ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་དང་། སྲིད་འཛིན་བྷ་ཌན་གྱིས་རྒྱལ་ཚོགས་སུ་གཏམ་བཤད། བོད་ནང་གི་སློབ་གྲྭ་ཁག་ཏུ་བསླབ་གཞི་ཚང་མ་རྒྱ་ཡིག་ཏུ་བསྒྱུར་བཞིན་པ། ཨ་རི་དང་ཨི་རན། རྒྱ་གར་དང་ཁེ་ན་ཌའི་འགལ་ཟླ་སོགས་་ཡོད།
ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་མཉམ་འབྲེལ་རྒྱལ་ཚོགས་རྒྱས་འཛོམས་ཚོགས་ཆེན་གྱི་ཐོག་གསུང་བཤད་ཀྱི་ནང་རྒྱལ་སྤྱིའི་དབུ་ཁྲིད་ཚོར་ཨ་རིའི་འགོ་ཁྲིད་ཀྱི་འཆར་སྣང་དང་། དེང་སྐབས་འཕྲད་བཞིན་པའི་འཛམ་གླིང་གི་དཀའ་རྙོག་དེ་དག་སེལ་ཐབས་སུ་ཕྱོགས་མང་མཉམ་འབྲེལ་གྱི་ཕྱི་འབྲེལ་སྲིད་ཇུས་ཤིག་འཛིན་རྒྱུའི་དགོངས་གཞི་དེ་དག་གསལ་སྟོན་གནང་།
ཐེངས་འདིའི་གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། ཨ་རི་དང་རྒྱ་ནག་གི་འགོ་ཁྲིད་ནིའུ་ཡོག་ཏུ་ཐུག་འཕྲད་བྱས་པ་དང་། རྒྱ་གར་གྱི་ཧིན་རྡིའི་ཆོས་ལུགས་དུས་ཆེན། ལི་བྷ་ཡའི་ནང་གི་ངོ་རྒོལ་བཅས་ཡོད།
སྲིད་འཛིན་བྷ་ཌན་བདུན་འདིར་ནིའུ་ཡོག་ཏུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་དུ་ཕེབས་ཏེ། ཡུག་ཀེ་རན་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་རོགས་རམ་ཤུགས་ཆེ་རུ་གཏོང་རྒྱུ་དང་དུས་མཚུངས། གོ་ལའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་གིས་ཡར་རྒྱས་འཛུགས་སྐྲུན་གྱི་གནད་དོན་སོགས་ལ་དོ་སྣང་ཆེར་སྐྱེད་ཡོང་ཐབས་གནང་རྒྱུ་ཡིན་པ་རེད།
སྲིད་འཛིན་བྷ་ཌན་གྱིས་འབྱོར་ལྡན་རྒྱལ་ཁབ་༢༠ ཡི་དབུ་ཁྲིད་ཚོ་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་དང་ཨུ་ཡུག་དམག་འཁྲུག དེ་བཞིན་མཐུན་ཚོགས་འདིའི་ནང་འཐུས་མི་གསར་འཇུག་བྱ་རྒྱུ་སོགས་ཀྱི་གནད་དོན་ཁག་གི་ཐོག་བཀའ་གྲོས་གནང་རྒྱུའི་ཆེད་དུ་གཟའ་འཁོར་འདིའི་ནང་རྒྱ་གར་ལ་ཕེབས་ཀྱི་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་གྱིས་ཕབ་སྒྱུར་བྱས།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་དབུ་མ་འཇུག་པ་རང་འགྲེལ་གྱི་གསུང་ཆོས་སྩལ་བ་དང་། དྲུང་ཆེ་བྷི་ལིན་ཁེན་གྱིས་ཡུག་ཀེ་རན་དུ་འཚམས་གཟིགས། བྱང་ཀོ་རི་ཡ་དང་ཨུ་རུ་སུའི་འབྲེལ་ལམ། ཨ་ཧྥེ་རི་ཀའི་གནམ་གཤིས་ཚོགས་ཆེན། འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་སོགས་ཡོད།
ད་ལྟའི་སྐབས་འདིར་སྲིད་འཛིན་བྷ་ཌན་དང་སྲིད་འཛིན་ཟུར་པ་ཊམ་གཉིས་དབར་བསྐྱར་དུ་འགྲན་བསྡུར་བྱེད་སྲིད་པའི་རྣམ་པ་ཡོད་ཀྱང་། སྲིད་དོན་ཚོགས་པ་གསུམ་པའི་འོས་མི་འོས་བསྡུའི་ནང་འགྲན་ཞུགས་བྱེད་སྲིད་པའི་སྔོན་བརྡ་བཏང་པ་དེ་ཡིས་ཁོང་གཉིས་དབར་གྱི་འགྲན་བསྡུར་ལ་ཤུགས་རྐྱེན་བྱེད་མིན་གྱི་སྐོར་ནོར་བུ་བསམ་འཕེལ་གྱིས་ཕབ་སྒྱུར་བྱས།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གི་ཐེངས་འདིའི་ལ་དྭགས་མཛད་འཕྲིན་ལེགས་པར་གྲུབ་ནས་ཕྱིར་བཞུགས་སྒར་དུ་ཞབས་སོར་འཁོད་པ་དང་། བཙན་དབང་འོག་གར་སོང་ཆ་མེད་གྱུར་བའི་དུས་དྲན་སྲུང་བརྩི། སྲིད་འཛིན་ཟུར་པ་ཊམ་ལ་ཁྲིམས་བཤེར་གྱི་དུས་ཚེས། སྲིད་འཛིན་འོས་མིའི་ཕྱི་སྲིད་ལངས་ཕྱོགས་སོགས་ཡོད།
རྒྱ་ནག་གིས་ཕྱི་ཟླ་གསུམ་པ་ནས་བཟུང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པའི་ཆེད་སྒོ་ཆ་ཚང་ཕྱེ་ཡོད་ཀྱང་དེང་སང་རྒྱ་ནག་གི་ནང་ཡུལ་སྐོར་བའི་གྲངས་འབོར་དེ་ནི་ཏོག་དབྱིབས་ནད་ཡམས་སྔོན་གྱི་དུས་སྐབས་ཀྱི་གྲངས་འབོར་གྱི་ཟུར་ཆ་ཙམ་ཞིག་མ་གཏོགས་ཡོང་མཁན་མེད་པའི་སྐོར། ནོར་བུ་བསམ་འཕེལ་ལགས་ཀྱིས་ཕབ་སྒྱུར་བྱས་ཡོད།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་བོད་ནང་གི་གཏན་འཇགས་སློབ་གྲྭ་ཚུགས་མཁན་དང་འབྲེལ་བའི་རྒྱ་ནག་དཔོན་རིགས་ལ་ཨ་རིས་ཐོངས་མཆན་ཝི་ས་བཀག་སྡོམ་དང་། བོད་རིགས་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ། ཡུག་ཀེ་རན་ལ་འཐབ་འཛིང་གནམ་གྲུ་F-16 ཅན། ཉི་ཧོང་གི་རྡུལ་ཕྲན་ཆུ་སྙིགས། ཨ་རིའི་སྲིད་འཛིན་འོས་མིའི་རྩོད་བསྡུར་སོགས་ཡོད།
ཨ་མི་རི་ཀ་དང་ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་རྒྱལ་ཁབ་གསུམ་གྱི་དབུ་ཁྲིད་རྣམས་ཀྱིས་མངའ་ཁུལ་གྱི་དཀའ་རྙོག་དུས་རིང་ཕྱོགས་གསུམ་གཅིག་སྒྲིལ་གྱི་བརྡ་ལན་ཞིག་བྱེད་རྒྱུའི་ཁས་ལེན་གྱི་ཐོག་ནས་རྒྱལ་ཁབ་གསུམ་མཉམ་འབྲེལ་གྱི་མཐུན་ཚོགས་ཤིག་གསར་འཛུགས་གནང་ཡོད་པའི་སྐོར་ལ་ནོར་བུ་བསམ་འཕེལ་གྱིས་ངོ་སྤྲོད་བྱས་ཡོད།
དེ་རིང་གི་གསར་འགྱུར་ནང་དུ་ལ་དྭགས་སུ་༧གོང་ས་མཆོག་ལ་གསོལ་སྟོན་འདེགས་འབུལ་དང་། རྒྱ་གར་རང་བཙན་ཉིན་མོ། ཧི་མ་ཅཱལ་གྱི་ཆར་ཞོད་གོད་ཆག་ལ་ཐུགས་གསོ། ཨ་རིའི་ཧ་ཝ་ཡེ་མངའ་སྡེ་རུ་མེ་སྐྱོན་དང་། རྒྱ་ནག་གི་དཔལ་འབྱོར་ཉམས་ཏེ་ལས་མེད་ཇེ་མང་དུ་ཕྱིན་པ། ཨ་རིའི་སྲིད་འཛིན་ཟུར་པར་ཉེས་འཛུགས་བྱས་པ་ལ་སོགས་པའི་སྐོར་ཡོད།
ནེ་ཇེར་ཡུལ་ནང་གཞུང་སྲིད་བཙན་འཕྲོག་གི་དཀའ་རྙོག་འདི་སེལ་ཐབས་སུ་ནུབ་ཕྱོགས་ཨ་ཧྥེ་རི་ཀའི་ཡུལ་ཁག་དཔལ་འབྱོར་མཐུན་ཚོགས་ཀྱིས་འབད་བརྩོན་བྱེད་བཞིན་པའི་སྐབས་འདིར་གཞུང་སྲིད་བཙན་འཕྲོག་བྱེད་མཁན་ཀྱི་འགོ་ཁྲིད་ཀྱིས་སྲིད་འཛིན་ནེ་ཇོམ་ལ་ཁྲིམས་འཛུགས་བྱེད་རྒྱུའི་ཉེན་བརྡ་བཏང་ཡོད་པའི་སྐོར།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བཞུགས་སྒར་དྷ་རམ་ས་ལར་བོད་ཀྱི་འགྲེམས་སྟོན་ཁང་གི་ས་ཁྲ་འགྲེམས་སྟོན་དང་། ཀིརྟི་རིན་པོ་ཆེའི་འཁྲུངས་སྐར་ལ་ཕ་ཡུལ་དུ་དམ་དྲག བོད་ཀྱི་གཞོན་ལྷན་གྱི་འགན་འཛིན་ལྷན་ཚོགས་ལ་དྭགས་སུ་འཚོག་བཞིན་པ། ཉི་ཧོང་དུ་རྡུལ་ཕྲན་འབར་གས་དུས་དྲན་སྲུང་བརྩི་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་སྲིད་འཛིན་ཟུར་པ་ཊམ་ནི་བསྐྱར་དུ་ཁྲིམས་ཁང་ལ་འབོད་འགུག་བྱས་པ་དང་། ༧གོང་ས་མཆོག་གིས་ལ་དྭགས་སུ་ལྷ་སའི་ཁ་ཆེ་དང་། ཏོག་ས་ཁུལ་གྱི་མི་དམངས་ལ་མཇལ་ཁ་བཀའ་སློབ་སྩལ་བ། མཉན་ཡོད་དུ་བཙུན་མའི་དབྱར་གནས་འཚོག་བཞིན་པ། ཨུ་རུ་སུ་དང་ཡུག་ཀེ་རན་གྱི་དམག་འཁྲུག་སོགས་ཡོད།
དེང་སྐབས་ཨ་རིའི་ནང་AMགློག་རླབས་ཀྱི་རླུང་འཕྲིན་ཁང་རིམ་པར་ཇེ་ཉུང་དུ་ཕྱིན། འདས་པའི་ལོ་ངོ་བཅུ་ཕྲག་གི་རིང་རྒྱང་སྲིང་ཁང་ཁག་གིས་ AMགློག་རླབས་ཀྱི་ཚབ་ལ་ཁྱབ་ཚད་ཆེ་བའི་གློག་རླབས་ FM གྱི་ཐོག་རྒྱང་སྲིང་བྱེད། ཉེ་ཆར་འགྲུལ་འཁོར་བཟོ་གྲྭ་འགའ་ཞིག་གིས་འགྲུལ་འཁོར་གྱི་ནང་AM རླུང་འཕྲིན་མེད་པ་བཟོ་རྒྱུའི་འཆར་གཞི་བཏིང་།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་དབུ་འཛུགས་དང་། བྷེལ་ཇེམ་གྱི་གཟའ་མཇུག་སློབ་གྲྭའི་སྐོར་སྐྱོད་ཟབ་སྦྱོང་། བྱང་ཨ་རིའི་ལག་ཏུ་ཤོར་བའི་ཨ་རིའི་དམག་མིའི་བདེ་དོན། ཡུག་ཀེ་རན་གྱི་འབྲུ་རིགས་སྐྱེལ་འདྲེན་གནད་དོན། ཨ་རིའི་རྒྱལ་སྲུང་སྔོན་རྩིས་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ནུབ་ཆིངས་སྒྲིག་འཛུགས་ཀྱི་ཚོགས་ཆེན་སྐབས་འདིར་ཡུག་ཀེ་རན་ཁོངས་སུ་འཇུག་རྒྱུའི་འཆར་གཞི་གཏན་འབེབ་དང་། སི་ཝེ་ཌན་གྱི་ཁོངས་མིའི་གནད་དོན་ཐག་ཆོད། ༧གོང་ས་མཆོག་གིས་ལ་དྭགས་སུ་བོད་དུ་ཕེབས་འཆར་གྱི་གསུང་བཤད་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་མཇལ་མོལ་སོགས་ཡོད།
ཨ་རིའི་ནོར་སྲིད་དྲུང་ཆེ་ཇཱེ་ནེ་ཊི་ ཡེ་ལེན་གྱིས་རྒྱ་ནག་ལ་ཉིན་བཞིའི་གཞུང་འབྲེལ་འཚམས་གཟིགས་དེ་མཇུག་སྒྲིལ་གནང་ཡོད་པ་དང་། ཁོང་གིས་འཚམས་གཟིགས་འདིའི་དུས་རིང་དཔལ་འབྱོར་གྱི་གནད་དོན་དང་རྒྱ་ནག་གི་གསང་མྱུལ་ལྒང་ཕུག དེ་བཞིན་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་གནད་དོན་ཐད་གྲོས་མོལ་གནང་ཡོད།།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་ནང་རང་བཙན་ཉིན་མོ་སྲུང་བརྩི་དང་། རྒྱ་ནག་གི་ནོར་སྲིད་དྲུང་ཆེ་རྒྱ་ནག་ཏུ་ཕེབས་རྒྱུ། ༧གོང་ས་མཆོག་གིས་བརྐྱངས་ཕྱག་མཇལ་སྐོར་བར་མཇལ་ཁ། ཐེ་ཝན་དུ་འཁྲུངས་སྐར་སྔ་བསྣུར་སྲུང་བརྩི། རྗེ་མི་ལ་རས་པའི་ཐང་ག་འགྲེམས་སྟོན། འཛམ་གླིང་དཀྱིལ་ཤར་ས་ཁུལ་གྱི་དཀའ་རྙོག་སོགས་ཡོད།
མང་སྣོན།