངོ་རྒོལ། སུའུ་ཌན་གྱི་འཁྲུག་འཛིང་བར་ནས་ཨ་རིའི་མི་སེར་སྐྱོབ་རྒྱུར་སྔོན་འགྲོའི་གྲ་སྒྲིག།
མང་སྣོན།