རྒྱ་ནག་གཞུང་གིས་ལྷོ་སོག་པོའམ་ནང་སོག་ཏུ་སོག་པོའི་སྐད་ཡིག་ལ་བཀག་སྡོམ་དང་རིག་གཞུང་རྩ་གཏོར་གཏོང་བཞིན་ཡོད་པ་རེད་ཅེས་ལྷོ་སོག་པོའི་སྐུ་ཚབ་ཞིག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གདོད་མའི་མི་རིཊ་ཀྱི་གནད་དོན་གླེང་སའི་གླེང་སྟེགས་ཐོག་སྙན་སེང་ཞུས་འདུག་པའི་སྐོར་བསོད་ནམས་དབྱངས་འཛོམས་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
ཀུན་གླེང་གསར་འགྱུར། ༢༠༢༣ ཟླ་༤ ཚེས་༢༡ དེ་རིང་གི་གསར་འགྱུར་ནང་༧གོང་ས་མཆོག་གིས་རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་ཐོག་བཀའ་སློབ་སྩལ་བ་དང་། རྒྱལ་སྲུང་དྲུང་ཆེས་སི་ཝེ་ཌན་ལ་འཚམས་གཟིགས། ཏུར་ཀིའི་འོས་བསྡུའི་ཁྲོད་ཀྱི་ཆབ་སྲིད། ཡུག་ཀེ་རན་གྱི་དམག་འཁྲུག ཧྥ་རན་སི་དང་རྒྱ་ནག སོག་པོའི་སྐད་ཡིག་གི་གནས་སྟངས་སོགས་ཡོད།
ཨ་རིའི་རྒྱལ་སྲུང་དྲུང་ཆེ་སི་ཝེ་ཌན་དུ་ཕེབས་ནས་སི་ཝེ་ཌན་གྱི་རྒྱལ་སྲུང་དྲུང་ཆེ་དང་མཇལ་འཕྲད་གནང་བ་དེ་ནི། རྒྱལ་ཁབ་དེ་བཞིན་ནུབ་ཆིངས་སྒྲིག་འཛུཊ་སུ་ཞུགས་རྒྱུའི་རྒྱབ་སྐྱོར་མཚོན་ཆེད་ཡིན་པའི་སྐོེར་བསོད་ནམས་དབྱངས་འཛོམས་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
ཉིན་ཤས་སྔོན་ལ་ཨུ་རུ་སུའི་གྲོས་ཚོགས་ཌུ་མ་ཡིས་དམག་མི་གསར་པ་བསྡུ་རྒྱུའི་ཁྲིམས་འཆར་གསར་པ་མོས་མཐུན་དང་སྲིད་འཛིན་པུ་ཊིན་གྱིས་ས་རྟགས་བརྒྱབ་ནས་ཁྲིམས་གསར་པ་བཟོས་པར་བརྟེན། ཐོ་ནང་ཚུད་པའི་སྐྱེས་པ་ཚོ་དམག་ནས་གཡོལ་ཐབས་མེད་པ་ལྟ་བུ་བཟོས་ཡོད་པའི་སྐོར་གྱི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
ལི་ཐུ་ཡེ་ནི་ཡ་རུ་དམག་ལ་ངོ་རྒོལ་བྱེད་མཁན་ཨུ་རུ་སུའི་སྐྱབས་བཅོལ་བ་སྟོང་ཕྲག་མང་པོ་འབྱོར་ཡོད་པ་དང་། ཁྱིམ་མཚེས་རྒྱལ་ཁབ་བྷེ་ལ་རུ་སིའི་སྐྱབས་བཅོལ་བ་ཚོ་ཡང་འབྱོར་ཡོད་པའི་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་གནས་ཚུལ་ཞིག་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཐེ་ཝན་དམངས་ཁྲོད་དུ་ཛ་དྲག་གནས་སྟངས་ཀྱི་སྦྱོང་བརྡར་འཚོགས། བོད་མིའི་ངལ་རྩོལ་ཐོབ་ཐང་རྡོག་རོལ་སྐོར་བློ་ཚབ། རྒྱ་གར་གྱི་རྒྱལ་སྤྱིའི་ཚོགས་འདུ་འཚོག་ཡུལ་ཐད་ཁྱིམ་མཚེས་ཀྱིས་དགག་བྱ། རྒྱ་གར་ནང་སྲིད་བློན་ཆེན་གྱི་ཏ་དབང་བསྐོར་སྐྱོད་ལ་སྐྱོན་བརྗོད།
ཨ་མེ་རི་ཀའི་སྲིད་འཛིན་བྷ་ཌན་གྱིས་རང་གི་ཡབ་མེས་ཀྱི་ཕ་ཡུལ་ཨེ་ཨེར་ལན་དུ་བསྐོར་སྐྱོད་ལ་ཕེབས་པའི་སྐབས་སུ' ཡུལ་དེའི་རྒྱལ་ཁབ་ཀྱི་སྲིད་བློན་དང་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་ཡོད་པའི་སྐོར་གྱི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་སྲིད་སྐྱོང་གིས་ལྡི་ལིར་ཡོད་པའི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་སུ་༧གོང་ས་མཆོག་ལ་མཚན་ཤས་བཟོ་རྒྱུ་མཚམས་འཇོག་དགོས་གལ་གསུངས་པ་དང་། བྷ་ཌན་གྱིས་ཨེ་ཨེར་ལན་ལ་འཚམས་གཟིགས། བྱང་ཀོ་རི་ཡའི་འཕུར་མདེལ། ཨ་རིའི་གསང་བའི་ཡིག་ཆ་དང་། དྲུང་ཆེས་ཝེ་ཊི་ནེམ་ལ་འཚམས་གཟིགས་གནང་འཆར་སོགས་ཡོད།
རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་གྱི་ས་མིང་ལ་ལན་འདེབས། རྒྱ་ནག་གི་སྲིད་འཛིན་ལ་བཟི་སྨན་བཀག་དགོས་པའི་སྐུལ་མ་བྱས་པ། ཨ་རི་དང་ལྷོ་ཀོ་རི་ཡའི་དམིགས་བསལ་སྐུ་ཚབ་མཇལ་འཕྲད། ལེ་བ་ནོན་ནས་ཨི་སི་རེལ་ལ་མེ་ཤུགས་འཕུར་མདའ་འཕངས་པ།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་འདུ་དང་། ཕྱི་སྲིད་དྲུང་ཆེ་ནུབ་ཆིངས་ཀྱི་ཚོགས་འདུར་མཉམ་ཞུགས། ཛེ་ལེན་སི་ཀེས་པོ་ལན་དུ་འཚམས་གཟིགས། ཐེ་ཝན་སྲིད་འཛིན་གྱི་ཨ་རིའི་ནང་གི་མཇལ་འཕྲད། ཧྥ་རན་སི་དང་ཡུ་རོབ་འགོ་ཁྲིད་ཀྱིས་རྒྱ་ནག་ལ་འཚམས་གཟིགས་གནང་བ་སོགས་ཡོད།
ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནཱི་བྷི་ལིན་ཁེན་ལཊ་ཀྱིས་ཧྥིན་ལན་ཌི་ནུབ་ཆིངས་ཁོངས་སུ་ཞུགས་ཟིན་པར་བརྟེན། ཧྥིན་ལན་ཌིར་སྲུང་སྐྱོབ་ཐོབ་རྒྱུ་མ་ཟད། ཨུ་རུ་སུའི་བཙན་ཤེད་འགོག་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་པ་གསུངས་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་གནང་བ་འདིར་འཁོད་ཡོད།
ཨ་མི་རི་ཀའི་རྒྱལ་ཡོངས་མཁའ་དབྱིངས་ལྟེ་གནས་ཁང་གིས་མཁའ་དབྱིངས་འཕུར་སྐྱོད་པ་ཁག་གཅིག་ཟླ་བའི་གོ་ལར་འགྲུལ་བཞུད་བྱེད་རྒྱུ་གསལ་བསྒྲགས་བྱས་པ་དེ་ནི་མི་ལོ་ལྔ་བཅུའི་རྗེས་སུ་ཐེངས་དང་པོ་དང་མིའི་རིགས་ཀྱི་ལོ་རྒྱུས་ཆ་ནས་གལ་ཆེན་ཞིག་ཆགས་རྒྱུ་ཡིན་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
བདུན་ཕྲག་འདིར། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་དམངས་གཙོའི་ཚོགས་ཆེན་འཚོགས་པའི་སྐབས་སུ་ཨ་མི་རི་ཀས་འཛམ་གླིང་ཡོངས་ལ་དམངས་གཙོ་གོང་འཕེལ་གཏོང་ཆེད་ཨ་སྒོར་ས་ཡ་༦༩༠ འཕར་མ་གཏང་རྒྱུའི་ཁས་ལེན་གནང་ཡོད་པའི་སྐོར་གྱི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་གནང་བ་འདིར་འཁོད་ཡོད།
ཀུན་གླེང་གསར་འགྱུར། ༢༠༢༣ ཟླ་༣ ཚེས་༣༡ དེ་རིང་གི་གསར་འགྱུར་ནང་ཨ་རིས་དམངས་གཙོའི་ཚོགས་ཆེན་གོ་སྒྲིག་གནང་བ་དང་། ཡུ་རོབ་ཀྱི་སྒྱོགས་འཁོར་ཡུག་ཀེ་རན་ལ་སླེབས་པ། ཐེ་ཝན་གྱི་སྲིད་འཛིན་གྱིས་ཨ་རིའི་ནང་གཏམ་བཤད་གནང་བ། ཀོ་རི་ཡ་ཕྱེད་གླིང་གི་ཛ་དྲག་གནས་སྟངས། གློག་གི་མོ་ཊའི་གློག་རྫས་ཐོན་སྐྱེད་སོགས་ཀྱི་གསར་འགྱུར་ཡོད།
ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་བདུན་ཕྲག་འདིར་དམངས་གཙོའི་ཚོགས་ཆེན་བསྡུས་ཤིང་རྒྱལ་ཁབ་ ༡༢༠ དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། འཕྲུལ་རིག་ཚོང་ལས་ཁང་བཅས་ཀྱི་སྐུ་ཚབ་གཙོ་བོ་དྲ་རྒྱ་བརྒྱུད་མཉམ་ཞུགས་བྱེད་བཞིན་ཡོད། གཟའ་མིག་དམར་ཉིན་ཡུག་ཀེ་རན་སྐོར་ལ་གླེང་སློང་གནང་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་ཕབ་སྒྱུར་བྱས།
དེ་རིང་ཨ་རིའི་གྲོས་ཚོགས་རྒྱ་ནག་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་བོད་དོན་སྐོར་ལ་ཉན་ཞིབ་འཚོགས་ཡོད་པ་དེའི་སྐོར་གྱི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
དབུས་ཁྲིམས་ཁང་གིས་ཊམ་གྱི་ཁྲིམས་རྩོད་པར། སྲིད་འཛིན་ཟུར་པ་ཊམ་གྱིས་སྒེར་ཉར་བྱས་པའི་གཞུང་གི་གསང་བའི་ཡིག་ཆ་རྣམས་སྤྲོད་དགོས་པའི་བཀའ་བཏང་ཡོད་པ་དང་། ཉེ་ཆར་ཊམ་འཛིན་བཟུང་བྱ་སྲིད་པའི་གླེང་སློང་དང་འབྲེལ་གྱོད་དོན་དེ་བདུན་ཕྲག་འདིར་ཐག་གཅོད་བྱ་རྒྱུའི་རེ་བ་མེད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་ཧར་ཝར་སློབ་ཆེན་གྱིས་གོ་སྒྲིག་བྱས་པའི་བདེ་སྐྱིད་ཚོར་བ་ཞེས་པའི་ཚོགས་འདུར་དབུ་བཞུགས་མཛད་པ་དང་། ཨུ་རུ་སུའི་དམག་འཁྲུག་དང་རྒྱ་ནག ཊིག་ཀྲོག་འགོ་ཁྲིད་ལ་འདྲི་ཞིབ། དངུལ་ཁང་གི་སེམས་ཁྲལ། འཛམ་གླིང་གློ་གཅོང་ཉིན་མོ་སོགས་ཡོད།
ཡུ་རོབ་མཉམ་འབྲེལ་གྱི་ཁོངས་སུ་ལཱ་ཊི་ཝི་ཡ་ནི་ཨུ་རུ་སུའི་མི་རིགས་ཀྱི་མི་འབོར་མང་ཤོས་དེ་ཆགས་ཡོད་པ་དང་རྒྱལ་ཁབ་དེའི་མི་འབོར་གྱི་བརྒྱ་ཆ་༢༥ ཟིན། ཡུག་ཀེ་རན་དམག་འཁྲུག་ལངས་རྗེས་ཁོང་ཚོའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནས་སྟངས་མགོ་མཇུག་ལོག་ཡོད་པའི་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུས།
ཧྥ་རན་སིའི་སྲིད་འཛིན་མེ་ཁོན་མཆོག་ཨ་ཧྥེ་རི་ཀའི་དབུས་ལ་བསྐོར་སྐྱོད་གནང་སྐབས། དབྱེ་ཞིབ་ཡག་སྡུག་གཉིས་ཀ་བྱུང་ཡོད་པ་རེད། འདི་ནི་ཧྥ་རན་སིས་དེང་སང་ཨུ་རུ་སུས་ཡུཀ་རེན་ནང་དམག་འཁྲུག་རྒྱག་བཞིན་པའི་སྐབས་ཨ་ཧྥེ་རི་ཀ་དང་ཡོ་རོབ་ནང་ཤུཊ་རྐྱེན་བཟོ་ཐབས་བྱེད་ཀྱི་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
མང་སྣོན།